ས་སྐྱ་ལེགས་བཤད། ༼༢༨༽
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 7 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» ལེགས་བཤད། »ས་སྐྱ་ལེགས་བཤད། ༼༢༨༽
ས་སྐྱ་ལེགས་བཤད། ༼༢༨༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/8ལྟ་ཀློག (1433)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ས་སྐྱ་ལེགས་བཤད། ༼༢༨༽

ངེས་པར་འགྲུབ་དགོས་བྱ་བ་འགའ། །

མ་གྲུབ་པ་ནས་དཔྱོད་པའི་ཚེ། །

མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས། །

གྲུབ་ནས་དཔྱོད་པ་བླུན་པོ་ཚུལ། །

           རྗེས་ཡོང་སྔོན་དཔག་ནུས་པ་མཁས་པ་དང་། གྲུབ་ཟིན་ནས་དཔྱོད་པ་བླུན་པོའི་རྟགས་སུ་བསྟན་ནས། བྱ་བའི་ཐོག་མར་ལེགས་ཉེས་ཅི་ཡོང་བརྟགས་ཏེ། འཇུག་ལྡོག་བྱ་དགོས་པར་བསྟན་པ་དེ་ཡིན། །


           དེ་ཡང་རང་གཞན་གྱི་དོན་ངེས་པར་འགྲུབ་དགོས་པ་འགའ་ཞིག་འགྲུབ་པའི་དགོས་པ། འགྲུབ་པའི་ཚུལ། མཐར་གྲུབ་འབྲས་ཆེ་ཆུང་ཇི་ཙམ་ཡོང་སྔོན་དཔག་གིས་དཔྱོད་པའི་ཚེ་ན། གང་ཞིག་མཁས་པ་དང་གང་ཞིག་བླུན་པོ་ཡིན་པའི་ཁྱད་པར་རྟོགས་པ། བསམ་བློ་སྔོན་ལ་འཁོར་ན་མཁས་པ་ཡིན་ཞེས་པ་ལྟར་དང་། རྐྱེན་རྩ་མདུན་དུ་ལྷག་པ་སུས་ཀྱང་ཤེས་ཞེས་པ་ལྟར། གྲུབ་ཟིན་ནས་འདི་ལེགས་འདི་ཉེས་ཀྱི་རྣམ་པར་དཔྱོད་པ་ནི་བླུན་པོའི་རྟགས་ཡིན་པས། རྗེས་ཡོང་སྔོན་ལ་བསམ་གཞིགས་ནུས་པ་ཞིག་དགོས་སོ། ཞེས་པའོ། །


           དེ་ཡང་སྔོན་ལུང་པ་ཞིག་ན། བྲམ་ཟེ་ཕ་བུ་གཉིས་དང་རྒྱལ་པོ་ཡབ་སྲས་གཉིས་ཡོད་པ་ལས། བྲམ་ཟེ་ཕ་དང་རྒྱལ་པོ་ཡབ་གཉིས་ཀྱིས་སོ་སོའི་བུ་ལ་མཆོག་ཏུ་བརྩེ་བས། ཕུགས་སུ་གང་བཟང་བརྟག་ཅིང་དཔྱོད་པ་ན། བྲམ་ཟེ་ཕ་དེས་ཕུགས་སུ་ཡོན་ཏན་བསླབ་པ་བཟང་སྙམ་སྟེ་ཐག་རིང་དུ་ཡོན་ཏན་བསླབ་ཏུ་བཏང་། རྒྱལ་པོ་ཡབ་ཀྱིས་བུ་ལ་བརྩེ་བས་འབྲལ་མ་ཕོོད་པར་རང་གི་སར་ཉར་ཏེ་ཡོན་ཏན་གང་ཡང་མེད་པར་རྒྱལ་སར་བཏོན། དེ་ནས་བྲམ་ཟེའི་བུ་དེ་རིག་པའི་གནས་ལ་མཁས་པས། འཁོར་མང་པོའི་དབུས་ན་རིག་གནས་དང་ཆོས་སྟོན་པ་རྒྱལ་པོའི་བུ་དེས་མཐོང་ནས་ཡབ་ལ་སྨྲས་པ། བདག་གི་གྲོགས་མཐོང་ངམ། བདག་གི་གྲོགས་མཐོང་ན། གྲོགས་ཀྱི་ནང་ན་བདག་རེ་ཞན། ཞེས་རང་ལ་ཡོན་ཏན་མེད་པས་འཁངས་པས། ཡབ་ན་རེ། དེ་ལ་ཁྱོད་མི་དགའ་བ་བྱ་མི་དགོས། ཁོ་ནི་ངེད་རང་གི་འབངས་ཡིན། ཁྱོད་ནི་རྒྱལ་པོ་ཡིན་མོད་ཅེས་ཟེར་བས། ཡང་སྲས་ཀྱིས་ཡབ་ལ། གོང་མོའི་ཚོགས་རྣམས་རི་གསུམ་རྩེར་གནས་ཀྱང་། །ངང་བ་མཚོ་ལ་གནས་པའི་དོ་ཟླ་མིན། །མི་མཁས་བླུན་པ་རྟ་ལ་བཞོན་ན་ཡང་། །མཁས་པ་རྐང་པས་འགྲོ་བའི་དོ་ཟླ་མིན། །ཞེས་སྨྲས་པས། ཡབ་ན་རེ། ཁྱོད་འཁོར་འབངས་ལ་དགའ་ན། འཁོར་དེ་བས་མང་བས་བསྐོར་ལ་གཞག་པར་བྱའོ་བྱས་པས། ཡང་རྒྱལ་བུ་སྨྲས་པ། རིག་པ་གཞོན་པའི་དུས་ལ་བསླབ། །ས་བོན་སེར་ཡོད་དུས་སུ་འདེབས། །དེ་ནི་འབྲུས་བུ་སྨིན་པའི་རྒྱུ། །མི་ཤེས་འཁོར་འབངས་ངལ་བའི་རྒྱུ། །ཞེས་ཟེར་བ་དེས། རྒྱལ་པོ་ཡབ་དང་བྲམ་ཟེ་ཕ་གཉིས་ཀྱིས་རིང་གི་བུར་ཕུགས་སུ་གང་བཟང་བརྟག་ཅིང་དཔྱད་ནས་རང་རང་གི་བཞེད་འདོད་ལྟར་བྱས་པ་ལས། བྲམ་ཟེ་ཕ་མཁས་ལ་རྒྱལ་པོ་ཡབ་བླུན་པར། རྒྱལ་བུའི་གཏམ་ལས་ཤེས་པ་བཞིན་ནོ། །



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkdr བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14600395
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号