བོད་བཙན་པོའི་རིམ་བྱོན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ལོ་རྒྱུས།» བོད་ཀྱི་རྒྱལ་རབས། »བོད་བཙན་པོའི་རིམ་བྱོན།
བོད་བཙན་པོའི་རིམ་བྱོན།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/3ལྟ་ཀློག (44037)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བོད་བཙན་པོའི་རིམ་བྱོན།

རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།།

རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།

རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།

རང་གིས་ནུས་པའི་སྲི་ཞུ་ཅུང་ཟད་སྒྲུབ།།

མཁས་དབང་དགེ་འདུན་ཆོས་འཕེལ།


༼1༽དམུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ། 

         དེ་ཡང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཇི་ལྟར་བྱོན་ཚུལ་ལའང་བཤད་ཚུལ་མི་འདྲ་བ་དུ་མ་ཡོད། ཡུམ་བུ་ལྷ་ཁང་གི་དཀར་ཆག་ལས་སྤོ་བོའི་ཡུལ་ན་བྱ་མོ་བཙུན་བྱ་བའི་མངལ་ནས་ཐེའུ་བྲང་སྤུན་དགུ་སྐྱེས་པའི་ཆུང་མཐའ་ཨུ་བེ་ར་བྱ་བ། བཞིན་གྱི་དཀྱིལ་འཁོར་ལེགས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་སྤྱུགས་ཏེ་བོད་དུ་བྱོན་པའི་ཚེ། བོད་རྣམས་རྗེ་བོ་འཚོལ་བ་དང་བྱང་ལམ་གཡའ་ལེ་གོང་དུ་འཕྲད་པ། དེ་དག་གི་གཏམ་དྲིས་པས་ན། ང་སྤོ་བོའི་ཡུལ་ནས་འོངས། ད་བོད་ལ་འགྲོ་ཞེས་བཤད་པ་ལ། འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་ཟེར། དེ་ན་རེ། ང་ནུས་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་སྤུགས་པ་ཡིན་ཟེར། འོ་ན་ཁྱོད་ཀྱིས་བོད་རྗེ་ཨེ་ནུས་བྱས་པས། ཁྱོད་རང་རྣམས་ཀྱི་གཉའ་བར་ཁྲི་ལ་བཏེགས་ཅིག། མཐུ་སྟོབས་རྫུ་འཕྲུལ་གྱིས་གདོན་མི་ཟ་ཟེར་བ་དང་། དེར་བོད་འབངས་རྣམས་ཀྱིས་ཇི་ལྟར་གསུངས་པ་བཞིན་གཉའ་བར་བཏེགས་ནས་རྗེ་ཁུར་བས་མཚན་ཡང་གཉའ་ཁྲི་བཙན་པོར་ཐོགས་སོ་ཟེར།

         གཉའ་ཁྲི་བཙན་པོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་བཙན་པོ་དང་པོ་དེ་ཡིན་ཞིང་། བཙན་པོ་དེའི་སྐུ་དུས་སུ་རྗེ་ཡི་རྒྱལ་ཆས་སྤྲས་པའི་སྲོལ་དེ་དར་བ་ཙམ་མ་ཟད། ཕ་ཤུལ་བུ་འཛིན་གྱིས་རྒྱལ་རྒྱུད་འཛིན་པའི་སྲོལ་ཡང་དར། སྣུབས་རྗེ་སྲིད་པའི་རྒྱལ་ཕྲན་འབངས་སུ་འདུས། ཡུལ་ཡར་ལུང་དུ་ཕོ་བྲང་ལ་སྔ་བ་ཡུམ་བུ་བླ་སྒང་བཞེངས། བཙན་པོ་དེ་ཡི་དུས་སུ་བོན་ཆོས་དར་ཁྱབ་ཆེ། བོན་པོ་རྣམས་ཀྱིས་ཨུ་བེ་ར་བཙན་པོར་མངའ་གསོལ། མཐར་བོན་པོ་རྣམས་ཀྱི་ཆབ་སྲིད་དང་། དཔལ་འབྱོར་གྱི་ཁེ་ཕན་དང་ཡོངས་སུ་མཚོན་མི་ཐུབ་པར་བརྟེན་སུམ་པའི་བོན་པོ་ཨོ་ལོང་གིས་བཙན་པོ་བཀྲོངས་སོ། གཉའ་ཁྲི་བཙན་པོ་དང་ཡུམ་གནམ་མུག་མུག་གི་སྲས་སུ་མུ་ཁྲི་བཙན་པོ་འཁྲུངས།


