ས་སྐྱ་ལེགས་བཤད། ༼༢༥༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༢༥༽
ས་སྐྱ་ལེགས་བཤད། ༼༢༥༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/2ལྟ་ཀློག (23442)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༢༥༽

མཁས་པ་སློབ་པའི་དུས་ན་སྡུག །

བདེ་བར་སྡོད་ལ་མཁས་མི་སྲིད། །

བདེ་བ་ཆུང་ལ་ཆགས་པ་དེས། །

ཆེན་པོའི་བདེ་བ་ཐོབ་མི་སྲིད། །

           འཕྲལ་གྱི་བདེ་བ་ཆུང་ཆུང་ལ་ཆགས་ན་ཕུགས་ཀྱི་བདེ་བ་ཐོབ་པའི་སྐབས་མི་སྲིད་པས། བདེ་བ་འདོད་ན་དཀའ་བ་ཁྱད་དུ་བསད་ནས་དེའི་རྒྱུ་ལ་འབད་དགོས་པར་བསྟན་པ་དེ་ཡིན། །

           དེ་ཡང་བླང་དོར་མ་ནོར་བར་འབྱེད་པའི་བློ་གྲོས་དང་ལྡན་པའི་མཁས་པའི་གོ་འཕང་ཐོབ་པར་བྱེད་པའི་དུས་ན། དེའི་རྒྱུ་ལ་འབད་པའི་དཀའ་སྤྱད་སྡུག་བསྲན་ནུས་པ་ཞིག་དགོས་ཀྱི། དེ་ལས་ལྡོག་སྟེ་ཆང་སྦི་རག་དང་། ཤོ་མཱ་ཅང་སོགས་ལ་ཆགས་ཏེ་བདེ་བར་འདུག་པ་ལ་མཁས་པ་མི་སྲིད་དེ། རྒྱུ་མེད་པས་སོ། དེ་ལྟར་གནས་སྐབས་ཀྱི་བདེ་བ་ཆུང་ངུ་ལ་ཆགས་པ་དེས་ཕུགས་ཀྱི་བདེ་བ་ཆེན་པོ་ཐོབ་པར་མི་ནུས་པས། འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང་གསུངས་པ་ལྟར། འཕྲལ་དུ་ཅུང་དཀའ་ཡང་ཕུགས་བདེ་བའི་རྒྱུ་ལ་འབད་དགོས་པ་ལགས་སོ། །

           འཕྲལ་གྱི་བདེ་བ་ཆུང་ངུ་ལ་ཆགས་པས་ཕུགས་ཀྱི་བདེ་བ་ཆེན་པོ་མི་ཐོབ་པའི་ཚུལ་ནི། སྔར་ལུང་པ་འགའ་ཞིག་ན་བྲམ་ཟེ་རྣམས་གསོལ་སྟོན་གཟབ་རྒྱས་ཟླ་བ་གསུམ་གྱི་རིང་ལ་གཏོང་བའི་སྲོལ་ཡོད་ཅིང་། གསོལ་སྟོན་དེར་འགྲོ་ཆོག་པའི་མགྲོན་ཤོག་གི་ཚོད་དུ། སོ་སོའི་ལག་པར་རྒྱུ་སྦྲང་རྩི་ལས་བྱས་པའི་རྟགས་ཐམ་རེ་བཏབ་སྟེ། ཟླ་བ་གསུམ་གྱི་རིང་ལ་རྟགས་ཐམ་དེ་བསྟན་ནས་གསོལ་སྟོན་ལ་འགྲོ་དགོས་ཀྱི་ཡོད། བྲམ་ཟེ་གཅིག་གིས་འཕྲལ་ཕུགས་ཀྱི་ཁེ་གྱོང་མ་བརྟགས་པར་རྟགསས་ཐམས་གྱི་སྦྲང་རྩིའི་རོ་ལ་ཆགས་ཏེ་དེ་ཟོས་པས། ཟླ་བ་གསུམ་གྱི་གསོལ་སྟོན་བསྐྱལ་བ་ལྟར་རེད། ལོ་ཆུང་གཞོན་ནུ་འགའ་ཞིག་ཀྱང་འཕྲལ་གྱི་རོལ་རྩེད་སོགས་ལ་ཆགས་ཏེ་སློབ་སྦྱོང་ཡག་པོ་མ་བྱས་པར། ཚེ་གང་གི་མདུན་ལམ་ཤོར་བ་ནི་དེ་བས་ཀྱང་བླུན་པ་ལགས་པས། འཕྲལ་གྱི་བདེ་བ་ལ་མ་ཆགས་པར་ཕུགས་ཀྱི་བདེ་ཐབས་ལ་བརྩོན་དགོས་པ་ལགས་སོ། །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41129630
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1