འགྲོ་བ་མིའི་ཐོབ་ཐང་རྒྱུན་ཤེས། ཡོངས་ཁྱབ་གསལ་བསྒྲགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »འགྲོ་བ་མིའི་ཐོབ་ཐང་རྒྱུན་ཤེས། ཡོངས་ཁྱབ་གསལ་བསྒྲགས།
འགྲོ་བ་མིའི་ཐོབ་ཐང་རྒྱུན་ཤེས། ཡོངས་ཁྱབ་གསལ་བསྒྲགས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2016/12/13ལྟ་ཀློག (3524)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས།

སྣར་སྐྱིད་ངག་དབང་དོན་གྲུབ་ཀྱིས་བསྒྱུར།
 
སྔོན་བརྗོད།
       དངོས་དོན་ཐོག་འགྲོ་བ་མིའི་ཁྱིམ་ཚང་གི་ནང་མི་ཡོངས་ལ་རང་བཞིན་ཉིད་ནས་ཡོད་པའི་ཆེ་མཐོངས་དང༌། འདྲ་མཉམ། སུས་ཀྱང་འཕྲོག་མི་རུང་བའི་ཐོབ་ཐང་བཅས་ངོས་ལེན་བྱེད་པ་འདི་ནི། འཛམ་གླིང་འདི་ནང་རང་དབང་དང༌། དྲང་བདེན། ཞི་བདེ་བཅས་ཀྱི་རྨང་གཞི་ཡིན།
       དངོས་དོན་ཐོག་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་དང༌། ཁྱད་གསོད་བྱེད་པ་ལ་བརྟེན་ནས་ཀླ་ཀློའི་བྱེད་སྟངས་ཤིག་འབྱུང་བཞིན་ཡོད། དེ་ནི་མིའི་རིགས་ཀྱི་རྣམ་འབྱེད་ཀྱི་བློ་དང་ཡོངས་སུ་འགལ་བའི་བྱ་ངན་ཞིག་ཡིན་ཞིང༌།འགྲོ་བ་མིའི་རིགས་ལ་གཏམ་བརྗོད་དང་ལྟ་གྲུབ་ཡིད་ཆེས་ཀྱི་རང་དབང་དང༌། འཇིགས་པ་དང་ཕོངས་པ་ལས་ཐར་བར་བྱེད་པའི་རང་དབང་ལ་ལོངས་སྤྱད་ཆོག་པའི་འཛམ་གླིང་ཞིག་འབྱུང་ཐབས་དེ་ནི། སྤྱིར་བཏང་མི་མང་གི་རེ་འདོད་ཆེ་ཤོས་སུ་གྱུར་པ་རྒྱ་ཁྱབ་ཡོངས་གྲགས་ཡིན།
       དངོས་དོན་ཐོག་སྐྱེ་བོ་དག་གིས་འུ་ཐུག་ཐབས་ཟད་ཀྱིས་རྐྱེན་པས་བཙན་དབང་དང༌། གཉའ་གནོན་ལ་ངོ་རྒོལ་སྒེར་ལངས་བྱེད་པའི་མཐའ་མའི་བྱ་ཐབས་ལག་བསྟར་མི་དགོས་པ་ཞིག་བྱེད་དགོས་ན། ཁྲིམས་ཀྱི་དབང་བསྒྱུར་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་ཐབས་བྱེད་དགོས་པ་དེ་གལ་གནད་ཆེན་པོ་ཡིན།
       དངོས་དོན་ཐོག་རྒྱལ་ཁབ་ཁག་གི་དབར་ལ་མཐུན་གྲོགས་ཀྱི་འབྲེལ་བ་ཡར་རྒྱས་གོང་འཕེལ་གཏོང་དགོས་པ་དེ་གལ་གནད་ཆེན་པོ་ཡིན།
       དངོས་དོན་ཐོག་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མི་དམངས་རྣམས་ཀྱིས་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། མིའི་རིན་ཐང༌། ཆེ་མཐོངས། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་བཅས་ལ་བློ་མོས་ཡོད་པ་དང༌། ཁོང་ཚོས་རང་དབང་རྒྱ་ཆེའི་ཐོག་ནས་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་གཏོང་བ་དང༌། འཚོ་བའི་གནས་སྟངས་ལེགས་སུ་གཏོང་རྒྱུར་སེམས་ཐག་གཙང་བཅད་ཡོད་པའི་སྐོར་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་བསྐྱར་བརྗོད་བྱས་ཡོད།