༼2༽བཙན་པོ་མུ་ཁྲི་བཙན་པོ།

         མུ་ཁྲི་བཙན་པོ་ནི། (མུག་ཁྲི་བཙན་པོ་ཞེས་པའང་སྣང་།) གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཡིན་ཞིང་།ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་གནམ་མུག་མུག་གམ་མུ་ཚོ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། བོན་གྱི་ལོ་རྒྱུས་ལྟར་ན། བཙན་པོ་འདིས་གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུང་རབ《མདོ་འབུམ་རྒྱུད་མཛོད》སོགས་པོ་ཏི་མང་པོ་བསྒྱུར་སྐད། དེ་ཡང་། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ་ཞེས་དུས་དེའི་སྐབས་སུ་བོད་ལ་ཡི་གེ་ཡོད་པ་གསུངས་སྐད། མུ་ཁྲི་བཙན་པོ་ནི་བོད་དུ་གཡུང་དྲུང་གི་བོན་དར་རྒྱས་མཛད་མཁན་གཙོ་བོ་ཡིན་ཞིང་། བོན་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཆེན་པོ་བྱེད། སྐུ་གཤེན་ཅོའུ་ལན་ཚས་མཛད། ས་དིང་དིང་མའམ་ས་སྨན་ཏིང་ཏིང་མ་ཁབ་ཏུ་བཞེས་པར་སྲས་དིང་ཁྲི་བཙན་པོ་འཁྲུངས།

༼3༽བཙན་པོ་དིང་ཁྲི་བཙན་པོ།

         དིང་ཁྲི་བཙན་པོ། བོད་རྒྱལ་གསུམ་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་དིང་དིང་གཉིས་ཀྱི་སྲས། སྐུ་གཤེན་ཅོའུ་སྨིན་དཀར་གྱིས་བྱས། གསས་མཁར་ཁོ་མ་ཡོངས་རྩེ་བཞེངས། སོ་ཐམ་ཐམ་མ་ཁབ་ཏུ་བཞེས་པར་སྲས་སོ་ཁྲི་བཙན་པོ་འཁྲུངས།

4༽བཙན་པོ་སོ་ཁྲི་བཙན་པོ།

         སོ་ཁྲི་བཙན་པོ། བོད་རྒྱལ་བཞི་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་ཐམ་ཐམ་གཉིས་ཀྱིས་སྲས། སྐུ་གཤེན་ཅོའུ་འོད་དཀར་གྱིས་བྱས། གསས་མཁར་དགུ་ར་དགུ་འཁྱུད་བཞེངས། དོག་མེར་མེར་རམ་སེ་བཟའ་སྨན་མོ་ཁབ་ཏུ་བཞེས་པར་སྲས་མེར་ཁྲི་བཙན་པོ་འཁྲུངས།

༼5༽ བཙན་པོ་མེར་ཁྲི་བཙན་པོ། 

         མེར་ཁྲི་བཙན་པོ། བོད་རྒྱལ་ལྔ་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་སོ་ཁྲི་བཙན་པོ་དང་ཡུམ་དོག་མེར་མེར་གཉིས་ཀྱིས་སྲས། སྐུ་གཤེན་ཅོའུ་ཤང་ས་དཀར་གྱིས་བྱས། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། གདགས་ལྷ་དཀར་མོའམ་དར་བཟའ་མ་ཁབ་ཏུ་བཞེས་པར་སྲས་གདགས་ཁྲི་བཙན་པོ་འཁྲུངས།

