ས་སྐྱ་ལེགས་བཤད། ༼༡༧༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༡༧༽
ས་སྐྱ་ལེགས་བཤད། ༼༡༧༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/9/30ལྟ་ཀློག (5146)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༡༧༽

ཁོང་མཛངས་བསོད་ནམས་བསགས་པའི་མི། །

གཅིག་པུ་ཡིན་ཡང་ཀུན་ལས་རྒྱལ། །

རི་དྭགས་རྒྱལ་པོ་སེང་གེ་དང་། །

འཁོར་ལོས་བསྒྱུར་ལ་གྲོགས་མི་དགོས། །

           ཐབས་མཁས་དང་བསོད་ནམས་ཀྱི་བསགས་རྒྱབ་སྟེ་མངའ་ཐང་དང་ལྡན་པའི་མི་ཞིག་ཡིན་ན། གྲོགས་མེད་གཅིག་པུར་གནས་ཀྱང་ཀུན་ལས་རྣམ་པར་རྒྱལ་བ་དེ་བསྟན་པ་ཡིན། །

           ཁོང་མཛངས་པ་སྟེ་ཐབས་ལ་མཁས་ཤིང་། སྔོན་བསགས་ཀྱི་བསོད་ནམས་དང་ལྡན་པའི་མི་ཞིག་ཡིན་ན། འཁོར་གཡོག་དཔོན་གཉེན་སོགས་མེད་པ་གཅིག་པུ་ཡིན་ཡང་། མི་མཐུན་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་ཡིན་ཏེ། དཔེར་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་གྲོགས་གཞན་མི་དགོས་པ་བཞིན་ནོ། ཞེས་པའོ། །

       

           འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་གྲོགས་མི་དགོས་པའི་ཚུལ་ནི། སྔོན་གྱི་བསོད་ནམས་ཀྱི་སྟོབས་ཀྱིས་རིན་ཆེན་སྣ་བདུན་དང་ལྡན་པས་ཏེ།   རིན་ཆེན་བདུན་ནི། ༡ འཁོར་ལོ་རིན་པོ་ཆེ། ༢ ནོར་བུ་རིན་པོ་ཆེ། ༣ བཙུན་མོ་རིན་པོ་ཆེ། ༤ བློན་པོ་རིན་པོ་ཆེ། ༥ གླང་པོ་རིན་པོ་ཆེ། ༦ རྟ་མཆོག་རིན་པོ་ཆེ། ༧ ཁྱིམ་བདག་རིན་པོ་ཆེ་རྣམས་སོ།

           དེ་ལ་འཁོར་ལོ་རིན་པོ་ཆེ་ནི་རྒྱུ་གསེར་ལས་བྱས་ཤིང་། རྩིབས་སྟོང་དང་ལྡན་པ། རྒྱར་དཔག་ཚད་ལྔ་བརྒྱ་ཡོད་པ། མགར་བས་མ་བྱས་པ། ཉི་མ་ལྟར་ནམ་མཁའ་ལ་འགྲོ་བ། གང་ལ་བསམ་པ་ཐམས་ཅད་འཁོར་ལོ་དེའི་མཐུས་གྲུབ་པ་ཞིག་གོ །


           ནོར་བུ་རིན་པོ་ཆེ་ནི། འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་པས་དཔག་ཚད་བརྒྱའི་བར་དུ་མཚན་མོའང་ཉིན་མོ་བཞིན་དུ་སྣང་བར་བྱེད་པ། ཚ་བའི་ཚེ་བསིལ་བར་བྱེད་ཅིང་། གྲང་བའི་ཚེ་འོད་ཀྱིས་དྲོ་བར་བྱེད་པ། ནོར་བུ་དེ་གང་དུ་གནས་པའི་སར། ནད་དང་དུས་མ་ཡིན་པའི་འཆི་བ་རྣམས་མི་འབྱུང་བ། རྒྱལ་པོའི་ཡིད་ལ་གང་བསམ་ཐམས་ཅད་ནོར་བུ་དེའི་མཐུ་ལས་བྱུང་བ་ཞིག་གོ །