       དངོས་དོན་ཐོག་ཚོགས་འཐུས་རྒྱལ་ཁབ་རང་ཁུངས་སོ་སོས་མཉམ་སྦྲེལ་རྒྱལ་ཚོགས་དང་ཁུར་མཉམ་ལེན་གྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་དང༌། གཞི་རྩའི་རང་དབང་ལ་སྤྱི་ཡོངས་ནས་བརྩི་བཀུར་དང༌། སྲུང་བརྩི་བྱེད་པའི་གནས་སྟངས་གོང་མཐོར་གཏོང་རྒྱུའི་འགན་ལེན་བྱས་ཡོད།
       དངོས་དོན་ཐོག་འགན་ལེན་འདི་ཆ་ཚང་དོན་འཁྱོལ་ཡོང་བའི་ཆེད་དུ་སྤྱི་ཡོངས་ནས་ཐོབ་ཐང་དང༌། རང་དབང་འདི་དག་གི་གོ་དོན་ལེགས་རྟོགས་བྱེད་པ་དེ་གནད་འགག་ཆེ་ཤོས་ཡིན། རྒྱུ་མཚན་དེ་ལྟར་ལ་བརྟེན། ད་ཆ་རྒྱལ་ཡོངས་ཚོགས་ཆེན་ནས་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་འདི་ཁྱབ་བསྒྲགས་བྱ་རྒྱུར།
       མིའི་རིགས་སུ་གཏོགས་པ་ཡོངས་རྫོགས་དང༌། རྒྱལ་ཁབ་ཚང་མའི་དོན་དུ་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་འདི་སྤྱི་ཡོངས་ཀྱི་ཚད་ལྡན་མིག་དཔེར་གྲུབ་པ་ཞིག་དགོས་པ་དེ་ལྟར། མི་སྒེར་རེ་རེ་དང༌། སྤྱི་ཚོགས་ཀྱི་ནང་ཚན་རེ་རེས་རྡོ་དོན་སྙིང་པོར་གསལ་བསྒྲགས་འདི་ཡིད་ལ་རྒྱུན་བཅངས་ཐོག་ནས། ཚོགས་འཐུས་རྒྱལ་ཁབ་ཁག་གི་མི་མང་རང་རང་ནང་ཁོངས་དང༌། ཁོང་ཚོའི་ཁྲིམས་དབང་ཐོག་ཏུ་གནས་པའི་ས་ཁུལ་ཁག་གི་མི་མང་ཕྱོགས་གཉིས་ཀ་ནས་གསལ་བསྒྲགས་འདིའི་གོ་དོན་སློབ་འཁྲིད་དང༌། སློབ་གསོའི་བྱ་བར་བརྟེན་ནས་ཐོབ་ཐང་དང༌། རང་དབང་འདི་དག་ལ་བརྩི་བཀུར་གོང་མཐོར་གཏོང་བ་དང༌། རྒྱལ་ཁབ་དང་རྒྱལ་སྤྱིའི་ཡར་ཐོན་བྱ་ཐབས་ལ་བརྟེན་ནས། དེ་དག་གི་ཡོངས་ཁྱབ་ནུས་ཤུགས་ལྡན་པའི་ངོས་འཛིན་དང༌།སྲུང་བརྩི་ངེས་གཏན་ཡོང་བ་བྱ་རྒྱུར་འབད་བརྩོན་བྱེད་དགོས་པ་ཡིན།
 
དོན་ཚན་དང་པོ།
       འགྲོ་བ་མིའི་རིགས་ཐམས་ཅད་སྐྱེ་དུས་ནས་རང་དབང་ལྡན་ལ། ཆེ་མཐོངས་དང་ཐོབ་ཐང་འདྲ་མཉམ་དུ་ཡོད་པ་ཞིག་ཡིན། ཁོང་ཚོ་ནི་རྒྱུ་མཚན་རིགས་པ་དང༌། རྣམ་འབྱེད་ཀྱི་བློ་དང་ལྡན་པ་ཞིག་ཡིན་པས། ཕན་ཚུན་གཅིག་གིས་གཅིག་ལ་བུ་སྤུན་གྱི་འདུ་ཤེས་འཛིན་པའི་བྱ་བ་ལག་ལེན་བསྟར་དགོས་པ་ཡིན།
 
