ལས་རྒྱུ་འབྲས་ཡོད་པ་ཚན་རིག་གིས་ར་སྤྲོད་བྱས་འདུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 12 ཚེས 12 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» སྤྱི་ཚོགས་གླེང་བརྗོད། »ལས་རྒྱུ་འབྲས་ཡོད་པ་ཚན་རིག་གིས་ར་སྤྲོད་བྱས་འདུག
ལས་རྒྱུ་འབྲས་ཡོད་པ་ཚན་རིག་གིས་ར་སྤྲོད་བྱས་འདུག
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2016/12/26ལྟ་ཀློག (48724)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲྭ།པར་འདེབ།

ལས་རྒྱུ་འབྲས་ཡོད་པ་ཚན་རིག་གིས་ར་སྤྲོད་བྱས་འདུག

རྩོམ་སྒྱུར་བ། བདེ་ལྷ་མོ།

           ཨ་རིའི་ཚེ་སྲོག་རིག་པའི་མཁས་དབང་དགེ་རྒན་ཆེན་མོ་བ་སེ་ཏ་ཧྥིན་ཕོ་སི་ཐྲི་(Stephen Post)སོགས་ཀྱིས་དེང་རབས་ཚན་རིག་དང་གསོ་བ་རིག་པའི་ཐབས་ལམ་སྤྱད་ནས་གཞན་ལ་རོགས་བྱེད་པ་དང་། སྦྱིན་པ་གཏོང་བ་སོགས་བྱ་བཟང་སྤྱོད་བཟང་སྒྲུབ་པ་ཡིས་མིའི་ལུས་ཁམས་དང་སེམས་ཁམས་ལ་འགྱུར་བ་གང་འབྱུང་གི་སྐོར་ལ་ལོ་མང་རིང་ཞིབ་འཇུག་བྱས་མཐར། ཞིབ་འཇུག་འབྲས་བུ་ཧང་སང་པ་ཐོབ་ཡོད་པ་སྟེ། མིས་བྱ་བཟང་སྤྱོད་བཟང་བསྒྲུབས་རྗེས། སྤྲོ་སྣང་ངམ་རང་ལ་ཡིད་ཚིམ་པའི་ཚོར་སྣང་འབྱུང་བ་མ་ཟད།  ལུས་ཕུང་ནང་ཕྲ་ཕུང་གི་བདེ་ཐང་ལ་ཕན་པ་ཆེ་བའི་རྫས་ཁྱད་པར་བ་ཞིག་འབྱེད་ཅིང་། རྫས་དེས་ནད་འགོག་ཕྲ་ཕུང་ལ་སྟོབས་ཤུགས་བསྩལ་བ་དང་། ནད་འགོག་ཕྲ་ཕུང་སྟོབས་དང་ལྡན་པར་གྱུར་བ་ཡིས་མི་དེར་ནད་ཕོག་མི་སླ་བར་འགྱུར་ལ། དེ་མིན་རྫས་དེས་ད་དུང་སེམས་ཁམས་ཀྱི་བདེ་ཐང་ལའང་ཕན་པ་བསྐྱེད་པ་རེད། མིས་བྱ་ངན་སྤྱོད་ངན་སྒྲུབ་པའམ་སེམས་པ་ངན་པ་བཅངས་ན། དེ་ལས་ལྡོག་སྟེ་ཁྲག་ནང་བདེ་ཐང་ལ་གནོད་པའི་དུག་དང་ལྡན་པའི་རྫས་ཤིག་འབྱུང་བ་དང་། རྫས་དེས་ལུས་པོའི་བདེ་ཐང་ལ་གནོད་སྐྱེལ་བ་མ་ཟད། སེམས་ཁམས་ཀྱི་བདེ་ཐང་ལའང་གནོད་བྱེད་དོ།།

