འཇིགས་སྣང་སེལ་བའི་ལམ་སྟོན། ༼གྲོང་སེང་འབྲུག་གིས་བསྒྱུར།༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »འཇིགས་སྣང་སེལ་བའི་ལམ་སྟོན། ༼གྲོང་སེང་འབྲུག་གིས་བསྒྱུར།༽
འཇིགས་སྣང་སེལ་བའི་ལམ་སྟོན། ༼གྲོང་སེང་འབྲུག་གིས་བསྒྱུར།༽
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/12/8ལྟ་ཀློག (2524)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཇིགས་སྣང་སེལ་བའི་ལམ་སྟོན།

གྲོང་སེང་འབྲུག་གིས་བསྒྱུར།

     རང་རྒྱུད་དྲང་པོ་ཡོད་པ་དེ།།

     མི་ཚེ་གཅིག་གི་ནོར་བུ་ཡིན།།

     ནམ་རྒྱུན་ང་དང་གླེང་མོར་བྱེད་པའི་མི་མང་ཤོས་ཀྱིས། ཁོ་ཚོ་རང་ཉིད་གྲོགས་མེད་ཁེར་རྐྱང་ལ་འཇིགས་སྣང་འབྱུང་ཚུལ་དང་།  གཞན་གྱིས་རང་ལ་བརྩི་འཇོག་མི་ཐོབ་པ་དང་། ལས་གྲོགས་ཚོ་དང་འབྲེལ་ལམ་ལེགས་པོ་མི་འཁྱོངས་པ་སོགས་ཀྱིས་སེམས་ཁྲལ་ཡོད་པས་འཇིགས་སྣང་དེ་དག་སེལ་ཐབས་ཀྱི་དྲི་གཞི་གང་མང་མང་ཞིག་འདོན་བཞིན་ཡོད་མོད།འོ་ན། འཇིགས་སྣང་དེ་དག་སེལ་ཐབས་གང་ཡོད་ཅེ་ན།  སྤྱིར་ན་འཇིགས་སྣང་དེ་དག་བྱམས་པ་དང་སྙིང་རྗེ་སོགས་སྒོམ་པ་ལ་བརྟེན་ནས་སེལ་ནུས་ཀྱང་། ནང་པ་སངས་རྒྱས་པའི་ཆོས་གཞུང་ནས་བཤད་ན། འཇིགས་སྣང་དེ་དག་སྡུག་བསྔལ་ཡིན་ཕྱིར་གཙོ་བོར་དེ་དག་འབྱུང་སའི་རྒྱུ་བདག་འཛིན་མ་རིག་པ་འདི་ཉིད་ཁོ་ན་སྤངས་བ་ལས་གལ་ཆེ་བ་མེད་དེ།  དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ།།   ལྟ་ལས་བྱུང་བ་བློ་ཡིས་མཐོང་གྱུར་ཅིག།   བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས།།  རྣལ་འབྱོར་པ་ཡིས་བདག་ནི་འགོག་པ་བྱེད།། ཅེས་གསུངས་པ་ལྟར་བདག་འཛིན་མ་རིག་པ་འདི་ཉིད་སྤངས་པ་ལས་གལ་ཆེ་བ་མེད་མོད། འོན་ཀྱང་ང་ཅག་སོ་སོའི་སྐྱེ་བོ་མཐའ་མ་བ་དག་གིས་བདག་འཛིན་རྩ་བ་ནས་སྤོང་མི་ནུས་ཀྱང་ནམ་རྒྱུན་འཚོ་བའི་ཁྲོད་དུ་བྱ་ལས་གང་ཞིག་སྒྲུབ་ནའང་འདོད་ཆུང་ཆོག་ཤེས་བྱས་ཏེ་བདག་ཁོ་ནའི་དགའ་བདེ་ཙམ་ལ་མ་བསམ་པ་གཞན་ཕན་དང་ལྷག་བསམ་བྱེད་རྒྱུར་གལ་ཆེ་སྟེ།  རྒྱལ་སྲས་ཐོགས་མེད་པས། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་།།  རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས།།  ཞེས་གསུངས་པ་ལྟར་ནམ་རྒྱུན་འཚོ་བའི་ཁྲོད་དུ་བྱ་ལས་གང་ཞིག་ལའང་ཐོག་མར་གཞན་ཕྱོགས་སུ་བསམ་བློ་གཏོང་དགོས་པ་ཡིན་ནོ།།