དོན་ཚན་གཉིས་པ།
       སྐྱེ་བོ་རེ་རེར་མི་རིགས་དང༌། ཤ་མདོག ཕོ་མོ། སྐད་ཡིག ཆོས་ལུགས། སྲིད་དོན་ནམ། བསམ་ཚུལ་གཞན་དག རྒྱལ་ཁབ་བམ། སྤྱི་ཚོགས་ཀྱི་འབྱུང་ཁུངས། མཁར་དབང་དང༌། སྐྱེས་ཁུངས་ལྟ་བུའི་གནས་སྟངས་གཞན་དག་རྣམ་པ་འདྲ་མིན་གང་ལའང་དབྱེ་འབྱེད་མེད་པར་གསལ་བསྒྲགས་འདིའི་ནང་བཀོད་པའི་ཐོབ་ཐང་དང༌། རང་དབང་ཡོངས་རྫོགས་སྤྱོད་པའི་ཁེ་དབང་ཡོད། ད་དུང་བརྗོད་རྒྱུར། སྐྱེ་བོ་གང་ཞིག་གི་ཡུལ་ལུང་ངམ།ས་ཁུལ་དེ་རང་བཙན་ཡིན་པའམ། ལྟ་རྟོག་འོག་ཏུ་གནས་པ།རང་སྲིད་རང་སྐྱོང་མ་ཡིན་པ་འམ། རང་བཙན་ལ་ཚད་གཞི་གཞན་དག་ཅི་རིགས་ཡོད་པ་གང་འདྲ་ཞིག་གི་ཁོངས་གཏོགས་ཡིན་ཡང༌། དེ་ལ་སྲིད་དོན་དང༌། ཁྲིམས་ལུགས་སམ། རྒྱལ་སྤྱིའི་གནས་སྟངས་ཀྱི་གཞི་རྩའི་ཐོག་དབྱེ་འབྱེད་མི་རུང་བ་ཡིན།
 
དོན་ཚན་གསུམ་པ།
       སྐྱེ་བོ་རེ་རེར་འཚོ་ཐབས་བྱེད་པ་དང༌། རང་དབང་ལ་སྤྱོད་པ། རང་ཉིད་སྲུང་སྐྱོབ་བཅས་ཀྱི་ཐོབ་ཐང་ཡོད།
 
དོན་ཚན་བཞི་པ།
       སྐྱེ་བོ་སུ་ཞིག་ཀྱང་ཚེ་གཡོག་གམ། བྲན་གཡོག་ཏུ་བཀོལ་སྤྱོད་བྱས་མི་ཆོག་པ་སྟེ། ཚེ་གཡོག་དང༌། བྲན་གཡོག་ཉོ་ཚོང་གི་རྣམ་པ་སྒོ་ཀུན་ནས་བཀག་སྡོམ་བྱེད་དགོས་པ་ཡིན།
 
དོན་ཚན་ལྔ་པ།
       སྐྱེ་བོ་སུ་ཞིག་ལའང་མནར་གཅོད་གཏོང་བའམ། སྡུག་རྩུབ་བྱེད་པ་དང༌། མི་སྤྱོད་ལས་འདས་པ། མཐོངས་ཆུང་དམའ་འབེབས་སམ། ཉེས་ཆད་འགེལ་བའི་རིགས་བྱས་མི་ཆོག
 
དོན་ཚན་དྲུག་པ།
       སྐྱེ་བོ་རེ་རེར་ཁྲིམས་ཀྱི་མདུན་ས་གང་འདྲ་ཞིག་ཏུའང་འགྲོ་བ་མི་ཞིག་ཡིན་པར་ངོས་འཛིན་དགོས་པའི་ཐོབ་ཐང་ཡོད།
 
