གཡུང་དྲུང་བོན་གྱི་རྒྱལ་མཚན་ཐོབ་པའི་གཞི་བདག་བཞི།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »གཡུང་དྲུང་བོན་གྱི་རྒྱལ་མཚན་ཐོབ་པའི་གཞི་བདག་བཞི།
གཡུང་དྲུང་བོན་གྱི་རྒྱལ་མཚན་ཐོབ་པའི་གཞི་བདག་བཞི།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/2ལྟ་ཀློག (2096)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གཡུང་དྲུང་བོན་གྱི་རྒྱལ་མཚན་ཐོབ་པའི་གཞི་བདག་བཞི།

མགར་རྒྱལ་སྲས།   ༼ཁམས་པའི་འཛུམ་རིས།༽

                དཔལ་ཡུལ་སྟོད་སྨད་སོགས་དེང་སྐབས་ཀྱི་མགར་ཐར་ཡུལ་སྡེ་སྤྱི་ལའང་བོད་ཀྱི་ཡུལ་གྲུ་གཞན་དག་དང་འདྲ་བར་སྔོན་དར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་མྱོང་བ་དང་།  ཁྱད་པར་དུ་བོན་གྱི་མངའ་བདག་དམ་པ་རང་གྲོལ་ཞེས་ཆོས་ཕྱོགས་ནས་རིག་འཛིན་གྱི་གྲུབ་པར་དབུ་བརྙེས་ཤིང་སྲིད་ཕྱོགས་ནས་ཡུལ་ཁམས་འདིའི་མངའ་བདག་ཏུ་གྱུར་པ་གང་དེས་ད་ལྟའི་རྟའུ་དམུ་རྗེ་ཉག་ག་མན་ཆད་དང་མི་ཉག་དཔལ་ལྷ་སྒང་ཡན་ཆད། རྒྱལ་རོང་རོང་བྲག་རྫོང་གི་ཚུན་ཆད་དུ་དབང་བསྒྱུར་བྱས་ཤིང་ཡུལ་གྲུ་འདིའི་སྤྱི་མིང་ལ་དཔལ་ཡུལ་དུ་གྲགས་ཤིང་ཆོས་སྲིད་ཀྱི་མཛད་པ་བསྐྱངས་ཡོད་ཚུལ་སོགས་ནི་ལོ་རྒྱུས་ཡིག་ཚང་འགའ་ལས་གསལ་བ་ལྟར་ལགས་ཤིང་། བོན་གྱི་ལུགས་སྲོལ་ལྟར་སྐྱེས་བུ་དམ་པའི་མཚན་དགོན་པར་ཐོག་པ་གང་མང་ཡོད་པ་ལྟར་དམ་པ་གང་དེའི་མཚན་དགོན་པར་ཐོགས་པ་དམ་པ་རང་གྲོལ་དགོན་ཞེས་དུས་འགྱུར་དང་སྲིད་དབང་འཕྲོག་རེས་སོགས་ཀྱི་དབང་གིས་ད་ལྟའི་དཔལ་སྨད་གྲོང་བརྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་བསྐྱོད་པའི་མཚམས་ཀྱི་གཡོན་ཕྱོགས་སུ་ལྗོན་ཤིང་ནགས་ཚལ་ཚང་ཚིང་འཁྲིགས་པ་དབལ་སྲས་ལ་ཞེས་པའི་རི་བོ་ཉམས་དགའ་བ་ཞིག་ཡོད་པ་དེའི་རི་སྐེད་ཅིག་ན་ཆགས་ཡོད་པ་འདི་ག་ལགས་ཤིང་།  དགོན་པ་འདི་ནི་ཡུལ་ཁམས་འདིའི་ལོ་རྒྱུས་ཆེས་རིང་ཤོས་ཤིག་ཡིན་པ་ནི་བསྙོན་དུ་མེད་ནའང་།  གོས་སྨོས་ལྟར་དགོན་འདི་ཉིད་ཀྱི་གདན་ས་ལ་འགྱུར་ལྡོག་མང་པོ་བྱུང་བས་དེང་སྐབས་རྗེས་དཔག་བློ་ཡིས་གཞལ་ནས་ལོ་རྒྱུས་རེ་འབྲི་ན་མ་གཏོགས་ངག་རྒྱུན་དང་བཤད་སྲོལ་ཙམ་རེ་ཡིག་ཐོག་ཏུ་བཀོད་ཡོད་པ་ཙམ་ལས་དོན་དངོས་ཀྱི་ལོ་རྒྱུས་ཤིག་ནི་དུས་སྐབས་སོ་སོའི་སྨྱུག་ཐོགས་པ་དག་གིས་ཡིག་རིས་སུ་ཕབ་མ་མྱོང་བའམ་ཡང་ན་དུས་དང་སྐབས་གང་རུང་ཞིག་ནས་ནུབ་ཟིན་སོགས་གང་ཡིན་ཆ་མ་འཚལ་རུང་གང་ལྟར་ད་ལྟ་བདག་ཅག་གི་མཐོང་ཆོས་ཀྱི་ཡུལ་དུ་མ་གྱུར་པ་ནི་ལོ་རྒྱུས་ཀྱི་རིན་ཐང་ངོས་ནས་བཤད་ན་ཅི་འདྲའི་གྱོང་གུན་ཆེ་བ་ལ་ཨང་།

ཡུལ་ཁམས་འདིར་བོན་གྱི་བསྟན་པ་དར་བའི་སྐབས་སུ་གཡུང་དྲུང་བོན་གྱི་རྒྱལ་མཚན་ཐོབ་པའི་གཞི་བདག་བཞི་ཞེས་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཤིང་། དེ་དག་ནི་ཀ་ར་རྡོ་རྗེ་རྒྱལ་མཚན་དང་། ཉ་ར་གཡུང་དྲུང་རྒྱལ་མཚན། ལུག་གདོང་ཁྲོ་བོ་རྒྱལ་མཚན། ལ་ཁྲ་རྟ་ཁྲ་རྒྱལ་མཚན་བཅས་བཞིའོ། །



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41331946
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1