          དེ་མིན་གཞན་ཨ་རིའི་སྙིང་དང་ཁྲག་རྩ་རིག་པའི་ཆེད་མཁས་པ་འབུམ་རམས་པ་ཝེ་ལེམ་སེ་(Williams)ཡིས་༡༩༥༨ལོ་ནས་བཟུང་སློབ་མ་༥༠༠སེམས་དཀར་ཅན་དང་སེམས་ནག་ཅན་རིགས་གཉིས་སུ་བཀར་ནས་ལོ་༢༥ཡི་རིང་རྗེས་འདེད་བརྟག་དཔྱད་བྱས་པར། སེམས་པ་ནག་པོ་ཅན་རྣམས་སེམས་པ་དཀར་པོ་ཅན་ལས་ནད་ཕོག་སླ་བ་མ་ཟད། སེམས་ནག་ཅན་རྣམས་ཤི་ཚད་ཀྱང་བརྒྱ་ཆའི་༩༦ཙམ་ཟིན་པའི་ཞིབ་འཇུག་འབྲས་བུ་ཐོབ་འདུག

 

          ཞིབ་འཇུག་འབྲས་བུ་དེ་དག་གིས་རྒྱུ་འབྲས་ཞེས་པའི་བཤད་སྲོལ་དེ་མིག་མཐོང་ལག་ཟིན་ལྟ་བུར་བསྒྱུར་ཞིང་། ལས་རྒྱུ་འབྲས་ཞེས་པ་ཚེ་ཕྱི་མ་མི་དགོས་པར་ཚེ་འདི་ངོགས་ནས་ཀྱང་མཐོང་ཐུབ་པ་ཚན་རིག་གིས་ར་སྤྲོད་བྱས་སོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འབའ•བཻཌཱར ། སྤེལ་དུས:2016/12/2
མིག་མཐོང་ལག་ཟིན་གྱི་རྒྱུ་འབྲས་ལ་དམིགས་པའི་དོ་ཁུར། ལྐུགས་པ་དང་ཞ་བོ་ལས་འདས་བའི་ལོང་བ་དང་འོན་པའི་ཚོགས་ལ་ཞུ་རྒྱུར། ངེད་བོད་ཆེན་པོའམ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་འགྲོ་བ་སེམས་ཅན་ལ"ཀུན་ཏུ་བཟང་བོ"ཞེས་ཚེ་གཅིག་ལུས་གཅིག་གིས་ཆོས་དབྱིངས་སུ་འཐིམ་པའི་གདེངས་ཚོད་དེ་ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་མིའི་རིགས་ཕ་རྒྱུད་བྱང་ཆུབ་སེམས་དཔའ་ལས་བྱུང་བའི་གདོད་མའི་དུས་སུ་བསྩལ་བ་དང་། སྤྱིར་"ཀུན་ཏུ་བཟང་བོ་"ནི་རང་ལས་གཞན་མ་མཆིས་བ། རྒྱུ་འབྲས་ལ་བྲལ་བའི་ཚོགས་དེ་ཚོ་"ཀུན་བཟང་"ཞིག་མ་ཡིན་པ། སངས་རྒྱས་མེས་བོ་ཀུན་ཏུ་བཟང་བོ་ཞེས་གྲགས་པའི་དུས་་སུ་ང་ཚོས་ལས་རྒྱུ་འབྲས་ཡོད་པ་མིག་མཐོང་ལག་ཟིན་ཡིན་པས་རྒྱུ་འབྲས་ལ་དཔྱད་པའི་ཚན་རིག་པ་དང་རྒྱུ་འབྲས་བཤད་པའི་གཏམ་སྤེལ་བའི་འོན་པ་དང་ལོང་བའི་ཁྱུ་ཚོས་ངེས་བར་གྱིས།"རང་ཉིད་རང་གི་མགོན་ཡིན་དེ།། གཞན་ལྟ་སུ་མགོན་ཏུ་མཆིས།།" ཟེར་བ་ལས་ལས་རྒྱུ་འབྲས་བརྗོད་ཡོད་པར་མ་ཟད་རང་ཉིད་ཀུན་ཏུ་བཟང་བོ་བྱེད་མིན་ཡང་གསུངས་ཡོད་དོ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
46320104
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1