མི་ཉག་མགར་ཐར་ཡུལ་གྱི་བཅའ་བཟོ་སྒྱུ་རྩལ་གྱི་སྐོར་ཅུང་ཙམ་གླེང་བ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 17 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མི་ཉག་མགར་ཐར་ཡུལ་གྱི་བཅའ་བཟོ་སྒྱུ་རྩལ་གྱི་སྐོར་ཅུང་ཙམ་གླེང་བ
མི་ཉག་མགར་ཐར་ཡུལ་གྱི་བཅའ་བཟོ་སྒྱུ་རྩལ་གྱི་སྐོར་ཅུང་ཙམ་གླེང་བ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/11/15ལྟ་ཀློག (1257)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མི་ཉག་མགར་ཐར་ཡུལ་གྱི་བཅའ་བཟོ་སྒྱུ་་རྩལ་གྱི་སྐོར་ཅུང་ཙམ་གླེང་བ།

༼ཁམས་པའི་འཛུམ་རིས།༽

        དུས་ཀྱི་བརྒྱུད་རིམ་མང་པོ་ཞིག་གི་སྣེ་མོ་ལ་བཏགས་པའི་དམངས་ཁྲོད་བཟོ་རྩལ་རབ་དང་ཕུལ་དུ་བྱུང་བ་ཇི་སྙེད་ཅིག་ཡོད་པ་ལས་སྔ་མ་ནས་ཕྱི་མ་དང་ཕྱི་མ་ལས་ཕྱི་མ་དར་རྒྱས་སུ་སོང་བ་དང་བསྟུན། ཤིང་དང་རྡོ་བར་གཟུགས་བརྙན་བརྐོས་པ་དང་ཟངས་ལྕགས་གསེར་དངུལ་སོགས་བཞུ་རྡུང་། དེ་ལས་སླ་བའི་གཟུགས་ཏེ་མར་དང་རྩམ་པ། གྲོ་ཕྱེ་སོགས་ལག་ཏུ་ལས་སུ་རུང་བའི་དངོས་པོ་དག་ལ་རི་མོ་འབུར་བརྩེགས་ཀྱི་བཅའ་སྲོལ་ཡོད་པ་དང་། ལྷ་ཀླུ་གཞི་བདག་ལ་མཆོད་པའི་རྫས་སུ་རྩམ་པ་དང་མར་གྱིས་ཞལ་ཟས་དང་གཏོར་མ་སོགས་བཅའ་བ་གྲོང་དང་དགོན་པ་གཉིས་ཀ་ལ་དར་ཁྱབ་སོང་།

        ཐུན་མོང་མ་ཡིན་པའི་མར་བཟོ་སྒྱུ་རྩལ་ནི༡༤༠༩ལོར་རྗེ་ཙོང་ཁ་བས་ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་སྐབས་ཀྱི་གཟིམས་ལམ་དུ་རྩྭ་དང་རྩི་ཤིང་ས་གཞི་ཐམས་ཅད་མེ་ཏོག་གྱུར་པ་ཁོང་གིས་རྨིས་པ་ནས་བཟུང་མེ་ཏོག་མཆོད་པའི་སྲོལ་ད་བར་དར་ཁྱབ་ཆེན་པོ་སོང་བ་དང་བསྟུན་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་དགོན་ལག་དང་བཅས་པར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཚོགས་པ་དང་། ཚེས་བཅོ་ལྔའི་ཉིན་བཅོ་ལྔ་མཆོད་པའམ་མེ་ཏོག་མཆོད་པ་ཞེས་གྲགས་པའི་མར་བཟོས་མཆོད་རྫས་ཀྱིས་རྒྱལ་རྣམས་མཉེས་ཤིང་འགྲོ་ཀུན་དགའ་བའི་དཔལ་དུ་བཞེངས། དེ་ཡང་མགར་ཐར་དགོན་པ་ལ་མཚོན་ན་མཆོད་སྟེགས་ལྷ་བཤོས་གཟུགས་སུ་བྱས་པ་ལྔ་ཡི་སྟེང་དུ་བཅོ་ལྔའི་མཆོད་པ་ལ་རྗེ་ཡབ་སྲས་གསུམ་དང་། མི་ལ་རས་པ་སོགས་ལྷ་བླ་མ་རེས་མོས་སུ་བཅས་ཤིང་ད་དུང་ཚེ་རིང་དྲུག་སྐོར། མཐུན་པ་སྤུན་བཞི། མཆོད་པའི་ལྷ་མོས་གཟུགས་སྒྲ་དྲི་རོ་རེག་བྱའི་དཔལ་འཛིན་པ་ལྔ་དང་།  