ས་སྐྱ་ལེགས་བཤད། ༼༢༦༽
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༢༦༽
ས་སྐྱ་ལེགས་བཤད། ༼༢༦༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/3ལྟ་ཀློག (1569)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༢༦༽

བློ་དང་ལྡན་ན་ཉམ་ཆུང་ཡང་། །

སྟོབས་ལྡན་དགྲ་བོས་ཅི་བྱར་ཡོད། །

རི་དྭགས་རྒྱལ་པོ་སྟོབས་ལྡན་ཡང་། །

རི་བོང་བློ་དང་ལྡན་པས་བསད། །


           རང་ལ་ལུས་ཀྱི་སྟོབས་དང་མི་ལྡན་ཡང་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པ་ཞིག་ཡིན་ན། སྟོབས་ལྡན་དགྲ་བོས་མི་ཚུགས་པར་མ་ཟད། ཕར་འདུལ་ནུས་པ་དེ་བསྟན་པ་ཡིན། །

           དེ་ཡང་ཕ༷ས་རྒོ༷ལ་འདུལ་བའི་རྣམ་དཔྱོད་ཀྱི་བློ་གྲོས་དང་ལྡན་པ་ཞིག་ཡིན་ན། རང་ཉིད་ལུས་ཉམ་ཆུང་ཡང་། ལུས་སྟོབས་ལྡན་ལ་རྣམ་དཔྱོད་དང་བྲལ་བའི་དགྲ་བོས་ཅི་བྱས་ཡོད་དེ། གནོད་པར་མི་ནུས་ཏེ། དཔེར་ན། རི་དྭགས་རྒྱལ་པོ་སེང་གེ་གླང་པོ་ཆེའི་མགོ་བོ་སྦར་མོས་འཇོམས་པར་ནུས་པའི་སྟོབས་དང་ལྡན་ཡང་། རི་བོང་བློ་དང་ལྡན་པས་བསད་པར་གྲགས་པ་བཞིན་ནོ། ཞེས་པའོ། །༼ཕས་རྒོལ་སྟེ་ཕ་རོལ་གྱི་དགྲ་བོར་བརྗོད།༽


           དེ་ཡང་སྔར་རི་བོང་དང་སེང་གེ་གཉིས་མཉམ་དུ་གནས་པ་ན། སེང་གེ་ང་རྒྱལ་ཆེ་བས། རི་བོང་ལ་རྟག་ཏུ་བརྙས་ཐབས་བྱས་པས། ཁོ་བསུན་ཏེ་འདུལ་བའི་ཐབས་བསམ་སྟེ་སེང་གེ་ལ། ཇོ་བོ་ཁྱེད་དང་འདྲ་བ་ཞིག་གིས། ང་དང་སྟོབས་འགྲན་ན་དེ་ཟད་གྱི། གལ་ཏེ་ང་དང་སྟོབས་འགྲན་པར་མ་ནུས་ན། ངའི་བྲན་ཡིན་ཞེས་བརྗོད་ཀྱིན་འདུག་བྱས་པས། སེང་གེ་ང་རྒྱལ་ཆེ་བས། དེ་གང་ན་འདུག  ད་ལྟ་རང་སྟོབས་འགྲན་པར་འགྲོའོ་ཞེས་བརྗོད་པས། རི་བོང་གིས། བསྟན་དུ་ཡོད་དོ་ཞེས་སྨྲས་ཏེ། ཁྲོན་པ་གཏིང་རིང་ཞིག་གི་ཁར་ཁྲིད་པས། ཁོས་མར་ལྟ་སྐབས། ཁོ་རང་གི་གཟུགས་བརྙན་མཐོང་སྟེ། མཚེ་གཙིགས་རལ་དཀྲུགས་བྱས་པས། ཁོས་ཀྱང་དེ་ལྟར་བྱས་བྱུང་བས། ཤིན་ཏུ་ཁྲོས་ཏེ་དེའི་ཐོག་མཆོངས་པས་ཤི་བར་གྲགས་པ་བཞིན་ནོ། །



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14600668
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号