སེམས་གཏིང་གི་འབོད་སྐུལ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས་ཆོས་སྤྱོད། »སེམས་གཏིང་གི་འབོད་སྐུལ།
སེམས་གཏིང་གི་འབོད་སྐུལ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/12/3ལྟ་ཀློག (2302)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སེམས་གཏིང་གི་འབོད་སྐུལ།

  གྲོགས་པོ་ཚོ།  ཁོམ་པ་རེ་ཡོད་ན་སེམས་ནང་དུ་བསྐོར་ཏེ་ལྷོད་ལྷོད་ངང་ཞིབ་ཏུ་བསམ་བློ་རེ་གཏོང་རོགས།   སྐྱེས་ནས་ག་ཚོད་ཅིག་སོང་།  དེའི་རིང་དོན་དག་ཅན་གྱི་བྱ་བ་ཅི་ཞིག་འགྲུབ་ཡོད།  མི་རུང་བའི་བྱ་བ་ཅི་ཞིག་ལས་མྱོང་།  ད་མ་འོང་བར་ཅི་ཞིག་བསྒྲུབ་རྒྱུའི་འཆར་གཞི་ཡོད།  ང་ཚོའི་ཡོད་ཚད་བདེ་སྐྱིད་ཅིག་གི་དོན་དུ་བརྩོན་ཁུལ་བྱེད་ཀྱིན་ཡོད་པ་རེད་དེ།དོན་དག་ཡོད་པའི་བྱ་བ་ཅི་ཞི་འགྲུབ་ཡོད་མེད་མི་ཤེས་མོད། ཐུང་ཐུང་གི་མི་ཚེ་འདི་ཟད་ནས་འགྲོ་བཞིན་ཡོད། ང་ཚོའི་མདུན་དུ་ཡོད་པ་ནི་སུས་ཀྱང་མི་འདོད་པ་ཞིག་སྟེ་འཆི་བ་ཟེར་བ་དེ་དང་དེའི་ཕ་རོལ་ན་ཚེ་ཕྱི་མ་ཟེར་བ་དེ་ཡོད་པ་རེད།དེར་འགྲོ་བའི་ལམ་རྒྱགས་དང་གྲ་སྒྲིག་ཆ་ཚང་ཡོད་དམ།  དེའི་དོན་དུ་བསམ་བློ་རེ་གཏོང་ཨེ་མྱོང་ལགས། ཚེ་འདིར་ཡང་བདེ་སྐྱིད་དགོས་ལ། ཕྱི་མ་ནི་ཡུན་རིང་བོ་རིང་བོ་ཞིག་ཡིན་པས་དེ་བས་ཀྱང་གལ་ཆེའོ།།

དེས་ན་ཚེ་ཕྱི་མར་འཁྱེར་རྒྱུར་རིན་པ་སྤྲོད་མི་དགོས་པའི་བྲོ་ཁ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་ཁྱེད་ཀྱིས་ཤེས་སམ།དེ་ནི་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས།  ཡང་དག་པའི་ལྟ་བ་གསུམ་ལ་ཟེར།  ཤེས་སོང་ངམ། 

༡༽

    འཁོར་བ་འདི་ལས་མྱུར་དུ་ཐར་ན་འདོད་པའི་བསམ་པ་ལ་ངེས་འབྱུང་ཟེར།

༢༽

   སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་སྙམ་པའི་ཡིད་ཀྱི་དམ་བཅའ་ལ་བྱང་སེམས་ཟེར། 

༣༽

  སྣང་གྲགས་ཀྱི་ཆོས་ཐམས་ཅད་ང་རང་འཁྲུལ་བའི་དབང་གིས་འདི་ལྟར་སྣང་བ་མ་གཏོགས་དོན་ལ་སྒྱུ་མ་དང་རྨི་ལམ་བཞིན་བདེན་པར་མ་གྲུབ་པར་བསམ་པ་ལ་ཡང་དག་པའི་ལྟ་བ་ཟེར་རོ།།

འདི་གསུམ་པོ་ཁྱོད་ཀྱིས་ཉི་མ་རེ་རེ་བཞིན་ཐེངས་མང་བོ་ཞིག་ལ་བསམ་ཨེ་ཐུབ་ལགས།   གལ་ཏེ་མང་བོ་མང་བོ་ཞིག་དྲན་མ་ཐུབ་ཀྱང་། ཐེངས་གཉིས་གསུམ་རེ་དྲན་རྒྱུའམ་བསྒོམ་རྒྱུ་བཀའ་དྲིན་ཆེ།  དེ་ནི་དེ་འདྲའི་དཀའ་མོ་ཞིག་ཀྱང་མིན་སྙམ།  དུས་ཚོད་ཡོད་ན་ཐུན་བཅད་ནས་བསྒོམ་ན་རབ་རེད།  མིན་ནའང་འགྲོ་ཞོར་འདུག་ཞོར།  ཟ་དུས་འཐུང་དུས།  ཉལ་ནས་གཉིད་ལ་མ་སོང་གི་བར་སོགས་སུ་བསམ་པས་ཆོག  འདི་ནི་དོན་དག་གལ་ཆེན་པོ་ཞིག་རེད།  སྣང་མེད་དུ་མི་འཇོག་རོགས།  བསྒོམ་འདོད་ཡོད་ན་ཕྱིས་སུ་འཇོག་མི་ཉན།  དེ་རིང་ནས་བསྒོམ་དགོས།  བུ་རྒོད་ཚོ།  བཀའ་དྲིན་ཆེ། ཐུགས་རྗེ་ཆེ།

དྷཱི་ཕུ་དཔལ་ལྡན་གྱིས་༢༠༡༦.༡༢.༣ཉིན།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14203163
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号