ཟམ་ཚ་མཚོ་ཉིན་སུམ་མདོའི་གསབ་སྦྱོང་གི་བརྡ་སྦྱོར།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »ཟམ་ཚ་མཚོ་ཉིན་སུམ་མདོའི་གསབ་སྦྱོང་གི་བརྡ་སྦྱོར།
ཟམ་ཚ་མཚོ་ཉིན་སུམ་མདོའི་གསབ་སྦྱོང་གི་བརྡ་སྦྱོར།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/1/10ལྟ་ཀློག (2321)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཟམ་ཚ་མཚོ་ཉིན་སུམ་མདོའི་གསབ་སྦྱོང་གི་བརྡ་སྦྱོར།

        ཤེས་རིག་ཡོན་ཏན་ལ་དགའ་མོས་དང་དུང་བ་ཟབ་པའི་ས་གནས་ཀྱི་འབྲོག་པ་མང་ཚོགས་དང་།  གནའ་དེང་རིག་གཞུང་ཀུན་ལ་ཐོས་བརྩོན་གྱི་གཤོག་ཟུང་ཡངས་པའི་སློབ་གྲོགས་རྣམ་པ་ལགས།
       དེ་ཡང་འཛམ་གླིང་ཤར་ནུབ་ཀུན་ཏུ་ཤེས་རིག་འཕེལ་རྒྱས་ཀྱི་ཚ་རླབས་ཆེ་ཆེར་འཕྱུར་བའི་དུས་འདིར་ངེད་ཟམ་ཚའི་ཀུན་ཕན་སློབ་བུ་ལྷན་ཚོགས་ཀྱིས། བསམ་པ་ཡར་སེམས་དང་། སྐུད་པ་ཡར་འཁེལ་གྱི་ཚུལ་གྱིས་ཆེད་དུ་ཕ་ས་ཕ་ཡུལ་ལ་དམིགས་ཤིང་ཕྱོགས་སོ་སོ་ནས་ཡོང་བའི་དོན་གཉེར་གྱི་སློབ་མ་རྣམས་ལ་ཁ་གཏད་དེ། དགུན་གནང་འདིར་འབྲོག་ལས་རྒྱུན་ཤེས་གསབ་སྦྱོང་འཛིན་གྲྭ་༼རྒན་དར་གཞོན་གསུམ་དང་ཕོ་མོའི་དབྱེ་འབྱེད་མེད་པར་ཞུགས་ཆོག ༽དང་། ཤེས་རིག་དར་སྤེལ་གསབ་སྦྱོང་འཛིན་གྲྭ་༼སློབ་ཆུང་ལོ་རིམ་བཞི་བ་ཡན་ནས་སློབ་ཆེན་སློབ་མའི་བར་ཞུགས་ཆོག ༽གཉིས་བསྒྲུབ་རྩིས་ཡོད་པས།  གསབ་སྦྱོང་འདིར་ཞུགས་པར་འདོད་མོས་ཡོད་མཁན་རྣམས་ཀྱིས་གཤམ་གྱི་དོན་ཚན་དག་ཡིད་ལ་ངེས་པའི་སྒོ་ནས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

གཅིག འཁྲིད་བྱ།
  ༡༽འབྲོག་ལས་རྒྱུན་ཤེས་གསབ་སྦྱོང་འཛིན་གྲྭར་ཡི་གེ་སྦྱོར་ཀློག་དང་། ནང་བསྟན་གྱི་རྒྱུན་ཤེས། སྤྱིར་བཏང་གི་འཚོ་བའི་ཁྲོད་དུ་ཆེས་ཉེར་མཁོ་ཅན་གྱི་རྒྱུན་ཤེས་སོགས་འཁྲིད་རྒྱུ་ཡིན།
  ༢༽ཤེས་རིག་དར་སྤེལ་གསབ་སྦྱོང་འཛིན་གྲྭར། མིང་གཞིའི་སློབ་དེབ་དང་མི་རོ་རྩེད་སྒྲུང་། སུམ་རྟགས་དག་གསུམ་དང་ལོ་རྒྱུས་ཀུན་དགའི་མེ་ལོང་སོགས་འཁྲིད་རྒྱུ་ཡིན།

གཉིས། མིང་ཐོ་འགོད་དུས་དང་རྒྱུད་རིམ།
     སྤྱི་ལོ་2017ལོའི་ཟླ་1ཚེས་13ཉིན་དང་། ཧོར་ཟླ་12བའི་ཚེས་15ཉིན་གུང་དུས་ཚོད་13:00སྟེང་དངོས་སུ་སློབ་མ་རྣམས་ལ་མིང་ཐོ་འགོད་རྒྱུད་ཡིན་ལ། སྐབས་དེར་སློབ་མ་རང་གི་ཁྱིམ་བདག་གིས་དངོས་སུ་བསྐྱལ་ནས་ཡོང་དགོས།

གསུམ། འཚོགས་ཡུལ་དང་འཚོགས་དུས།
    འཚོགས་ཡུལ་ཟམ་ཚ་མཚོ་ཉིན་སུམ་མདོ་ཡིན་ལ། འཚོགས་དུས་ནི་སྤྱི་ལོ་2017ལོའི་ཟླ་1ཚེས་14ཉིན་དང་། ཧོར་ཟླ་12ཚེས་16ཉིན་གྱི་སྔ་དྲོ་དངོས་སུ་སློབ་ཁྲིད་ཀྱི་འགོ་འཛིན་རྒྱུ་ཡིན།