༼6༽བཙན་པོ་གདགས་ཁྲི་བཙན་པོ།

         གདགས་ཁྲི་བཙན་པོ། བོད་རྒྱལ་དྲུག་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་མེར་ཁྲི་བཙན་པོ་དང་ཡུམ་གདགས་ལྷ་དཀར་མོའི་སྲས། སྐུ་གཤེན་ཅོ་ན་མི་ཆེན་གྱིས་བྱས། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། བཙན་པོ་འདིའི་རིང་བོད་ཀྱི་ཡི་གེ་བྱུང་བར་བཞེད་མཁན་ཡང་ཡོད། སྲིབས་ལྷ་སྔོན་མོའམ་སྨན་ཁྲི་ཕྱུག་མོ་ཁབ་ཏུ་བཞེས་པ་སྲས་སྲིབས་ཁྲི་བཙན་པོ་འཁྲུངས།

༼7༽བཙན་པོ་སྲིབ་ཁྲི་བཙན་པོ།

         སྲིབས་ཁྲི་བཙན་པོ། བོད་རྒྱལ་བདུན་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་གདགས་ཁྲི་བཙན་པོ་དང་ཡུམ་སྲིབས་ལྷ་སྔོན་མོའི་སྲས། ས་བཙུན་རླུང་རྗེའམ་ས་བཙུན་ཀླུ་རྗེ་ཁབ་ཏུ་བཞེས། མུ་ཁྲི་བཙུན་པོ་ནས་སྲིབས་ཁྲི་བཙུན་པོའི་བར་དུ་གསང་སྔགས་ཀྱི་བོན་རྣམས་དང༌། ཁྱད་པར་དུ་སྤྱི་སྤུངས་ཀྱི་བོན་རྣམས་དར་ཞིང་རྒྱས་པ་བྱུང༌། དེ་དུས་བླ་ན་རྒྱལ་ཆེ། གོང་ན་གཤེན་གཉན། བར་ན་ཁྲིམས་དམ། འོག་ན་འབངས་སྐྱིད་དེ་ལུགས་གཉིས་ཟུང་འཇུག་གི་འཕྲིན་ལས་དར་ཞིང་རྒྱས་སྐད། འདི་ཡན་གདུང་རབས་བདུན་རྣམས་འདྲ་སྟེ་སྲས་ཆིབས་ཁ་ཐུབ་པ་ན་ཡབ་རྨུ་ཐག་ལ་འཇུས་ནས་གནམ་དུ་གཤེགས་པས་པུར་དང་བང་སོ་མེད་པར་གྲགས།

༼8༽བཙན་པོ་གྲི་གུམ་བཙན་པོ།      

         བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ནི(དྲི་གུམ་བཙན་པོ་ཞེས་པའང་སྣང)བར་རམ་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ཡུམ་ལ་བཞེད་ཚུལ་མི་མཐུན་པ་མང་པོ་འདུག་ཀྱང་། རྒྱལ་རབས་ཆོས་འབྱུང་སོགས་གཞུང་མང་ཆེ་བའི་ནང་འདི་ཉིད་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་རླུང་རྗེའི་སྲས་ཡིན་ཞེས་འཁོད་ཡོད།རྒྱལ་པོ་འདིའི་སྐུ་དུས་སུ་གོ་ཁྲབ་རལ་གྲི་ཐོག་མར་དར་ཞེས་གྲགས། སྐུ་གཤེན་ཅོའུ་ཚེམས་དཀར་གྱིས་མཛད། གསས་མཁར་ས་ལེ་བྱེལ་ཚང་བཞེངས།གྲི་གུམ་བཙན་པོ་ནི(དྲི་གུམ་བཙན་པོ་ཞེས་པའང་སྣང)བར་རམ་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཡིན་ཞིང་། ཡོངས་གྲགས་ཀྱི་རྒྱལ་རབས་ཆོས་འབྱུང་མང་ཆེ་བའི་ནང་འདི་ཉིད་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་རླུང་རྗེའི་སྲས་ཡིན་ཞེས་འཁོད་རུང་། ལོ་རྒྱུས་ཡིག་ཚང་འགར་འདི་ཉིད་ཡབ་ཁྲི་སྤེ་བཙན་པོ་དང་ཡུམ་སྨན་ཁྲི་ཕྱུག་མོ་གཉིས་ཀྱི་སྲས་དང་། གནམ་གྱི་ཁྲི་བདུན་གྱི་ཐ་མ་ཡིན་པར་གསུངས། འདི་ཉིད་ཐོག་མར་འཁྲུངས་སྐབས་མ་མས་མཚན་འདོགས་ཉེས་ཤོར་ཏེ་གྲི་གུམ་བཙན་པོ་ཞེས་བཏགས།