བཀྲ་ཤིས་རྫས་བརྒྱད་དང་།  བཀྲ་ཤིས་རྟགས་བརྒྱད།  རྟགས་བརྒྱད་བུམ་གཟུགས། རྒྱལ་སྲིད་སྣ་བདུན།  མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་དང་། སྟག་སེང་ཁྱུང་འབྲུག  འདོན་ཡོན་སྣ་ལྔ། ནོར་བུ་མེ་འབར་དང་ནོར་བུ་བརྩེགས་མ། ནོར་བུ་དགའ་འཁྱིལ། ཙི་པ་ཊ་ནོར་བུས་བརྒྱན་པ།  ཆུ་རིས་བྲག་རིས།  གཞན་ཡང་བཀྲ་ཤིས་མཚོན་དོན་དུ་མ་ལྡན་པའི་རི་མོ་སྣ་ཚོགས་བཅའ་སྲོལ་ཡོད།  མར་བཟོ་སྒྱུ་རྩལ་ལ་དབྱེ་ན་བཞི་སྟེ་མེ་ཏོག་མཆོད་པ་ནི་གོང་དུ་བཤད་པ་ལྟར་དང་། ཐུད་ལ་ཟ་ཐུད་དང་སྟོན་ཐུད་ཅེས་གཉིས་སུ་བཀར་སྲོལ་ཡོད་ཅིང་རྒྱུ་ཆ་ནི་ཕྱུར་བ་དང་མར། ཀ་ར་བུ་རམ་ལྷན་དུ་བརྫིས་པའི་དབྱིབས་གྲུ་བཞི་དང་གོར་མོ། ཧྲིལ་པོ། ནར་ནར་གྱེན་དུ་བསླངས་པའི་གཟུགས་སུ་བྱས་ཤིང་། གྲུ་བཞི་དང་གོར་མོའི་སྟེང་དུ་མར་ཁུ་དང་བཟའ་ཚོན་བསྲེས་ནས་རི་མོ་མཇའ་ནག་ལྕགས་རི་དང་གཡུང་དྲུང་སོགས་བྲིས། སྟོན་ཐུད་ནི་རྒྱུ་ཆ་བྱིངས་དང་འདྲ་བ་ལ་དམིགས་བསལ་ཐུད་སྲིད་ཞེང་ཆེ་བ་ཞིག་བྱེད་དགོས་ཤིང་དེའི་སྟེང་དུ་མཐའ་སྐོར་རྒྱ་ནག་ལྕགས་རི་བྱས་པའི་དབུས་སུ་རྟགས་བརྒྱད་བུམ་གཟུགས་ལ་གཡས་གཡོན་ཉི་ཟླས་བརྒྱན་པ།  འོག་ན་ཆུ་བྲག་གིས་བརྒྱན་པ།  མི་འགྱུར་གཡུང་དྲུང་གི་མདུད་པ། ཚེ་ཡི་རི་མོ། གཞན་ཡང་མཆོད་པར་འོས་པའི་མར་ཚོན་རི་མོ་སྣ་ཚོགས་བཅས་ཏེ་མནའ་མ་དང་བུ་ཐང་སུ་ཞིག་བསུ་དགོས་ན་དེ་ཚང་ལ་རྟེན་འབྲེལ་མཚོན་བྱེད་དུ་ཁྱེར་དགོས།   མཆོད་པའི་དཀར་རྒྱན་ལ་མཚོན་ན་ཡི་དམ་རྒྱུད་སྡེ་ཁག་དང་ཆོས་སྐྱོང་ཁག་གི་ལྷ་བཤོས་དང་གཏོར་མ། དབང་པོ་སྣ་ལྔ་སོགས་མི་འདྲ་བ་སྣ་ཚོགས་ཡོད་པས་དེ་དག་རྩེ་རྒྱན་དང་། བྲང་རྒྱན།   པད་འདབ། མཐའ་རྒྱན།  