དོན་ཚན་བདུན་པ།
       སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང༌། ཁྲིམས་ཐོག་ནས་དབྱེ་འབྱེད་གང་ཡང་མེད་པའི་སྲུང་སྐྱོབ་འདྲ་མཉམ་དགོས་པའི་ཁེ་དབང་ཡོད་ལ། ཚང་མར་གསལ་བསྒྲགས་འདི་ལས་འགལ་བའི་དབྱེ་འབྱེད་ཅི་རིགས་ལ་ངོ་རྒོལ་བྱེད་པ་དང༌། དབྱེ་འབྱེད་འདི་རིགས་སྐུལ་སློང་གི་བྱ་སྤྱོད་ཅི་རིགས་ལ་ངོ་རྒོལ་བྱེད་པར་སྲུང་སྐྱོབ་འདྲ་མཉམ་དགོས་པའི་ཁེ་དབང་ཡང་ཡོད།
དོན་ཚན་བརྒྱད་པ།
       སྐྱེ་བོ་རེ་རེར་རང་ཉིད་ལ་རྩ་ཁྲིམས་སམ། ཁྲིམས་ཐོག་ནས་སྤྲད་པའི་གཞི་རྩའི་ཐོབ་ཐང་རྡོག་རོལ་གཏོང་བའི་བྱ་སྤྱོད་བྱུང་རིགས་ལ་རྒྱལ་ཁབ་ཀྱི་སྐབས་བསྟུན་ཁྲིམས་ཁང་ཚད་ལྡན་ཞིག་ནས་ཕན་ནུས་ལྡན་པའི་རོགས་སྐྱོར་བྱ་དགོས་ཀྱི་ཐོབ་ཐང་ཡོད།
 
དོན་ཚན་དགུ་པ།
       སྐྱེ་བོ་སུ་ཡིན་རུང་གང་བྱུང་གིས་འཛིན་བཟུང་དང༌། བཀག་ཉར་བྱེད་པའམ། རྒྱང་འབུད་གཏོང་བ་བཅས་ཀྱིས་མནར་གཅོད་མྱོང་དུ་འཇུག་པའི་རིགས་མི་ཆོག
 
དོན་ཚན་བཅུ་པ།
       སྐྱེ་བོ་རེ་རེར་རང་གི་ཐོབ་ཐང་དང་འོས་འགན་སྐོར་དང༌། རང་ལ་ནག་ཉེས་ཅི་རིགས་བཙུགས་པར་རང་བཙན་ཡིན་ལ། ཕྱོགས་ལྷུང་བྲལ་བའི་སྐབས་བསྟུན་ཁྲིམས་ཁང་ཞིག་ནས་དྲང་བདེན་དང༌། མང་ཚོགས་ཀྱིས་ཉན་ཞིབ་ཆོག་པའི་ཁྲིམས་ཐག་གཅོད་དགོས་ཀྱི་འདྲ་མཉམ་ཆ་ཚང་ལྡན་པའི་ཁེ་དབང་ཡོད།
 
དོན་ཚན་བཅུ་གཅིག་པ།
       ༡ སྐྱེ་བོ་རེ་རེར་ཉེས་སྐྱོན་བཙུགས་པར་རང་གི་བདེན་པ་དག་སྐྱེལ་ཆེད་དུ་དགོས་ངེས་ཀྱི་འགན་ལེན་མཐའ་དག་ཡོད་པའི་ཡོངས་གྲགས་ཁྲིམས་ཞིབ་ཐོག་ནས། ཁྲིམས་ལུགས་ནང་གསལ་གྱི་འགལ་ཉེས་ཡོད་པ་ར་འཕྲོད་མ་བྱུང་བར། རང་ཉིད་ཉེས་མེད་ཡིན་པར་སྔོན་དཔག་ངོས་འཛིན་དགོས་པའི་ཐོབ་ཐང་ཡོད།
       ༢ སྐྱེ་བོ་སུ་ཡིན་རུང་བྱ་སྤྱོད་ལག་ལེན་བསྟར་བའམ། མ་བསྟར་བ་གང་རུང་གི་སྒོ་ནས་གནོད་འཚེ་ཅན་གྱི་འགལ་ཉེས་ཅི་རིགས་ཡོད་པར་བརྩི་བ་དེ་ཐད། སྐབས་དེའི་རྒྱལ་ཁབ་བམ། རྒྱལ་སྤྱིའི་ཁྲིམས་ཡིག་ཏུ་གསལ་འཁོད་མེད་པའི་གནོད་འཚེ་ཅན་གྱི་འགལ་ཉེས་བྱུང་བ་ཞིག་ཡིན་ཚེ། དེ་ནི་འགལ་ཉེས་ཡིན་པར་ངོས་འཛིན་མི་བྱེད་པ་མ་ཟད། གནོད་འཚེ་ཅན་གྱི་འགལ་ཉེས་དེ་བྱུང་ཡོད་པའི་སྐབས་དེར་ཁྲིམས་ཉེས་བཏང་ཟིན་པ་ལས་ལྕི་རུ་གཏོང་བའི་རིགས་ཀྱང་མི་ཆོག
 