༼9༽བཙན་པོ་སྤུ་དེ་གུང་རྒྱལ།

         སྲིབ་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ་ཡིན་པ་དང་ཁོང་གི་སྲས་སྤུ་དེ་གུང་རྒྱལ་ཡིན། ཁོང་རྣམས་ལ་སྟོད་ཀྱི་སྟེང་གཉིས་གྲགས།སྤུ་དེ་གུང་རྒྱལ་ནི་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས།མཚན་གཞན་ལ་བྱ་ཁྲི་བཙན་པོ་ཡང་ཟེར།

༼10༽ཐོ་ལེགས་བཙན་པོ། ཨེ་ཤོ་ལེགས།

༼11༽ཤོ་ལེགས་བཙན་པོ། དེ་ཤོ་ལེགས།

༼12༽གོར་བུ་ལེགས་བཙན། ཐི་ཤོ་ལེགས།

༼13༽འབྲོ་ཞི་ལེགས་བཙན། གོང་རུ་ལེགས།

༼14༽ཐི་ཤོར་ལེགས་བཙན། འབྲོང་ཞི་ལེགས།

༼15༽ཨི་ཤོརལེགས་བཙན།

         ཟ་ནམ་ལེགས། བོད་རྒྱལ་གྱི་གདུང་རབས་དགུ་པ་སྤུ་དེ་གུང་རྒྱལ་བྱ་ཁྲི་བཙན་པོ་དང་ཡུམ་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་སུ་སའི་ལེགས་དྲུག་གི་ཐོག་མ་ཨེ་ཤོ་ལེགས་སྤྱི་ལོའི་དུས་རབས་དང་པོའི་དཀྱིལ་ཙམ་ལ་འཁྲུངས་ཤིང་།ཨེ་ཤོ་ལེགས་དང་རྨུ་ལྕམ་བྲ་མ་གཉིས་ཀྱི་སྲས་སུ་དེ་ཤོ་ལེགས་འཁྲུངས་ཤིང་ཀླུ་སྨན་མེར་མོ་ཁབ་ཏུ་བཞེས།སྐུ་གཤེན་མི་མོ་ཆུང་ལ་མཛད་ཅིང་གསས་མཁར་ཁོ་མ་ཡང་རྩེ་བཞེངས།ཁོང་གཉིས་ཀྱི་སྲས་སུ་ཐི་ཤོ་ལེགས་འཁྲུངས་ཤིང་བཙུན་མོ་གུར་སྨན་ཁབ་ཏུ་བཞེས།སྐུ་གཤེན་འཛིན་བོན་ཁོག་དེས་མཛད།གསས་མཁར་ས་ལེ་བང་བང་བཞེངས།ཁོང་གཉིས་ཀྱི་སྲས་སུ་གུ་རུ་ལེགས་འཁྲུངས་ཤིང་བཙུན་མོ་མཚོ་སྨན་འབྲོང་མ་ཁབ་ཏུ་བཞེས།སྐུ་གཤེན་མཚེས་པ་གནམ་འདུལ་གྱིས་མཛད།གསས་མཁར་རིན་ཆེན་ཟུར་མང་བཞེངས།ཁོང་གཉིས་ཀྱི་སྲས་སུ་འབྲོང་ཞི་ལེགས་འཁྲུངས་ཤིང་བཙུན་མོ་གནམ་སྨན་བུ་མོ་ཁབ་ཏུ་བཞེས། སྐུ་སྲུང་ལྷ་བོན་ཡེ་གཤེན་བདུད་འདུལ་གྱིས་མཛད།ཁོང་གཉིས་ཀྱི་སྲས་སུ་ཨི་ཤོ་ལེགས་འཁྲུངས་ཤིང་བཙུན་མོ་རྨུ་ལྕམ་སྨད་ལེགས་ཁབ་ཏུ་བཞེས།ཅེས་གོང་གསལ་གྱི་བཙན་པོ་དྲུག་གི་དུས་སུ་སྤུར་ས་ལ་ལུས་པས་མིང་ལའང་ས་ལ་ལེགས་དྲུག་ཐོགས།

