༄༅། །རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 10 ཚེས 14 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» ཁོར་ཡུག་སྲུང་སྐྱོབ། »༄༅། །རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ།
༄༅། །རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/12/15ལྟ་ཀློག (42711)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅། །རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ།

     阿 坝 环 保 急 敉 组

     acceleration in environment of protection

         committee in Nangwa region

གསར་འགོད་པ་ཡོབ་ཤུལ་གཤོག་སྒྲ།

           རབ་རྒྱན་ཤིང་ལུག་ལོ་སྟེ་ཕྱི་ལོ་2016-ཟླ་12-ཚེས་15-ཉིན་མདོ་སྨད་རྔ་ཡུལ་སྒོ་མང་དགོན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཕྱི་ནང་བར་གསུམ་དུ་《རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པའི་》གཤིས་བཟང་གི་མི་བུ་600.ལྷག་ལ་“བཀའ་གནམ་ལྕགས་ཀྱི་རྟ་རེ་དང་གསུང་གསེར་ནག་གི་འཛེར་མ་”མ་ཡིན་པར་གཞི་ནས་སོ་སོས་མ་བསྐུལ་དང་བླངས་ཀྱིས་སྒོ་ནས་སྤྱིར་ས་ཆེན་གྱི་མ་ཡུམ་འདི་ཉིད་རང་ངོས་ནས་སྲུང་སྐྱོབ་དང་གཅེས་སྐྱོང་བྱེད་པའི་གོམ་སྟབས་སྒྱུར་དང་བསྒྱུར་བཞིན་པ་ལགས་ཏེ། ལྷག་པར་དུ་དེ་རིང་ནས་བཟུང་སྒོ་མང་དགོན་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་འདི་ཉིད་ད་ལོའི་དགུན་མོ་ཆེན་མོའམ་ཕར་ཕྱིན་སྟོན་མོ་ལ་ཚོགས་རྒྱུ་ཁེལ་ཡོད་པས།  མདོ་སྨད་བསྟན་པའི་འབྱུང་གནས་མ་དགོན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་གྲུབ་གསེར་རིའི་ཕྲེང་བ་དག་གཙོ་བོར་གྱུར་བའི་ཕྱོགས་ཡོངས་ཀྱི་དགོན་སྡེ་ཆེ་ཕྲ་མང་བོའི་དགེ་འདུན་པ་གདན་འདྲེན་བྱས་ཡོད།   ཆོས་ཚོགས་དེ་དང་འབྲེལ་ནས་རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པས་ཁོར་ཡུག་གཙང་སྦྲ་དང་རང་ས་བདག་སྐྱོང་གི་བྱ་འགུལ་ཕུན་སུམ་ཚོགས་པ་ཞིག་སྤེལ་ཡོད།


གཤམ་དུ་ཚོགས་པ་དང་འབྲེལ་བའི་དོན་ཚན་འགའ།

༼དོན་ཚན་དང་བོ།༽ཚོགས་པའི་ཁ་ཕྱོགས།

           རིགས་རྒྱུད་གཙང་མ་ལྷ་ལས་ཆད་ཅིང་ཤ་རུས་ཁྲག་གསུམ་བོད་ནས་དར་བའི་འབྲེལ་ཡོད་ཀྱི་ཕུ་ནུ་མིང་སྲིང་རྣམ་པ། དེང་དུས་འཛམ་གླིང་ཁྱིམ་གཅིག་ཅན་དུ་འགྲོ་བའི་སྐབས་འདིར་མི་སོ་སོས་རང་གི་ཡུལ་ལུང་ན་ཁོར་ཡུག་སྲུང་སྐྱོབ་དང་རང་ས་བདག་སྐྱོང་གི་ཕྱོགས་ལ་གཅིག་ཏུ་བརྩོན་པའི་མི་སྣ་ནི་གྲངས་ཀྱིས་མི་ལོང་བའི་ཚད་དུ་ཡོད་པ་སུ་ཞིག་སྙོན། དེའི་ཕྱིར། ང་ཚོས་ཀྱང་མི་དང་རང་བྱུང་ཁམས་བར་གྱི་མཐུན་སྒྲིལ་ལ་ཆེད་དུ་གཞིག་ནས་《རྔ་ལྗོངས་ཁོར་ཡུག་མྱུར་སྐྱོབ་ཚོགས་པ་》ཞེས་པ་ཞིག་བཙུགས་ཏེ། ཕ་ཡུལ་མི་དམངས་ཀྱི་གཙོས་དབུགས་ལྡན་སྐྱེ་འགྲོ་ཡོངས་ལ་ནགས་སིལ་ཏོག་གི་མགོ་ལྕོག་ལྡེམ་ཞིང་རྩྭ་མེ་ཏོག་གི་ངམ་ཁ་འཕྱུར་བའི་ཡིད་འོང་དག་ཞིང་གི་ཁོར་ཡུག་ཤིག་བསྐྲུན་རྒྱུ་སོགས་ལ་འབད་བརྩོན་ལྷོད་མེད་བྱ་རྒྱུ་ནི་ང་ཚོའི་ཚོགས་པ་འདིའི་ཁ་ཕྱོགས་ཡིན།