           བཙུན་མོ་རིན་པོ་ཆེ་ནི། རྒྱལ་རིགས་སུ་སྐྱེས་པ། ཧ་ཅང་མི་རིང་མི་ཐུང་བ། ཧ་ཅང་མི་སྦོམ་མི་སྐེམ་པ། གཟུགས་མཛེས་པ། ཚུལ་དུ་ཤེས་པ། ལྟ་ན་སྡུག་པ། ལུས་ལ་ཙན་དན་དང་ག་བུར་ལ་སོགས་པའི་དྲི་བཟང་གི་ངད་དང་། ཁ་ནས་ཨུཏྤལ་བའི་དྲི་བཟང་འབྱུང་བ། གང་དུ་གནས་པའི་གླིང་དེར་བཀྲེས་སྐོམ་དང་མྱ་ངན་མེད་པ། ལུས་ལ་རེག་པ་ཙམ་གྱིས་བདེ་བའི་མཆོག་སྟེར་ཞིང་། ལུས་ཀྱི་ནད་དང་ཉོན་མོངས་ཐམས་ཅད་ཞི་བར་བྱེད་པ། བུད་མེད་ཀྱི་སྐྱོན་དང་བྲལ་ཞིང་ཡོན་ཏན་ཐམས་ཅད་དང་ལྡན་པ། གླིང་དེར་གནས་པའི་སྐྱེ་བོ་ཐམས་ཅད་ཀྱི་མ་ལྟ་བུ། ཡོན་ཏན་མང་པོ་དང་ལྡན་པ་ཞིག་གོ །


           བློན་པོ་རིན་པོ་ཆེ་ནི། སྐྱེ་བོ་གཞན་ལ་མི་འཚེ་ཞིང་། ཆོས་མ་ཡིན་པ་ཐམས་ཅད་སྤངས་པ། འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ལ་མཁས་ཤིང་སྐྱོ་ངལ་མེད་པ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་ལ་གང་བསམས་པ་ཐམས་ཅད་སྨྲ་མི་དགོས་པར་ཤེས་ནས་སྒྲུབ་པར་བྱེད། ལྷག་པར་དུ་དཔུང་ཚོགས་ཡན་ལག་བཞི་གང་དུ་འགྲོ་བ་དང་། ལྡོག་པ་དང་གནས་པའི་བྱ་བ་ཐམས་ཅད་ལ་དབང་བསྒྱུར་ཞིང་མཁས་པ། མདོར་ན་རྒྱལ་པོའི་བྱ་བ་ཐམས་ཅད་བྱེད་པ་ཞིག་གོ །


           གླང་པོ་རིན་པོ་ཆེ་ནི། རྒྱལ་པོས་བསྒོ་བ་ན་ཉི་མ་གཅིག་ལའང་འཛམ་གླིང་ལན་གསུམ་འཁོར་བ། ལུས་ལས་དྲི་ཞིམ་པོའི་ངད་འབྱུང་བ། ཅང་ཤེས་སྐུད་པ་ཙམ་གྱིས་ཀྱང་དཀྲི་བར་ནུས་པ། འགྲོ་བའི་ཚེ་བཞོན་པ་པོའི་ལུས་མི་འཁྲུག་པ། སྲོག་ཆགས་གཞན་ལ་གནོད་པ་མི་བྱེད་པར་དལ་གྱིས་འགྲོ་བ། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ལས་རྒྱལ་བར་བྱེད་པ་ཞིག་གོ །


           རྟ་མཆོག་རིན་པོ་ཆེ་ནི། ཅང་ཤེས་བཞིན་པ་པོ་གནོད་པ་ཐམས་ཅད་ལས་སྲུང་བ། ལུས་ལ་ནད་སོགས་སྐྱོན་མེད་ཅིང་། ཉི་མ་གཅིག་ལ་འཛམ་གླིང་ལན་གསུམ་འཁོར་བ། བཞོན་པ་པོ་ལུས་མི་འཁྲུག་ཅིང་། ཀུན་གྱི་ཡིད་དུ་འོང་བ་ཞིག་གོ །


           ཁྱིམ་བདག་རིན་པོ་ཆེ་ནི། རིན་ཆེན་ཐམས་ཅད་ཀྱིས་རྒྱལ་པོའི་བང་མཛོད་འགེངས་ཤིང་། འབྱོར་པ་ཤིན་ཏུ་རྒྱ་ཆེ་བ། ནམ་ཡང་མི་ཉམས་པར་བརྟན་པ། གཡོ་སྒྱུ་དང་བྲལ་ཞིང་གཞན་ལ་མི་འཚེ་བ། མཐོང་བ་ཙམ་གྱིས་ཡིད་རབ་ཏུ་དགའ་བར་འགྱུར་བ་ཞིག་གོ །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
libp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41310614
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1