༼16༽བཙན་པོ་ཟྭ་གནམ་ཟིན་ལྡེ།

         བོད་རྒྱལ་བཅུ་དྲུག་པ་ཟ་ནམ་ཟིན་ལྡེ་ནི་ཨི་ཤོ་ལེགས་དང་རྨུ་ལྕམ་སྨད་ལེགས་གཉིས་ཀྱི་སྲས་ཏེ། བོད་རྒྱལ་བཅུ་དྲུག་པ་སྟེ་རྒྱལ་པོ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན།ཟ་ནམ་ཟིན་ལྡེ་ནི། ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ཨི་ཤོ་ལེགས་དང་ཡུམ་རྨུ་ལྩམ་རྨང་ལེགས་གཉིས་ཀྱི་སྲས་སུ་འཁྲུངས། ཞང་ཞུང་གཡུང་དྲུང་རྒྱལ་པོས་སྐུ་བོན་མཛད། མཚོ་སྨན་ཁྲི་དཀར་ཁབ་ཏུ་བཞེས་པར་སྲས་ལྡེ་འཕྲུལ་ནམ་གཞུང་བཙན་འཁྲུངས།

༼17༽བཙན་པོ་ལྡེ་འཕྲུལ་ནམ་གཞུང་བཙན།

         ལྡེ་འཕྲུལ་ནམ་གཞུང་བཙན་ནི(འཕྲུལ་ནམ་གཞུང་བཙན་ལྡེ་ཞེས་པའང་སྣང)ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ཟ་ནམ་ཟིན་ལྡེ་དང་ཡུམ་མཚོ་སྨན་ཁྲི་དཀར་གྱི་སྲས་སུ་འཁྲུངས། ཞང་ཞུང་མཚོ་མི་ཀུན་སྣང་གིས་སྐུ་བོན་མཛད། སེ་གཉན་མེར་མོའམ་བསེ་གཉན་མང་མོ་ཁབ་ཏུ་བཞེས་པར་སྲས་སེ་སྣོལ་ནམ་ལྡེ་འཁྲུངས།  བོད་རྒྱལ་བཅུ་བདུན་པ་ལྡེ་འཕྲུལ་ནམ་གཞུང་བཙན་ནི་དུས་རབས་དང་པོའི་ནང་ཡབ་རྒྱལ་པོ་ཟ་ནམ་ཟིན་ལྡེ་དང་། ཡུམ་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་འཁྲུངས། ཞང་ཞུང་མཚོ་མི་ཀུན་སྣང་གིས་སྐུ་བོན་མཛད། གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་བསེ་གཉན་མེར་མོ་ཁབ་ཏུ་བཞེས། སེ་སྣོལ་ནམ་ལྡེ་སྲས་སུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། ཆུ་ཡི་ལྡེ་བརྒྱད་ལས་ལྡེ་གཉིས་པ་ཡིན། མཚན་གཞན། འཕྲུལ་ནམ་གཞུང་བཙན་ལྡེ།