     སྐྱིད་སྡུག་ལེགས་ཉེས་ཟ་ཐང་གསུམ། །

     དབང་ཐང་རི་མོ་གར་བྲིས་རེད།།

     དུས་རྒྱུན་འཚོ་བའི་ཁྲོད་དུ་རང་གིས་མྱོང་བཞིན་པའི་འཇིགས་སྣང་སོགས་སྡུག་བསྔལ་གང་ཡིན་ན་ཡང་། རང་ཉིད་ལ་རེ་དོགས་དང་འདོད་རྔམས་ཆེ་དྲག་པའི་རྐྱེན་གྱིས་ཡིན་པས། དེ་དག་མེད་པར་བཟོ་དགོས་ན་རང་ཉིད་ཀྱིས་ཡིད་ཆེས་ཆེན་པོའི་ངང་དགེ་སྒྲུབ་སྡིག་སྤང་བྱེད་དགོས་པ་ལས། རང་ཉིད་ཀྱིས་བྱ་ལས་གང་ཡང་མ་སྒྲུབ་པ་གཞན་ཞིག་གིས་སྐྱོབས་འགྲོ་བ་ལ་སྒུག་བསྡད་ན་དེ་ནི་འགྲུབ་མི་སྲིད་པའི་རེ་བ་ཞིག་རེད། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱིས།། གཞན་དག་སུ་ཞིག་མགོན་དུ་འགྱུར།། ཞེས་དང་། ཡང་མདོ་ལས། ངས་ནི་ཁྱོད་ལ་ཐར་བའི་ཐབས་སྟོན་ཅིང་།། ཐར་བ་རང་ལ་རགས་ལས་ཤེས་པར་གྱིས།། ཞེས་གསུངས་པ་ལྟར་སྐྱ་སེར་ཕོ་མོ་སུ་ཡིན་ཡང་བྱ་བ་ལེགས་ཉེས་གང་ཞིག་སྒྲུབ་ཀྱང་རང་ལས་གལ་ཆེ་བ་མེད་དོ། །འོན་ཀྱང་མི་ལ་ལ་ཞིག་འགྲོ་འཆག་ཉལ་འདུག་སོགས་བདེ་བ་ཆུང་ཆུང་ལ་ཆགས་ཞེན་ཆེན་པོ་བྱས་ནས་དཀའ་ངལ་མང་པོ་རྒྱག་མི་ནུས་པས་དེ་དག་ལ་བདེ་བའང་ཡང་དག་ཅིག་ཐོབ་མི་སྲིད་དེ། ས་སྐྱ་པཎྜི་ཏས། བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་གསུངས་པ་ལྟར་དཀའ་ངལ་ཆེད་དུ་བསད་ནས་དགེ་སྒྲུབ་སྡིག་སྤང་གི་ལས་ལ་འབད་པ་ཆེན་པོར་བྱེད་དགོས།  གལ་སྲིད་ཁྱེད་ཀྱིས་དེ་ལྟར་འབད་པ་ཆེན་པོ་བྱས་ཏེ་བྱ་བ་གང་ཞིག་སྒྲུབ་ན་ཡང་ཁྱེད་ཀྱིས་སྒྲུབ་མི་ནུས་པའི་བྱ་བ་ནི་གཅིག་ཀྱང་མེད་དེ། ཡང་ས་སྐྱ་པཎྜི་ཏས། རྟག་གུས་བརྩོན་པས་མ་སྟོང་ན།། མི་འགྲུབ་བྱ་བ་གཅིག་ཀྱང་མེད།། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས།། བྲག་གི་རི་བོ་འབིགས་ལ་ལྟོས།། ཞེས་གསུངས་པ་ལྟར་ང་ཚོ་སུ་ཡིན་ཡང་རང་ཉིད་ཀྱིས་འབད་པ་ཆེན་པོས་སྒྲུབ་སྦྱོང་བྱས་ཏེ་བདེ་བ་ཡང་དག་ཅིག་འཚོལ་རྒྱུ་ནི་ཡང་དག་པའི་ལམ་ཕྱོགས་བཟང་པོ་ཞིག་རེད།