༼དོན་ཚན་གཉིས་པ།༽ཚོགས་པའི་དམིགས་ཡུལ།

           ཚོགས་མི་སུ་དང་སུ་ཡིན་ན་སོ་སོའི་བར་ལ་བརྩེ་སེམས་ཀྱི་འོ་མཚོ་བསྐྱིལ་ཞིང་མཐུན་སྒྲིལ་གྱི་དཔུང་རྡང་བསྒྲིགས་པ་གཞིར་བཞག་གི་སྟེང་དུ་རང་ཉིད་ས་གང་དུ་སོང་ཡང་གནས་གང་དུ་བསྡད་ཀྱང་གད་སྙིགས་གང་སར་མི་འཕེན་པའི་དམ་བཅའ་དང་རང་ངོས་ནས་འགོ་བརྩམས་ཏེ་མི་གཙང་བའི་གད་སྙིགས་མང་བོ་གཙང་དག་བཟོས་ཏེ་མི་དམངས་ཀྱི་སེམས་སུ་སྒུལ་ཤུགས་ཐེབས་སུ་འཇུག་རྒྱུ། ད་དུང་ལོ་རེ་རེ་བཞིན་ཚོགས་པ་རང་ངོས་ནས་དོ་དམ་བྱས་ཏེ་སློབ་གསོ་བ་དང་བསམ་བློ་བ་རྣལ་མ་རེ་གདན་འདྲེན་ཞུས་ཏེ་ཁོར་ཡུག་སྲུང་སྐྱོབ་དགོས་ཚུལ་དང་རང་ས་བདག་སྐྱོང་བྱེད་ཚུལ་སོགས་ཀྱི་བསླབ་བྱ་སློབ་སྟོན་རེ་གནང་རྒྱུ་སོགས་རང་གཞན་གཉིས་ཕན་གྱི་བྱ་འགུལ་་གང་ལེགས་རེ་སྤེལ་རྒྱུའི་དམིགས་ཡུལ་ཡོད།


༼དོན་ཚན་གསུམ་པ།༽ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་ཉེས་སྐྱོན།

           མི་ལོ་སྟོང་ཕྲག་གི་རིང་ལ་རིག་དངོས་ཞིབ་འཇུག་མཁན་དང་ཁོར་ཡུག་སྲུང་སྐྱོབ་པ་དག་གིས་དཔྱད་འབྲས་ལྟར་ན་ང་ཚོས་གད་སྙིགས་གང་འདོད་དུ་ཆུ་ལ་འཕང་ན་ནམ་ཞིག་ང་ཚོ་ལ་འཐུང་ཆུ་དཀོན་པའི་དཀའ་ཁག་ལ་ཐེ་ཚོམ་མེད་པར་འཕྲད་ངེས་རེད་ཅེས་མང་དུ་བཤད་འདུག རྒྱུ་མཚན། འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ཁྲོད་དུ་ཆུའི་སྤྱོད་སྒོ་ནི་བརྒྱ་ཆའི་ཟིན་འདུག་པས་རེད། དེ་དག་ལས་ཀྱང་སུམ་ཆམ་གཏོགས་ཚང་མ་འཕྲོ་རླག་ཏུ་གཏོང་གིན་འདུག ད་དུང་གད་སྙིགས་གང་འདོད་དུ་ས་ལ་འཕང་ན་ལོ་ངོ་སྟོང་ཕྲག་གི་རིང་དུ་རང་ཉིད་སྡོད་སའི་ཡུལ་ལུང་དེར་འབག་བཙོག་བཟོས་ནས་འདུག དཔེར་ན། དུད་སྣེ་ལོ་ཤོག་ཕོར་ལོ་ཤོག་སྒམ་ཟླ་བ་གློགས་རྫས་ལོ་འགྱིག་ཁུག་ལོ་སྟབས་ཐུག་གི་ཤུབས་ལོ་གཙང་ཤོག་གཟའ་འཁོར་ཤེལ་གྱི་རིགས་སོགས་ནི་ལོ་གྲངས་མེད་ཀྱི་རིང་དུ་ཁོའི་ཚེ་སྲོག་མི་འགག་པར་ཁོར་ཡུག་ལ་འབག་བཙོག་བཟོས་པ་དང་བཅོས་དཀའ་བའི་ནད་རིགས་འདྲེན་པ་སོགས་ནི་ཁ་སང་གང་འདོད་དུ་དོར་བའི་གད་སྙིགས་ཀྱིས་དེ་རིང་མི་འདོད་པའི་སྡུག་བསྔལ་ཐོག་ཏུ་དྲངས་པ་གདོན་མི་ཟའོ། །