དོན་ཚན་བཅུ་གཉིས་པ།
       སྐྱེ་བོ་སུ་ཡིན་རུང་རང་གི་སྒེར་དོན་ནམ།ནང་ཚང༌། ཁང་ཁྱིམ། ཡིག་འགྲུལ་བཅས་པར་གཞན་གྱིས་རང་སྣང་གང་དྲན་གྱིས་ཐེ་བྱུས་བྱས་མི་ཆོག་པ་མ་ཟད། གང་གི་མཐོངས་དང༌། མིང་གྲགས་ལ་གནོད་སྐྱོན་གཏོང་བའི་བཙན་ཤེད་ཀྱང་ལག་བསྟར་མི་ཆོག་པ་ཡིན། སྐྱེ་བོ་རེ་རེར་གཞན་གྱིས་དེ་འདྲའི་ཐེ་བྱུས་སམ། གནོད་སྐྱོན་བྱུང་རིགས་འགོག་ཐབས་བྱེད་པར་ཁྲིམས་ཐོག་ནས་བདེན་རྒྱབ་དགོས་པའི་ཐོབ་ཐང་ཡོད།
 
དོན་ཚན་བཅུ་གསུམ།
       ༡ སྐྱེ་བོ་རེ་རེར་སོ་སོའི་རྒྱལ་ཁབ་ཀྱི་ས་མཚམས་ནང་ཁོངས་སུ་རང་དབང་ཐོག་ནས་འགྲིམས་འགྲུལ་དང༌། གནས་སྡོད་བྱེད་པའི་ཐོབ་ཐང་ཡོད།
       ༢ སྐྱེ་བོ་རེ་རེར་རང་ཡུལ་ཐེ་བའི་ཡུལ་ལུང་གང་འདྲ་ཞིག་ནས་ཀྱང་ཕྱིར་ཐོན་བྱེད་པ་དང༌། རང་ཡུལ་དུ་ཕྱིར་ལོག་བྱེད་པའི་ཐོབ་ཐང་ཡོད།
 
དོན་ཚན་བཅུ་བཞི་པ།
       ༡ སྐྱེ་བོ་རེ་རེར་རང་ཉིད་གནོད་འཚེ་ལས་གཡོལ་ཏེ་ཡུལ་ལུང་གཞན་དག་གི་ནང་སྐྱབས་འཚོལ་གྱི་འཚོ་བར་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད།
       ༢ སྲིད་དོན་མ་ཡིན་པའི་ཁྲིམས་འགལ་ལམ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བསྒྲུབ་བྱ་དང༌། རྩ་དོན་ཕྱོགས་འགལ་གྱི་བྱ་སྤྱོད་དངོས་སུ་བྱུང་བའི་གྱོད་གཞི་ཁྲིམས་སྦྱོར་བགྱིས་རིགས་ཐོབ་ཐང་འདི་ལ་བརྟེན་ནས་སྐྱོབས་ཐབས་ཞུ་འབོད་བྱས་མི་ཆོག
 
དོན་ཚན་བཅོ་ལྔ་པ།
       ༡ སྐྱེ་བོ་རེ་རེར་རྒྱལ་ཁབ་ཀྱི་ཆབ་འབངས་ཤིག་བྱེད་པའི་ཐོབ་ཐང་ཡོད།
       ༢ གང་ཞིག་གི་རྒྱལ་ཁབ་ཀྱི་ཆབ་འབངས་གནས་སྟངས་བརྗེ་སྒྱུར་བྱེད་པའི་ཐོབ་ཐང་ཁས་ལེན་མི་བྱེད་པའི་རིགས་ཀྱང་མི་ཆོག