བཞི། སློབ་སྦྱོང་གི་མཐུན་རྐྱེན་ཕྲན་བུ།
       ཁྱེད་རང་གསབ་སྦྱོང་འདིར་ཞུགས་ན་སློབ་རིན་སྐར་གང་ཡང་མི་ལེན་པར་མ་ཟད་འཁྲིད་བྱའི་སློབ་དེབ་༼ཕལ་ཆེ་བ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དེབ་ཡིན།༽ཀྱང་རིན་མེད་དུ་ཁྱེད་ལ་འབུལ་རྒྱུ་ཡིན་ལ། ད་དུང་ས་ཐག་རིང་གི་སློབ་མ་ཚོར་ང་ཚོས་དམིགས་བསལ་གྱིས་སྡོད་གནས་དང་འཚོ་བའི་མཐུན་རྐྱེན་གང་ལེགས་ཅི་ནུས་ཀྱིས་བཀོད་སྒྲིག་བྱ་ངེས།

 ལྔ།  ང་ཚོའི་ཐུན་མོང་སྒྲིག་ལམ།
       གསབ་སྦྱོང་འདིར་ཞུགས་ན་ཀུན་གྱི་བདེ་ཐང་གི་ཆེད་ལ་དུ་ཆང་གཉིས་སྤྱོད་མི་ཆོག་པར་མ་ཟད། ཕ་མའི་སེམས་ཁྲལ་དང་འཚོ་བ་བདེ་འཇགས་ཡོང་ཕྱིར་སློབ་མ་རྣམས་ཀྱིས་ཕར་འགྲོ་ཚུར་ཡོང་སྐབས་རླངས་འཁོར་བསྐོར་མི་ཆོག་པའང་ཡིད་ལ་ངེས་དགོས།
________________________________________
འབྲེལ་གཏུག་བྱ་ཡུལ།
 བློ་བཟང་རྒྱ་མཚོ། ཁ་པར་དང་སྐད་འཕྲིན་ཨང་གྲངས།
13893909993
འཇིགས་མེད་གྲགས་པ། ཁ་པར་དང་སྐད་འཕྲིན་ཨང་གྲངས།
 13150053553      1094887751
བཀྲ་ཤིས་དོན་གྲུབ། 13150053553
 གཉེན་དགའ།     15379419567 
བསོད་ནམས་འཚོ། 13688128747
བཀྲ་ཤིས་འཚོ།     15379416266
_________________________________________
  སརྦ་མངྒ་ལཾ།

དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 12 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96yc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རང་ག་བ། སྤེལ་དུས:2017/1/16
ཨ་ཁུ་སངས་རྒྱམ་ཁོམ་སོང་བས་ཡིན་རྒྱུ་རེད་གོ་་་་་་་ སུ་ཁོམ་ན་སྐད་འདི་ཞོག་་་ ཨ་ཁུ་སངས་རྒྱམ་ལ་ཁྱོད་ཤོག་ད་ངས་ཁྱོད་སློབ་ཁྲིད་ཡེད་རྫས།
 སྤེལ་མཁན: ཀླུ་ཆུ་བ། སྤེལ་དུས:2017/1/10
འདི་ནི་ཀླུ་ཆབ་སྔོན་མོའི་གཏམ་རྒྱུ་ཡིན།
 སྤེལ་མཁན: ཀླུ་སྐར་ཆེན། སྤེལ་དུས:2017/1/10
ཡི་རངས་ཡོད།
 སྤེལ་མཁན: གཅེས་ལོ། སྤེལ་དུས:2017/1/10
འདི་ནི་ང་ཚོའི་གཟི་བརྗིད་དང་སྤོབས་པ་ཡིན།
 སྤེལ་མཁན: ཁམས་གཅེས་ལོ། སྤེལ་དུས:2017/1/10
འདི་ནི་ང་ཚོའི་གཟི་བརྗིད་དང་སྤོབས་པ་ཡིན།
 སྤེལ་མཁན: གངས་ཚེ་རིང་། སྤེལ་དུས:2017/1/10
ང་ཚོས་རང་རང་སོ་སོའི་ཕ་ཡུལ་ནས་འདི་འདྲ་མང་པོ་ཞིག་འཛུགས་ཐུབ་ན་བཟང་གི།
 སྤེལ་མཁན: སེམས་དཀར་མ། སྤེལ་དུས:2017/1/10
དཔེ་ཡག་པོ་རེད།
 སྤེལ་མཁན: སེམས་དཀར་མ། སྤེལ་དུས:2017/1/10
དཔེ་ཡག་པོ་རེད།
 སྤེལ་མཁན: སེམས་དཀར་མ། སྤེལ་དུས:2017/1/10
དཔེ་ཡག་པོ་རེད།
 སྤེལ་མཁན: སེམས་དཀར་མ། སྤེལ་དུས:2017/1/10
དཔེ་ཡག་པོ་རེད།
  པར་ངོས 1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
14202877
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号