སི་ཁྲོན་དཀར་མཛེས་སྟོང་སྐོར་འབྲུ་ཡག་ཟབ་སྦྱོང་འཛིན་གྲྭའི་མཛད་སྒོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »སི་ཁྲོན་དཀར་མཛེས་སྟོང་སྐོར་འབྲུ་ཡག་ཟབ་སྦྱོང་འཛིན་གྲྭའི་མཛད་ས
སི་ཁྲོན་དཀར་མཛེས་སྟོང་སྐོར་འབྲུ་ཡག་ཟབ་སྦྱོང་འཛིན་གྲྭའི་མཛད་སྒོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/1/29ལྟ་ཀློག (4034)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཀར་མཛེས་རྫོང་སྟོང་སྐོར་འབྲུ་ཡག་སྡེ་བའི་ཟབ་སྦྱོང་འཛིན་གྲྭའི་མཛད་སྒོ།


    རང་གི་ཕ་ཡུལ་འབྲུ་ཡག་སྡེ་བའི་སློབ་མ་སྐོར་ཞིག་གིས་བོད་རྒྱལ་ལོ ༢༡༤༣ སྤྱི་ལོ༢༠༡༧་ལོའི་དགུན་གནང་གི་དུས་ཚོད་ཉིན་ཉི་ཤུའི་རིང་ལ་སྐབས་གསུམ་པའི་ཟབ་སྦྱོང་གི་འཛིན་གྲྭ་འཚོགས། འདིའི་དམིགས་ཡུལ་ནི་རང་གི་རིག་གཞུང་དང་སློབ་མའི་མདུན་ལམ་བཅས་ལ་དམིགས་ཏེ་ཟབ་སྦྱོང་འདི་སྤེལ་བ་ཡིན་ཞིང་། མཇུག་ཏུ་སློབ་ཆེན་སློབ་མ་དྲུག་ལ་ཨང་རིམ་དང་པོའི་གཟེངས་རྟགས་སམ་བྱ་དགའ་སྤྲོད་པའི་ཉིན་མོར་སྡེ་བའི་མགོ་ཁྲིད་རྒས་གཞོན་རྣམས་ཚོགས་ཞུགས་བྱས་ཡོད།

      བོད་རྒྱལ་ལོ་༢༡༤༡ དང་སྤྱི་ལོ ༡༠༡༥ ལོའི་དགུན་གནང་གི་སྐབས་དང་པོའི་ཟབ་སྦྱོང་འཛིན་གྲྭ་འབྲུ་ཡག་སྡེ་བར་མགོ་འཛུགས། ད་ལོར་ཡང་མང་ཚོགས་ཀྱི་རེ་འདུན་ལྟར་འཛིན་གྲྭ་གསུམ་བཙུགས་ཏེ། བོད་ཡིག་སློབ་ཆུང་འཛིན་གྲྭའི་དགེ་རྒན་སྒྲོལ་མ་འཚོ། རྒྱ་ཡིག་འཛིན་གྲྭའི་དགེ་རྒན་རིན་ཆེན་གཡང་འཚོ། སློབ་ཆེན་སློབ་མ་དག་ལ་བོད་ཡིག་དགེ་རྒན་བློ་བཟང་སྦྱིན་པ་བཅས་ཀྱིས་འགན་བླངས་ཏེ་དཔེ་ཁྲིད་བྱས་པ་དང་། ལྷག་པར་དུ་ད་ལོར་དགེ་རྒན་གྱི་ངོས་ནས་དཔེ་ཆ་དངོས་གཞི་ཁྲིད་སྐབས་སློབ་མའི་འདུན་ལམ་ལ་དམིགས་ཏེ་སྟོབས་ཤུགས་ཅི་ཡོད་བསྐྱེད་ཡོད་པ་མ་ཟད། སློབ་མ་རྣམས་ཀྱི་རྒྱུད་ལ་དུས་རབས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་མི་རྨོངས་པའི་རྒྱུན་ཤེས་དང་མི་ཆོས་ཀྱི་གཞི་རྐང་བདོག་པའི་མི་རང་ཚུགས་ཅན་ཞིག་ལ་གསོ་སྐྱོང་བྱེད་ཐབས་སུ་དཀའ་ལས་རྒྱག་ཡོད།