༼18༽བཙན་པོ་ལྡེ་གོལ།

         སེ་སྣོལ་ནམ་ལྡེ་ནི།(སེ་སྣོལ་གནམ་ལྡེ་ཞེས་པའང་སྣང)ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ལྡེ་འཕྲུལ་ནམ་གཞུང་བཙན་དང་ཡུམ་སེ་གཉན་མེར་མོའི་སྲས་སུ་འཁྲུངས། ཀླུ་མོ་མེར་མོའམ་ཀླུ་ཐང་མེར་མོ་ཁབ་ཏུ་བཞེས་པར་སྲས་སེ་སྣོལ་པོ་ལྡེ་འཁྲུངས།བོད་རྒྱལ་བཅོ་བརྒྱད་པ་སེ་སྣོལ་ནམ་ལྡེ་ནི་ཡབ་ལྡེ་འཕྲུལ་ནམ་གཞུང་བཙན་དང་ཡུམ་སེ་གཉན་མེར་མོའི་སྲས་སུ་འཁྲུངས། རྒྱལ་པོ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན།

༼19༽བཙན་པོ་གནམ་ལྡེ་རྣོལ་ནམ།      

         ལྡེ་སྣོལ་ནམ་ནི། (གནམ་ལྡེ་རྣོལ་ནམ་ཞེས་པའང་སྣང)ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་སེ་སྣོལ་པོ་ལྡེ་དང་ཡུམ་འོ་བཟའ་ཏེ་མོ་མཚོའི་སྲས་སུ་འཁྲུངས། ཞང་ཞུང་ཨ་ལ་དན་ཅིས་སྐུ་བོན་མཛད། ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས་པར་སྲས་ལྡེ་སྣོལ་པོ་འཁྲུངས།ཁོང་ནི་བོད་རྒྱལ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ལ། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་སེ་སྣོལ་པོ་ལྡེ་དང་། ཡུམ་འོ་བཟའ་རི་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ཨ་ལ་ནན་ཅིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྡེ་སྣོལ་པོ་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ལ་བཏབ།

༼20༽བཙན་པོ་བསེ་རྣོལ་པོ།

         ལྡེ་སྣོལ་ནམ་ནི། (གནམ་ལྡེ་རྣོལ་ནམ་དང་བསེ་རྣོལ་པོ་ཞེས་མཚན་གྲགས)ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་སེ་སྣོལ་པོ་ལྡེ་དང་ཡུམ་འོ་བཟའ་ཏེ་མོ་མཚོའི་སྲས་སུ་འཁྲུངས། ཞང་ཞུང་ཨ་ལ་དན་ཅིས་སྐུ་བོན་མཛད། ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས་པར་སྲས་ལྡེ་སྣོལ་པོ་འཁྲུངས།ཁོང་ནི་བོད་རྒྱལ་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ལ། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་སེ་སྣོལ་པོ་ལྡེ་དང་། ཡུམ་འོ་བཟའ་རི་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ཨ་ལ་ནན་ཅིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྡེ་སྣོལ་པོ་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ལ་བཏབ།

༼21༽བཙན་པོ་ལྡེ་རྣོལ་པོ།

         ལྡེ་སྣོལ་པོ་ནི། (བསེ་ལྡེ་རྣོལ་པོ་ཞེས་པའང་སྣང)ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ལྡེ་སྣོལ་ནམ་དང་ཡུམ་ཁྲི་སྨན་རྗེ་མའི་སྲས་སུ་འཁྲུངས། ཞང་ཞུང་དར་མ་ཧ་རིས་སྐུ་བོན་མཛད། ས་བཙུན་གཉན་རྗེའམ་ཁྲི་བསེ་བཙུན་གཉན་མོ་ཁབ་ཏུ་བཞེས་པར་སྲས་ལྡེ་རྒྱལ་པོ་འཁྲུངས། ཁོང་ནི་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ལྡེ་སྣོལ་ནམ་དང་ཡུམ་ཁྲི་སྨན་རྗེ་མའི་སྲས། ཞང་ཞུང་དར་མ་ཧ་རིས་སྐུ་བོན་བྱས། ས་བཙུན་སྙན་རྗེའམ་ཁྲི་སེ་བཙུན་གཉན་མོ་ཁབ་ཏུ་བཞེས།