དོན་ཚན་བཅུ་དྲུག་པ།
       ༡ སྐྱེ་བོ་ཕོ་མོ་ན་ཚོད་ལོན་པ་རྣམས་ལ་མི་རིགས་དང༌། རྒྱལ་ཁབ་ཀྱི་ཆབ་འབངས་གནས་སྟངས། ཆོས་ལུགས་བཅས་ཀྱི་འགོག་རྐྱེན་གང་ཡང་མེད་པར་ཆང་ས་རྒྱག་པ་དང༌། ཁྱིམ་ཚང་འཛུགས་པའི་ཐོབ་ཐང་ཡོད། ཁོང་ཚོར་ཆང་ས་རྒྱག་སྐབས་དང༌། བཟའ་ཚང་བྱེད་པའི་རིང༌། ཁ་བྲལ་དུ་འགྲོ་བའི་སྐབས་བཅས་པར་ཐོབ་ཐང་འདྲ་མཉམ་དུ་སྤྱོད་པའི་ཁེ་དབང་ཡོད།
       ༢ བཟའ་མི་གཉིས་ཀས་རང་འདོད་བློ་མོས་གཙང་མ་དང༌། རང་དབང་ཁོ་ནའི་སྒོ་ནས་ཆང་ས་རྒྱག་རྒྱུར་དངོས་ཞུགས་བྱེད་དགོས་པ་ཡིན།
       ༣ ཁྱིམ་ཚང་ནི་རང་བཞིན་ཉིད་ནས་སྤྱི་ཚོགས་ཀྱི་གཞི་རྩའི་ཚོ་ཁག་ལྟེ་བ་ཡིན་ཞིང༌། ཚོ་ཁག་འདི་ལ་སྤྱི་ཚོགས་དང༌། རྒྱལ་ཁབ་ནས་སྲུང་སྐྱོབ་དགོས་པའི་ཁེ་དབང་ཡོད།
 
དོན་ཚན་བཅུ་བདུན་པ།
       ༡ སྐྱེ་བོ་རེ་རེར་རང་གི་མཁར་དབང་རང་ཉིད་ཁེར་རྐྱང་གིས་བདག་འཛིན་བྱེད་པ་དང༌གཞན་དག་དང་སྐྱིད་སྡུག་འདོད་སྒྲིལ་ཇི་བྱེད་ཀྱི་ཐོབ་ཐང་ཡོད།
       ༢ སྐྱེ་བོ་སུ་ཞིག་གིས་ཀྱང་གང་ཞིག་གི་མཁར་དབང་བཙན་འཕྲོག་བྱེད་པའི་རིགས་མི་ཆོག
 
དོན་ཚན་བཅོ་བརྒྱད་པ།
       སྐྱེ་བོ་རེ་རེར་བསམ་བློ་དང༌། རྣམ་འབྱེད།ཆོས་ལུགས་བཅས་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ཐོབ་ཐང་འདིའི་ནང་ཆོས་ལུགས་དང༌། ལྟ་གྲུབ་ཡིད་ཆེས་བརྗེ་བསྒྱུར་གྱི་རང་དབང་དང༌། ཁེར་རྐྱང་ངམ། གཞན་དག་དང་མཉམ་སྦྲེལ་གྱི་ཚོགས་སྡེ་དང༌། མང་ཚོགས་སམ། སྒེར་ཁག་ཅི་རུང་ནས་ཆོས་དང༌། ལྟ་གྲུབ་ཡིད་ཆེས་སློབ་ཁྲིད་དང༌། ཉམས་ལེན། ལྷ་མཇལ་མཆོད་འབུལ། སྲུང་བརྩི་ཇི་བྱེད་བཅས་ཀྱི་རྣམ་པ་གསལ་བར་འདོན་པའི་རང་དབང་ཡང་ཚུད་ཡོད།
 
དོན་ཚན་བཅུ་དགུ་པ།
       སྐྱེ་བོ་རེ་རེར་བསམ་ཚུལ་དང༌། རྣམ་འགྱུར་གསལ་འདོན་གྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད་པ་སྟེ། ཐོབ་ཐང་འདིའི་ཁོངས་སུ་གཞན་གྱི་ཐེ་བྱུས་བྲལ་བའི་བསམ་ཚུལ་འཛིན་པ་དང༌། མཐའ་མཚམས་ལ་ལྟོས་མི་དགོས་པར། བར་འབྲེལ་ཐབས་ལམ་ཅི་རིགས་བརྒྱུད་དེ་གནས་ཚུལ་དང༌། སེམས་ཀྱི་འཆར་སྒོ་འཚོལ་བ་དང་ལེན་པ། སྤེལ་བ་བཅས་ཀྱི་རང་དབང་ཚུད་ཡོད།
 