       སྐྱིད་མི་སྐྱིད་རང་གི་བསམ་བློ་རེད།།

       དྲོ་མི་དྲོ་ཉི་མའི་ལག་ཏུ་ཡོད།།

       རྒྱུན་པར་རེ་དོགས་དང་མི་བདེ་བའི་སེམས་ཁྲལ་ངང་དུ་འཚོ་བ་ལས། རང་ཉིད་ཀྱི་འགྲོ་འདུག་ཉལ་གསུམ་དང་གཤིས་རྒྱུད་སོགས་ལ་བསྒྱུར་བཅོས་བཏང་ནས།  མི་གཞི་བཟང་པོ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། མི་གཞི་བཟང་པོ་ཟེར་བ་དེ་གང་ཡིན་ཞེ་ན། མཚན་བརྗོད་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོའི་ཞལ་སྔ་ནས།  མི་གཞི་བཟང་པོ་དེ་ཡང་གང་ཞེ་ན། །བསམ་པ་དཀར་ཞིང་གཡོ་སྒྱུ་ཆུང་བ་དང་།  །ངང་བཟང་ཕྱི་ཐག་རིང་ཞིང་ཟུང་ཐུབ་པ། །ཁོག་ཡངས་ཤེས་རྒྱ་ཆེ་བ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་དེ་ལས་ཀྱང་བྱ་ལས་གང་ཞིག་སྒྲུབ་ན་ཡང་བསམ་པ་བཟང་པོ་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་སྟེ། རྒྱལ་བ་བློ་བཟང་གྲགས་པས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །དེའི་ཕྱིར་བསམ་པ་བཟང་ལ་རགས་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པ་བྱོས། །ཞེས་གསུངས་པ་ལྟར་བསམ་པ་བཟང་པོའི་ངང་ནས་བློ་རིག་ཡར་རྒྱས་ལ་གཏོང་དགོས་སོ། །ཡང་མི་ལ་ལས་སེར་སྣ་ཆེན་པོ་བྱས་ཏེ་སྦྱིན་པ་ལ་མི་མོས་ཤིང་རང་གིས་ཀྱང་ཟས་གོས་ཡག་པོ་ཞིག་སྤྱོད་མི་ཐུབ་ཅིང་ད་དུང་དཔལ་འབྱོར་ཁོ་ནར་འབད་བཞིན་ཡོད་མོད། དེ་དག་ཚེ་འདི་ལ་འཇིགས་སྐྲག་དང་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ཡིན་པ་མ་ཟད་ཕྱི་མ་ཡང་ཡི་དྭགས་ཀྱི་རིགས་སུ་སྐྱེས་པ་ལ་ཐེ་ཚོམ་མེད་དོ། །ད་དུང་ང་ཚོའི་གནའ་མིའི་ངག་རྒྱུན་ལ་འདི་འདྲ་ཞིག་ཀྱང་བཤད་ཚུལ་ཡོད་དེ།  སེར་སྣ་ཅན་ལ་སྤུན་མི་འཁོར། །གཡོ་སྒྱུ་ཅན་ལ་གྲོགས་མི་འཁོར། །ཞེས་པ་ལྟར་སེར་སྣ་དང་གཡོ་སྒྱུ་ཆེ་དྲགས་ན་ཚེ་འདི་ལ་རྒྱུ་འབྱོར་བ་མི་འཁོར་བར་མ་ཟད་དགའ་ཡ་མཐུན་གྲོགས་ཀྱང་མི་རྙེད། དེའི་ཕྱིར་དུས་རྒྱུན་སྦྱིན་པ་ལ་མོས་ཤིང་སེར་སྣ་དང་གཡོ་སྒྱུ་སོགས་དོར་དགོས་སོ།།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtm1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41268760
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1