༼22༽བཙན་པོ་ལྡེ་རྒྱལ་པོ།

         ལྡེ་རྒྱལ་པོ་ནི། ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ཞིང་། ཡབ་ལྡེ་སྣོལ་པོ་དང་ཡུམ་ས་བཙུན་གཉན་རྗེའི་སྲས་སུ་འཁྲུངས། ཞང་ཞུང་ད་ས་ཧ་རིས་སྐུ་བོན་མཛད། སྨན་བཙུན་ལུག་སྐོང་ངམ་སྨན་བཙུན་ལུང་གོང་ཁབ་ཏུ་བཞེས་པར་སྲས་ལྡེ་སྲིན་བཙན་འཁྲུངས།ཁོང་ནི་ལྡེ་བརྒྱད་ཀྱི་ཡ་གྱལ་ཡིན་ལ། ཁོང་ནི་སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་ཡབ་ལྡེ་སྣོལ་པོ་དང་། ཡུམ་ས་བཙུན་སྙན་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་བོན་ནི་ཞང་ཞུང་ད་ས་ཧ་རིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་སྨན་བཙུན་ལུང་གོང་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྡེ་སྤྲིན་བཙན་སྐུ་འཁྲུངས། ཁོང་གི་བང་སོ་ཆུ་བོའི་གཞུང་ལ་བཏབ།

༼23༽བཙན་པོ་ལྡེ་སྤྲིན་བཙན།

༼24༽བཙན་པོ་རྒྱལ་ཏོ་རེ་ལོང་བཙན།

༼25༽བཙན་པོ་ཁྲི་བཙན་ནམ།

༼26༽བཙན་པོ་ཁྲི་སྒྲ་དཔུང་བཙན།

༼27༽བཙན་པོ་ཁྲི་ཐོག་བཙན་པོ།

༼28༽བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན།

༼29༽བཙན་པོ་ཁྲི་སྙ་ཟུང་བཙན། ཁྲི་གཉན་གཟུང་བཙན།

 

༼30༽བཙན་པོ་འབྲོ་གཉེན་ལྡེ་རུ།

   

༼31༽བཙན་པོ་སྟག་བུ་སྙ་གཟིགས།

༼32༽བཙན་པོ་གནམ་རི་སྲོང་བཙན།

         གནམ་རི་སྲོང་བཙན་ནི། (གནམ་རི་སློན་བཙན་ནམ་སློན་བརྩན་རླུང་ནམ་ཞེས་པའང་སྣང)བོད་རྒྱལ་སོ་གཉིས་པ་ཡབ་སྟག་རི་གཉན་གཟིག་དང་ཡུམ་སྟོང་བཙུན་འབྲོ་དཀར་གྱི་སྲས་སུ་ས་སྟག(558)ལོར་འཁྲུངས་སྐད། དབས་སྣང་བཞེར་དང་། ཚེ་སྤོང་ན་གནག་སེར། ཉང་ཙེང་གུ་རྣམས་ཀྱིས་བློན་པོ་བྱས་པ་དང། གཙོའི་བོན་པོ་ཁྲི་ཁྱུང་གྲགས་པས་སྐུ་བོན་བྱས། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས།