དོན་ཚན་ཉི་ཤུ་པ།
       ༡ སྐྱེ་བོ་རེ་རེར་ཞི་མཐུན་གྱི་སྒོ་ནས་ཚོགས་འཛོམས་དང༌། ཕན་ཚུན་འབྲེལ་བ་བྱེད་པའི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད།
       ༢ སྐྱེ་བོ་སུ་ཡིན་རུང་ཚོགས་པ་ཞིག་གི་ཁོངས་སུ་དབང་ཤེད་ཨུ་ཚུགས་ཀྱིས་བདག་ཉར་བྱེད་པའི་རིགས་མི་ཆོག
 
དོན་ཚན་ཉེར་གཅིག་པ།
       ༡ སྐྱེ་བོ་རེ་རེར་རང་ཉིད་ནས་ཐད་ཀར་རམ། རང་དབང་ཐོག་ནས་འདེམས་བསྐོས་འཐུས་མི་ཚོ་བརྒྱུད་དེ། རང་ཡུལ་གྱི་གཞུང་གི་ལས་ཁུར་ལེན་པའི་ཐོབ་ཐང་ཡོད།
       ༢ སྐྱེ་བོ་རེ་རེར་རང་གི་ཡུལ་ལུང་ནང་མང་ཚོགས་ཀྱི་ཞབས་ཞུར་འདྲ་མཉམ་གྱིས་གཞུག་རྒྱུའི་ཐོབ་ཐང་ཡོད།
       ༣ མི་དམངས་ཀྱི་འདོད་པ་ནི་གཞུང་གི་དབང་ཆའི་གཞི་རྩར་འཛིན་དགོས་པ་ཡིན་ཏེ། དུས་ཐོག་ཏུ་དངོས་འབྲེལ་གྱི་འདེམ་བསྐོ་བྱེད་པའི་ལམ་ནས། འདོད་པ་འདི་དངོས་སུ་འདོན་དགོས་པ་དང༌། དེ་ཡང་སྤྱི་ཡོངས་དང་འདྲ་མཉམ་གྱི་འོས་བསྡུ་བྱེད་པ་དང༌། གསང་བའི་འོས་ཤོག་འཕེན་པའམ། རང་དབང་གི་སྒོ་ནས་འོས་ཤོག་འཕེན་པའི་འགྲོ་ལུགས་ལ་བརྟེན་ནས་ལག་ལེན་དུ་འགེལ་དགོས་པ་ཡིན།
 
དོན་ཚན་ཉེར་གཉིས་པ།
       སྐྱེ་བོ་རེ་རེར་རང་ཉིད་སྤྱི་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པ་ལྟར།རང་ལ་སྤྱི་ཚོགས་བདེ་སྲུང་གི་བྱ་བ་སྒྲུབ་པའི་ཐོབ་ཐང་ཡོད། རྒྱལ་ཁབ་སོ་སོའི་སྒྲིག་འཛུགས་དང༌། མཐུན་རྐྱེན་ནུས་ཤུགས་ལ་གཞིགས་པའི་རྒྱལ་ཁབ་ཀྱི་འབད་བརྩོན་དང༌། རྒྱལ་སྤྱིའི་མཉམ་སྦྲེལ་ལ་བརྟེན་ནས་རང་དབང་ངང་རང་ཉིད་ཡར་རྒྱས་གཏོང་བ་དང༌། རང་གི་ཆེ་མཐོངས་ཀྱི་དོན་དུ་དགོས་ངེས་ཀྱི་དཔལ་འབྱོར་དང༌། སྤྱི་ཚོགས་ཀྱི་འབྲེལ་བ། རིག་གཞུང་བཅས་ཀྱི་ཐོབ་ཐང་དོན་འཁེལ་ཡོང་པའི་ཁེ་དབང་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
liao བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འབྲོང་རྭ་མེ་འབར། སྤེལ་དུས:2016/12/1
ཐུགས་རྗེ་ཆེའོ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41152833
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1