མེ་རིའི་རྩེ་རྒྱན་དང་མེ་ཏོག་སྦྲེལ་མའི་བྲང་རྒྱན་སོགས་རེ་རེ་ལ་ཐུན་མོང་མིན་པའི་རི་མོ་གཏོད་ལུགས་ཡོད། མར་ཚོན་ཕྱེ་མར་ནི་ལོ་སར་དང་། ཁྲི་གསོལ། གཉེན་སྟོན། ཁང་སྟོན་སོགས་སུ་མེད་དུ་མི་རུང་བའི་ཕྱེ་མར་མགོ་བཙུགས་ཞེས་པ་མར་ཚོན་བསྡེབས་ཏེ་མཐུན་ཞིང་མཛའ་བར་མཚོན་པ་མཐུན་པ་སྤུན་བཞི་དང་བཀྲ་ཤིས་པའི་མཛེས་རིས་སུ་ཡུལ་ཁམས་བདེ་ཞིང་སྐྱིད་ལ་སེམས་ཅན་འཚེ་བ་མེད་ཅིང་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཡོང་ཆེད་རྟགས་བརྒྱད་བུམ་གཟུགས་དང་རྒྱལ་སྲིད་སྣ་བདུན།  བཀྲ་ཤིས་རྫས་བརྒྱད། སྟག་སེང་ཁྱུང་འབྲུག གཡུང་དྲུང་ལག་སྦྲེལ་སོགས་རི་ཆུ་མཛེས་གསུམ་སོགས་ཀྱི་རི་མོ་ཕབ་ནས་ཡར་དཀོན་མཆོག་ལ་མཆོད་པ་ཕུལ་ཞིང་ཆོས་དད་ཆེ་བ་དང་། ངོ་ཚ་ཁྲེལ་ཡོད་ཀྱི་ཀུན་སྤྱོད་བཟང་ཞིང་ལོ་ཕྱུགས་རྟག་ཏུ་ལེགས་པ། མུ་གེ་འཁྲུགས་རྩོད་ཞི་ཞིང་ཡུལ་ཁམས་བདེ་ཞིང་སྐྱིད་པ་དང་བསམ་དོན་ཆོས་བཞིན་འགྲུབ་པའི་ཁ་གཡང་རེ་བའི་རྟེན་འབྲེལ་སྒྲིག་པའི་གོམས་གཤིས་བཟང་པོ་དང་། བཅའ་བའི་སྒྱུ་རྩལ་གྱི་བཟོ་བཀོད་འདི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་མ་ཉམས་པ་བརྒྱུད་ནས་བརྒྱུད་པའི་སྲོལ་དེ་དཀོན་མཆོག་ལ་མཆོད་པ་དང་བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོ་རུ་མེད་དུ་མི་རུང་བ་ཞིག་ཏུ་བརྩི་བས་འདི་དག་རང་ཡུལ་ལུང་པས་རྒྱུན་སྐྱོང་བཞིན་ཡོད།  ད་དུང་འཇིམ་གོང་ལས་རྫ་ཆས་འདྲ་མིན་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་འབག་སོགས་བཅའ་ཤེས་མཁན་མང་།  དགོན་པ་ལ་མཚོན་ན་དེ་ལས་ཀྱང་བཅའ་བཟོ་མང་སྟེ། ཆོས་ཐོག་རེ་རེའི་མཆོད་པ་ཞལ་ཟས་རྣམ་མང་། ཐིག་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ། མདོས་འཐག་པ། ལེགས་ལྡན་མཆེད་གསུམ་དང་རྒྱལ་ཆེན་སྡེ་བཞིའི་དབུ་བརྙན་དོད་པའི་གཏོར་མ་དང་། དྲུག་ཅུ་མཆོད་པ། རྒྱུད་སྡེ་ཁག་གི་ལྷ་བཤོས་འདྲ་མིན་སོགས་ཆོས་ལུགས་ཀྱི་ནང་དོན་མཚོན་ཞིང་སྒྱུ་རྩལ་གྱི་གསོན་ཤུགས་མ་ཉམས་པའི་བཅའ་བཟོ་རྣམ་གྲངས་དུ་མ་མི་ཉམས་གོང་སྤེལ་གྱི་ལས་ལ་འབད་པར་བྱས་དང་བྱེད་བཞིན་མཆིས་སོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
eb4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15601686
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号