༼33༽ཆོས་རྒྱལ་སྲོང་བཙན་སྒམ་པོ།      

         ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྟེ་རྒྱལ་བོ་གནམ་རི་སྲོང་བཙན་དང་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་མེ་མོ་གླང་སྤྱི་ལོ༦༡༧ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་བཞེས་པའི་ས་གླང་སྤྱི་ལོ༦༢༩ལོར་བོད་ཀྱི་རྒྱལ་པོའི་ཁྲི་ལ་བཀོད། པོ་ཏ་ལའི་རི་ལ་ཕོ་བྲང་བཞེངས། བལ་བཟའ་ཁྲི་བཙུན་ཁབ་ཏུ་བསུས་ཤིང་དགུང་ལོ་ཉེར་ལྔ་བ་ལྕགས་གླང་སྤྱི་ལོ༦༤༡ལོར་རྒྱ་བཟའ་ཀོང་ཇོ་བཙུན་མོར་བླངས། དེ་ནས་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་།  ར་མོ་ཆེའི་གཙུག་ལག་ཁང་རྣམ་གཉིས་བཞེངས། རྒྱལ་པོ་ཁོང་གི་སྐུ་རིང་ལ་བོད་ཀྱི་ཡི་གེའི་སྲོལ་བཏོད། སངས་རྒྱས་ཀྱི་དམ་ཆོས་བོད་ཡི་ཏུ་བསྒྱུར། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་གཏན་ལ་ཕབ་པ་དང་། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་མངོན་པར་བཞེངས་ནས་བོད་ཀྱི་རྒྱལ་སྲིད་ལེགས་པར་བསྐྱངས། ཕྱིའི་རིག་གནས་ནང་འདྲེན་སྒོས་བོད་ཡུལ་གྱི་ཆབ་དཔལ་རིག་གསུམ་གོང་འཕེལ་དུ་བཏང་། མཐར་སྤྱི་ལོ་༦༥༠ལོར་དགོངས་པ་རྫོགས། 

སྲོང་བཙན་གྱི་མཛོད་རྗེས།

         ༼ ༡ ༽  བོད་ཡོངས་གཅིག་གྱུར་བྱས་པ།

         ༼ ༢༽ བོད་དུ་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་། ཁྲིམས་སྲོལ་གཏན་ལ་ཕབ་པ།

         ༼༣༽ ད་ལྟའི་བོད་ཡིག་གསར་གཏོད་མཛད་པ།

         ༼ ༤༽ བཙུན་མོ་ཆེ་ཆུང་ཁབ་ཏུ་བཞེས་པའི་སྐོར།

         ༼ ༥༽ བོད་དུ་སངས་རྒྱས་བསྟན་པའི་སྲོལ་གཏད་པ།

༼34༽བཙན་པོ་གུང་སྲོང་གུང་བཙན།

༼35༽བཙན་པོ་མང་སྲོང་ནང་བཙན།    

༼36༽འབྲོ་བཟའ་ཁྲི་མ་ལོད།  

༼37༽འདུས་སྲོང་མང་རྗེ།

༼38༽བཙན་པོ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ།ཁྲི་གཙུག་ལྡེ་བཙན།       

         བོད་རྒྱལ་ཞེ་གཅིག་པ་ཁྲི་གཙུག་ལྡེ་བཙན་ནི་མེ་ཁྱི་སྤྱི་ལོ806ལོར་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ལྷ་རྒྱལ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། སྐྱིད་རྟགས་ལོ་དང་པོ་ཤིང་ལུག་སྤྱི་ལོ815ནས་སྲིད་དབང་བཟུང་ཞིང་། ལྕགས་བྱ་སྤྱི་ལོ841བར་སྲིད་བསྐྱངས། བཙུན་མོ་ཅོག་རོ་དཔལ་གྱི་ངང་ཚུལ་དང་། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཁབ་ཏུ་བཞེས་ཀྱང་སྲས་མ་འཁྲུངས་པར་གྲགས་ལ། འགའ་རེས་འོད་སྲུངས་ཁོང་གི་སྲས་སུ་བཤད་པ་ཡོད། འབྲོ་སུམ་རྗེ་སྟག་སྣང་དང་། སྦས་མང་རྗེ་ལྷ་ལོད། བན་ཆེན་པོ་དཔལ་གྱི་ཡོན་ཏན། ཞང་ཁྲི་གཞུང་རམ་ཤགས་བཅས་ཀྱིས་བློན་པོ་བྱས། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་ལྷ་ཁང་བཞེངས།

༼39༽ཁྲི་སྲོང་ལྡེ་བཙན།

༼40༽མུ་ནེ་བཙན་པོ།

༼41༽ཁྲི་ལྡེ་སྲོང་བཙན་སད་ན་ལེགས།མུ་ཏིག་བཙན་པོ།

 

༼42༽ཁྲི་གཙུག་ལྡེ་བཙན་རལ་བ་ཅན།

༼43༽འུ་དུམ་བཙན་པོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45482309
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1