མཛད་སྒོའི་གོ་རིམ་ནི། ཐོག་མར་ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་སློབ་སྦྱོང་གི་མཇུག་འབྲས་སྙན་ཞུ་ཕུལ།  གཉིས་པར་ཨང་རིམ་བསྒྲིགས་ཏེ་གཟེངས་རྟགས་སྤྲད།

     མཇུག་མཐར་དགེ་རྒན་གྱིས་སློབ་མ་རྣམས་ལ་ལོ་གསར་ལ་ཉེ་བའི་སྐབས་འདིར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ། ང་ཚོ་ཚང་མས་བཟའ་བཏུང་གི་སྐོར་ལ་ནད་ཡམས་སྔོན་འགོག་དང་། འབྱུང་བཞིའི་བདེ་ཐང་ལ་མཐོང་ཆེན་བྱ་དགོས། ལྷག་པར་དུ་སློབ་མ་ཆུང་ཆུང་རྣམས་ཀྱིས་བཏུང་བའི་རིགས་འདྲ་མིན་དང་། ཁ་ཚའི་རིགས་འདྲ་མིན་ཟ་མི་རུང་མ་གཏོགས་སོ་སོའི་བདེ་ཐང་ལ་ཉེན་ཁ་ཆེན་པོ་རེད། ཕ་མ་རྣམས་ཀྱིས་ཀྱང་རང་གི་བུ་རྒྱུད་བདག་སྐྱོང་ཡག་པོར་བྱེད་རོགས་གནང་ཞེས་འབོད་སྐུལ་ཞུས། དེ་ནས། ཚང་མར་ཚེ་རིང་། ནད་མེད། བྱ་བ་ལམ་འགྲོ་གཞིས་བྱེས་ལྷན་འཛོམས་ཡོང་བར་བཀྲ་ཤིས་སྨོན་འདུན་ཞུ་ཞེས་གཏམ་བཤད་སྤེལ།


