ཁྲིན་ཏུའུ་རུ་བོད་ཡིག་འཛིན་གྲྭ་འཛུགས་དགོས་པའི་གྲོས་གཞི་བཏོན་འདུག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཁྲིན་ཏུའུ་རུ་བོད་ཡིག་འཛིན་གྲྭ་འཛུགས་དགོས་པའི་གྲོས་གཞི་བཏོན་འ
ཁྲིན་ཏུའུ་རུ་བོད་ཡིག་འཛིན་གྲྭ་འཛུགས་དགོས་པའི་གྲོས་གཞི་བཏོན་འདུག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/1/11ལྟ་ཀློག (4641)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གྲོས་གཞི་འདི་འདོན་མཁན་སྒྲོལ་དཀར་སྐྱིད་ལགས།

       ༢༠༡༧ལོའི་སྤྱི་ཟླ་༡ཚེས་༤ནས་ཚེས་༧ཉིན་བར།  ཀྲུང་གོའི་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་ཁྲིན་ཏུའུ་ཨུ་ཡོན་ཚོགས་པའི་གྲོས་ཚོགས་ཐེངས་ལྔ་བ་ཁྲིན་ཏུའུ་རུ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྲིད་གྲོས་ཨུ་ཡོན་དང་།

     སི་ཁྲོན་དགེ་ཐོན་སློབ་ཆེན་རོལ་མོའི་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་གླིང་གཙོ་གཞོན་པ་སྒྲོལ་དཀར་སྐྱིད་ལགས་ཀྱིས་(མིང་གཞན་旦丽萍)《ཁྲིན་ཏུའུ་ཡི་བོད་རིགས་འདུས་སྡོད་ས་ཁུལ་དུ་བྱིས་སྙོར་ཁང་ནས་མཐོ་འབྲིང་བར་གྱི་བོད་རྒྱ་སྐད་གཉིས་འཛིན་གྲྭ་འཛུགས་པའི་སྐོར་གྱི་བསམ་འཆར་》ཞེས་པའི་གྲོས་གཞི་(ཨང་༣༩བ)བཏོན་ཡོད་ཅིང་།

     གྲོས་གཞི་དེའི་ནང་ཝུའུ་ཧུའུ་ཚི་དང་ཞི་མེན་སོགས་ཁྲིན་ཏུའུ་ཡི་བོད་རིགས་འདུས་སྡོད་ཁུལ་དྲུག་ལྷག་ཏུ་བྱིས་སྙོར་ཁང་ནས་མཐོ་འབྲིང་བར་གྱི་བོད་རྒྱ་སྐད་གཉིས་འཛིན་གྲྭ་འཛུགས་དགོས་པ་དང་། དེ་ནི་ཁྲིན་ཏུའུ་རུ་ཡོད་པའི་བོད་པ་འབུམ་གཅིག་ལྷག་གི་ཡུན་རིང་གི་རེ་འདུན་ཡིན་ཞེས་དང་། ལྗོངས་ཞིང་ལྔ་ནས་ཡོང་བའི་ཁྲིན་ཏུའུ་ཡི་བོད་པ་ཚོས་གྲོང་ཁྱེར་དེ་རུ་གཞུང་གི་ལས་ཀ་དང་ཚོང་ལས། ཡུལ་སྐོར། ནད་བཅོས་སོགས་བྱེད་བཞིན་ཡོད་ཅིང་། གྲོང་ཁྱེར་གྱི་དཔལ་འབྱོར་དང་རིག་གནས། ཡུལ་སྐོར་ལས་རིགས་སོགས་གོང་དུ་འཕེལ་བ་དང་། མི་རིགས་གཉིས་བར་གྱི་རིག་གནས་བརྗེ་སྤེལ་དང་མཐུན་སྒྲིལ་ཡར་ཐོན་ཡོང་བ་བཅས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་མོད། གྲོང་ཁྱེར་དེར་ད་དུང་བོད་ཡིག་སློབ་ཐུབ་པའི་སློབ་གྲྭ་དང་འཛིན་གྲྭ་གང་ཡང་མེད་པས་དེར་བཞུགས་བོད་པ་ཡོངས་ཀྱི་བུ་རྒྱུད་ཀྱི་སློབ་གསོའི་ཐད་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅེས་བཀོད་འདུག

     གྲོས་གཞི་དེའི་ནང་ད་དུང་ཁྲིན་ཏུའུ་ཡི་བོད་པ་སྐོར་ཞིག་གིས་ལོ་ངོ་མང་པོའི་རིང་གྲོང་ཁྱེར་དེར་བོད་ཡིག་སློབ་གྲྭ་འཛུགས་པའི་འབོད་སྐུལ་བྱས་ཀྱང་རེ་འདུན་དེ་ད་དུང་མངོན་འགྱུར་བྱུང་མེད་པ་དང་།  གྲོས་གཞི་འདི་བཏོན་པ་བརྒྱུད་བོད་མི་འབུམ་གཅིག་ལྷག་གི་སློབ་ལོ་རན་པའི་ཕྲུ་གུ་ཉིས་སྟོང་ལྷག་ཙམ་ལ་ཕ་སྐད་སློབ་གསོ་མྱོང་བའི་ཁེ་དབང་ཐོབ་རྒྱུ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་མི་རིགས་འདྲ་མཉམ་དང་། སྐད་ཡིག་འདྲ་མཉམ་ལ་འགན་སྲུང་ཡོང་བ།  རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཕལ་ཆེ་བར་ཧུའེ་རིགས་ཀྱི་སློབ་གྲྭ་ཡོད་པ་ལྟར་བོད་པ་འདུས་སྡོད་བྱས་པའི་གྲོང་ཁྱེར་ཁག་ཏུའང་བོད་ཡིག་འཛིན་གྲྭ་དང་བོད་ཡིག་སློབ་གྲྭ་ཡོད་པར་འགྱུར་བའི་རེ་བ་ཞུ་ཞེས་སོགས་བཀོད་འདུག


རྩོམ་སྒྱུར་བ། བདེ་ལྷ་མོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rohu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41329996
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1