མི་ཉག་མགར་ཐར་ཡུལ་གྱི་ཁུ་ཀྱུ་དཔོན་ཚང་གི་ཤུལ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མི་ཉག་མགར་ཐར་ཡུལ་གྱི་ཁུ་ཀྱུ་དཔོན་ཚང་གི་ཤུལ།
མི་ཉག་མགར་ཐར་ཡུལ་གྱི་ཁུ་ཀྱུ་དཔོན་ཚང་གི་ཤུལ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/1ལྟ་ཀློག (2455)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཁུ་ཀྱུ་དཔོན་ཚང་གི་ཤུལ།

ཁམས་པའི་འཛུམ་རིས།

         ཁུ་ཀྱུ་དཔོན་ནི། ཤའུ་གཤིས་པའི་སྨད་ཕྱོགས་ཀྱི་དཔོན་ཚང་ཡིན། སྔོན་ཁུ་ཀྱུ་དཔོན་བསྟན་པ་ཞེས་པར་སྲིང་མོ་བདུན་ཡོད་པ་སྐབས་དེའི་དུད་ཁྱིམ་ཆེ་བ་མང་པོར་མནའ་མ་སོང་བ། དཔེར་ན་རྟའུ་མ་བུ་བ་དང་། དར་མདོའི་ཞབས་པ་ཨ་ཀྱ་ཚང་། སོག་རག་གི་དཔོན་ཚང་སོག་བཟའ་ཚང་། དཔལ་སྨད་ཀྱི་དཔོན་ཚང་། རྨུ་འཛི་གཤིས་པ། ས་ལྕམ་དུ་འགྲོ་ང་ཁང་རྒན་ཚང་། ཚ་ཉག་སྟོད་པའི་གཉེར་པ་ཚང་སོགས་ལ་ཕྱིན་པའི་རིགས་རྒྱུད་ཆེས་མང་ཞིང་། ཁྱད་པར་དུ་བླ་སྤྲུལ་མང་དུ་བྱུང་བ་མགར་ཐར་སྐུ་བཅར་བློ་བཟང་རབ་རྒྱས། ར་ཤལ་སྤྲུལ་སྐུ་ཉི་ཟླ་སྙིང་པོ། ར་ཤལ་སྤྲུལ་སྐུ་པདྨ་འགྱུར་མེད། ཉན་ཤུལ་རྒྱལ་ཁོ། ཉན་ཤུལ་རྒྱལ་དབང་ཉི་མ། དཔལ་རི་སྤྲུལ་སྐུ་ཉན་ཤུལ་མཁྱེན་རབ་འོད་གསལ། བྲག་ཡབ་སྐྱབས་མགོན། མི་ཉག་འགི་བ་ཁ་བའི་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན། ད་ལྟ་ཀ་བཞི་དགོན་གྱི་གྲྭ་པ་མི་ཉག་ཞི་བདེ་དགོན་ཆེན་གྱི་མཁན་པོ་ཡིད་བཞིན་འཇིགས་མེད། སྤྲུལ་སྐུ་བློ་བཟང་རྒྱལ་མཚན་སོགས་མང་དུ་བྱུང་བ་དང་། དེའི་མི་རྒྱུད་རྣམས་མགར་ཐར་དང་། རྟའུ། ལྷ་ས། རྒྱ་གར། རོའུ་ཧྲུ། ས་ལྕམ། དཔལ་སྨད། དཔལ་ཡུལ་གྲོང་མགོ  སོག་རག  ཀོ་རོ་མ། ཚ་ཉག་བ། ཤ་འུ་གཤིས་སོགས་གར་སར་ཁྱབ་ཡོད་ཅིང་། ཁྱིམ་ཤུལ་དངོས་ནི། ཁུ་ཀྱུ་པུག་པུག་གི་བུ་ཚེ་དབང་མགོན་པོ་སོགས་ད་ལྟ་ཀོ་རོ་མའི་ཤོག་ཁར་ཡོད་དོ། །ཁང་ཤུལ་ནི། ལུང་པ་འདིའི་མདའ་ལ་ཆུ་མདའ་ཞེས་ཆུ་གསུམ་གྱི་འདུས་མདོའི་ཕར་ཁའི་རི་འདབས་དེ་ཡིན་ཞིང་། ད་ལྟ་དེ་ན། སྤྱི་ལོ༡༩༧༠སྐོར་ལ་ཚ་ཉག་རྒྱ་ཚོགས་ཚང་ཞེས་པའི་གནས་བཅས་ཏེ། འདྲ་བ་ཚེ་དབང་བསྟན་འཛིན་ཚང་དང་། དེ་ལས་མཆེད་པའི་ཁྱིམ་ཚང་འགའ་གནས་སོ། །ཁྱིམ་ཚང་དེ་ར་ཤལ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་གར་དབང་དོན་གྲུབ་ཅེས་པའི་འཁྲུངས་ཁང་ཡིན་ནོ། །

༼  ཉན་ཤུལ་འཇམ་དབྱངས་གྲགས་པའི་གསུང་རྩོམ་ལས་དྲངས། ༽


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41332890
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1