སྟོང་སྐོར་འབྲུ་ཡག་སྡེ་བའི་སྐབས་གསུམ་པའི་རིག་གནས་འཛིན་གྲྭའི་རྒྱུགས་འབྲས་ཨང་རིམ།


ཨང་དང་པོའི་དང་པོ།

རིན་ཆེན་གཡང་མཚོ། བརྒྱ་ཆ ༩༩་༩༩ ཐོབ་སྐར ༡༨་༥ བསྡོམས་པའི། ༡༡༨་༤

ཨང་དང་པོའི་གཉིས་པ།

བསོད་ནམས་ལྷ་མོ། བརྒྱ་ཆ ༩༩་༨༠ ཐོབ་སྐར ༡༨་༥ བསྡོམས་པའི། ༡༡༧་༨༥

ཨང་གཉིས་པའི་དང་པོ།

ཕུན་ཚོགས་ཆོས་སྒྲོན། བརྒྱ་ཆ ༩༩་༨༠ཐོབ་སྐར ༡༥་༥ བསྡོམས་པའི། ༡༡༤་༨༥

ཨང་གཉིས་པའི་གཉིས་པ།

མཁའ་འགྲོ་དབང་མོ། བརྒྱ་ཆ་༨༦ ཐོབ་སྐར་ ༡༩ བསྡོམས་པའི། ༡༠༥

ཨང་གསུམ་པའི་དང་པོ།

ཚངས་དབང་རྒྱ་མཚོ། བརྒྱ་ཆ ༩༩ཐོབ་སྐར ༤ བསྡོམས་པའི། ༡༠༣

ཨང་གསུམ་པའི་གཉིས་པ།

རྦ་ལ་མདའི། ཡེ་ཤེས་ཤེས་རབ། བརྒྱ་ཆ་༩༢ ཐོབ་སྐར་༦་༥ བསྡོམས་པའི། ༩༨་༥

ཨང་གསུམ་པའི་གསུམ་པ།

ཡེ་ཤེས་ཆོས་སྒྲོན། བརྒྱ་ཆ ༨༢ ཐོབ་སྐར་༡༦་༥ བསྡོམས་པའི། ༩༨་༥

༨ཚེ་རིང་ལྷ་སྒྲོན། བརྒྱ་ཆ་༨༠ ཐོབ་སྐར་༡༧ བསྡོམས་པའི ༩༧

༩ཚེ་རིང་ལྷ་མོ། བརྒྱ་ཆ ༨༠ ཐོབ་སྐར་༡༤ བསྡོམས་པའི། ༩༤

༡༠ཐུབ་བསྟན་ཆོས་སྒྲོན། བརྒྱ་ཆ་༧༦ ཐོབ་སྐར་༡༤་༥ བསྡོམས་པའི། ༩༠་༥

༡༡སྐལ་བཟང་ཆོས་སྒྲོན། བརྒྱ་ཆ་༥༢ ཐོབ་སྐར་༡༧ བསྡོམས་པའི། ༦༩

༡༢ཐུབ་བསྟན་ཆོས་འཚོ། བརྒྱ་ཆ ༥༢ ཐོབ་སྐར༡༤་༥ བསྡོམས་པའི། ༦༦་༥

༡༣མཁས་གྲུབ་བཟང་པོ། བརྒྱ་ཆ་༥༨ ཐོབ་སྐར་༦་༥ བསྡོམས་པའི། ༦༤་༥

༡༤མཁས་མཆོག་ཡོན་ཏན། བརྒྱ་ཆ ༤༤ ཐོབ་སྐར་༢༣་༥ བསྡོམས་པའི། ༥༧་༥

༡༥བློ་བཟང་དཔའ་འཚོ། བརྒྱ་ཆ ༣༤ ཐོབ་སྐར་༧་༥ བསྡོམས་པའི། ༤༡་༥

༡༦བསྟན་འཛིན་བཀྲ་ཤིས། བརྒྱ་ཆ་༢༦ ཐོབ་སྐར་༡༣་༥ བསྡོམས་པའི། ༣༩་༥

༡༧དགེ་འཚོ། བརྒྱ་ཆ ༢༨ཐོབ་སྐར་༧་༥ བསྡོམས་པའི། ༣༥་༥

༡༨འབྲུ་ཡག་ཡེ་ཤེས་ཤེས་རབ། བརྒྱ་ཆ ༣༠ ཐོབ་སྐར་༤ བསྡོམས་པའི། ༣༤

༡༩ཡེ་ཤེས་མཚོ། བརྒྱ་ཆ ༢༢ ཐོབ་སྐར་༧ བསྡོམས་པའི། ༢༩

༢༠མགོན་པོ་དོན་གྲུབ། བརྒྱ་ཆ ༡༤ ཐོབ་སྐར ༤ བསྡོམས་པའི། ༡༨

༢༡སངས་རྒྱས་ཉི་མ། བརྒྱ་ཆ ༦ ཐོབ་སྐར་༤ བསྡོམས་པའི། ༡༠

༢༢དཀོན་མཆོག་འཚོ། བརྒྱ་ཆ ༤ ཐོབ་སྐར་༥་༥ བསྡོམས་པའི། ༩་༥

༢༣མཁའ་འགྲོ་ལྷ་མཛེས། བརྒྱ་ཆ་ཐིག་ཐོབ་སྐར༩ བསྡོམས་པའི། ༩