༼དོན་ཚན་བཞི་བ།༽ཁོར་ཡུག་སྲུང་སྐྱོབ་བྱས་པའི་དགེ་མཚན།

           ང་ཚོས་ནམ་རྒྱུན་འཚོ་བའི་ཁྲོད་ན་སྤྱོད་བཞིན་པའི་དངོས་པོ་དག་ལ་ངེས་པར་དུ་དོ་སྣང་ནན་མོ་བྱས་ཏེ་རང་ཉིད་ནས་མགོ་བརྩམས་ཏེ་རྐང་གཉིས་མི་ཡི་རིགས་དང་ཁྱད་པར་དུ་ཕ་ཡུལ་མི་དམངས་ཀྱི་སེམས་ཁམས་སུ་ཁོར་ཡུག་སྲུང་སྐྱོབ་དང་རང་ས་བདག་སྐྱོང་གི་འདུ་ཤེས་གསོན་པོ་ཞིག་དང་རྒྱུན་ཤེས་རྣལ་མ་རེ་ཆགས་སུ་འཇུག་ཐུབ་ན། རང་རེ་ཁ་བ་གངས་ཅན་གྱི་ལྗོངས་འདི་ཉིད་འཛམ་གླིང་གི་རྒྱ་ཕིབས་དང་ཆུ་བོའི་མཆོད་རྟེན་དུ་གྲགས་པ་དོན་ལ་གནས་འདུག མ་ཟད་རི་མཐོ་ས་གཙང་གི་ཡུལ་གྲུ་འདིའི་མཚོན་པའི་ཡངས་པའི་རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་ལོ་ལེགས་འབྱུང་བ་སོགས་ངོ་མཚར་རྨད་བྱུང་གི་དག་ཞིང་ཞིག་ཏུ་འགྱུར་བའི་རེ་བ་དང་ཡིད་ཆེས་ཡོད།


༼དོན་ཚན་ལྔ་བ།༽ཚོགས་མི་ཞུགས་སྟངས་ཀྱི་རིམ་པ།

           ཚོགས་པ་འདིར་ཞུགས་མཁན་མི་སུ་ཡིན་ནའང་བསམ་བློ་ཉི་ཚེ་རེ་དང་ལྟ་བ་ལྟར་སྣང་བ་ཞིག་གི་ཀློང་དུ་ཧོལ་རྒྱུག་མི་བྱེད་པར་དངོས་གནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་རྣལ་མ་ཞིག་ཡོད་པའི་སྟེང་དུ་ཚོགས་མི་ནང་ཕན་ཚུན་ལ་མཐུན་སྒྲིལ་དང་ཚོགས་པའི་ལས་སྣེ་ཚོ་ལ་བརྩི་བཀུར་ཡོད་དགོས། གཅིག ཐོག་མར་ཚོགས་གཙོ་རྒན་གཞོན་ལ་ཚོགས་པ་འདིར་ཞུགས་འདོད་ཀྱི་སྙན་ཞུ་ཕུལ་དགོས། གཉིས། ཚོགས་གཙོ་རྒན་གཞོན་གཉིས་ཀྱི་ཆོག་མཆན་ཐོབ་རྗེས་དྲུང་ཡིག་པའི་ལག་ཏུ་སྒོར་ལྔ་བཅུ་སྤྲད་ནས་རང་གི་མིང་ཐོ་འགོད་རྒྱུ་དང་ལག་རྟགས་ལེན་རྒྱུ། གསུམ། ཚོགས་པ་འདིར་ཞུགས་ནས་བཟུང་ཚོགས་གཙོ་གཞོན་བཀོད་སྒྲིག་འོག་དུས་ལྟར་ལས་ཀ་གང་ཡོད་ལ་ངེས་པར་དུ་ཐོན་དགོས་པ་དང་།གལ་ཏེ་བྱ་འགུལ་དང་ལས་ཀ་ཐེངས་གཅིག་ནས་གསུམ་གྱི་བར་མ་ཡོང་ན་རང་སྒེར་ནས་ཕྱིར་འབུད་བྱས་པ་ཡིན། མ་ཟད་ལག་རྟགས་ཀྱང་དྲུང་ཡིག་པའི་ལག་ཏུ་ངེས་པར་འབྱོར་དགོས།


སྤྱི་ལོ་ཟླ་ཚེས་2016.12.15.ཉིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
45488062
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1