༢༤མཁས་བཙུན་བཟང་པོ། བརྒྱ་ཆ ༤ཐོབ་སྐར ༥ བསྡོམས་པའི། ༩

༢༥ཚེ་དཔག་ལྷ་འཚོ། བརྒྱ་ཆ་ཐིག་ཐོབ་སྐར ༩ བསྡོམས་པའི། ༩

༢༦གཡང་སྒྲོན་ལྷ་མོ། བརྒྱ་ཆ་ཐིག ཐོབ་སྐར་༧་༥ བསྡོམས་པའི། ༧་༥

༢༧བསྟན་འཛིན་འོད་ཟེར། བརྒྱ་ཆ ༢ ཐོབ་སྐར༤ བསྡོམས་པའི། ༦

༢༨བློ་བཟང་ཐུབ་བསྟན། བརྒྱ་ཆ་ཐིག ཐོབ་སྐར་༤ བསྡོམས་པའི། ༤

༢༩བསྟན་འཛིན་གཡུ་མཚོ། བརྒྱ་ཆ་ཐིག ཐོབ་སྐར་༣་༥ བསྡོམས་པའི། ༣་༥

༣༠དཔལ་ལྡན་ཡེ་ཤེས། བརྒྱ་ཆ་ཐིག ཐོབ་སྐར་༢ བསྡོམས་པའི། ༢

དག་ཡིག་འཛིན་གྲྭའི་སློབ་མ་རྣམས་ཀྱི་རྒྱུགས་འབྲས་ཨང་རིམ།

ཨང་དང་པོ།

བསྟན་འཛིན་བཤད་སྒྲུབ།

བསྟན་འཛིན་འཛུམ་སྐྱིད།

བསྟན་འཛིན་དབྱངས་ཅན།

ཨང་གཉིས་པ།

རིག་འཛིན་གཡང་སྐྱིད།

ཚེ་རིང་ལྷ་འཚོ།

བསྟན་འཛིན་ཆོས་འཚོ།

ཨང་གསུམ་པ།

བསྟན་འཛིན་གཡང་སྐྱིད།

བསྟན་འཛིན་དགའ་འཛུམ།

བསྟན་འཛིན་ཆོས་སྒྲོན།

རབ་གཡང་།

བསྟན་འཛིན་དབང་ཆེན།

ཀུན་དགའ།

དབྱིག་གཉེན།

མཚོ་མོ།

བོད་རྒྱལ་ལོ་༢༡༤༣ སྤྱི་ལོ་༢༠༡༧ བོད་ཟླ་བ་༡༢ ཚེས་གསུམ་ཉིན། 

 

ཨང་དང་བོའི་གཟེངས་རྟགས་ཐོབ་མཁན་གྱི་སློབ་མ་རྣམས།


ཨང་གཉིས་པའི་གཟེངས་རྟགས་ཐོབ་མཁན་གྱི་སློབ་མ་རྣམས།


སློབ་ཆུང་གི་ཨང་དང་བོའི་དགེ་སློབ་ལྷན་འཛོམས།


བོད་རྒྱལ་ལོ ༢༡༤༣ སྤྱི་ལོ་༢༠༡༧ ལོར་སྟོང་སྐོར་འབྲུ་ཡག་སྡེ་བའི་ཟབ་སྦྱོང་སློབ་མ་དྲུག་གིས་ལེགས་བཤད་ལྗོན་དབང་བློ་རྒྱུགས་དང་བྲིས་རྒྱུགས་བཅས་ཀྱི་ཨང་རིམ་དང་པོའི་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུ།


       དགེ་སློབ་ཀུན་གྱི་སྐུ་ཚེ་ལ་བར་ཆད་མེད་ཅིང་མཛད་འཕྲིན་ཡུན་ནས་ཡུན་དུ་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ།

༢༠༡༧་༡་༣༠ ཉིན། ཁམས་ཀྱི་གསར་འགོད་པ་བློ་བཟང་སྦྱིན་པས། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཁམས་པ། སྤེལ་དུས:2017/1/30
དགེ་སློབ་ཀུན་ལ་བཀྲ་ཤིས་བདེ་ལེགས་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41367305
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1