སེ་ར་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »སེ་ར་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།
སེ་ར་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/2/11ལྟ་ཀློག (5524)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།སེ་ར་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོ།

བསྟོད་པ་ལས།

བཞེད་པ་ཇི་བཞིན་འཇུག་ལ་མངའ་བརྙེས་པས།།

ཕུན་ཚོགས་ཉེར་བཞི་མཛད་འཕྲིན་བཅུ་གཉིས་དང་།།
ཆོ་འཕྲུལ་གསུམ་དང་ལྷུན་གྲུབ་འཕྲིན་ལས་ཀྱིས།།

འགྲོ་བའི་ཕན་བདེ་སྒྲུབ་ལ་ཕྱག་འཚལ་ལོ།།

 གོས་སྐུ་ཆེན་མོ་འདི་ནི་བསྐལ་བཟང་སངས་རྒྱས་སྟོང་གི་ལྔ་བ།   རྒྱལ་བ་མི་ཕམ་མགོན་པོའི་སྣང་བརྙན་ཁྱད་པར་ཅན་ཞིག་ཡིན་པས། སྐལ་ལྡན་འགྲོ་བའི་དད་པའི་རྟེན་དུ་གྱུར་ནས་ཚེ་འདིའི་དོན་འགྲུབ་ཅིང་ཕྱི་མར་རྒྱལ་བ་བྱམས་པ་མགོན་པོའི་འཁོར་གྱི་ཐོག་མར་སྐྱེས་ནས་རིང་བོ་མི་ཐོག་བླ་མེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག


སྟོན་མཆོད།

རྨད་བྱུང་མཚན་དཔེའི་སྐུ་མཆོག་ལྷུན་པོའི་ཟླ།།
ཡན་ལག་དྲུག་ཅུའི་གསུང་དབྱངས་དྲི་ཟའི་མགྲིན།།
གཏིང་དཔག་དཀའ་བའི་ཐུགས་རྒྱུད་ནམ་མཁའི་དབྱིངས།།
མཚུངས་བྲལ་ཤཱཀྱའི་ཏོག་དེས་བདག་སྐྱོངས་ཤིག།
བསམ་གཞིག་པ།

སེམས་ཀྱི་མཆོད་པ།

ཤཱཀྱའི་རིགས་འཁྲུངས་མཉམ་མེད་རྒྱལ་བའི་རྨད་བྱུང་ཐུགས་བསྐྱེད་བྱིན་རླབས་མཐུས།།
ཆོ་འཕྲུལ་ཟླ་བའི་དུས་བཟང་འདི་ལ་འཇིགས་པ་ཀུན་ལས་ཐར་གྱུར་བས།།
མུ་སྟེགས་སྟོན་པ་དྲུག་སོགས་བཏུལ་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཚེ།།
བུ་རམ་ཤིང་བའི་བསྟན་པ་དེ་ཉིད་ཕྱོགས་དུས་ཀུན་དུ་དར་གྱུར་ཅིག།
འཇམ་དབྱངས་རིན་ཆེན།

རྗེས་དྲན།

མི་མཐུན་ཕྱོགས་ལས་རྒྱལ་བའི་ཟས་གཙང་སྲས།།
སྤྱོད་པ་འཚེ་བ་མེད་པའི་བསྟན་པ་གཉིས།།
སྐལ་ལྡན་འགྲོ་བ་རྣམས་ཀྱི་དཔལ་དུ་ཤར།།
སྨོན་ལམ་ཆོ་འཕྲུལ་ཆེན་མོ་རྗེས་སུ་དྲན།།

སེ་ར་དཀོན་བསྟན།
ཟླ་འོད་དུ་འཚེར་བའི་ཙོང་ཁ་བ།

ལྷུན་པོ་དང་མཚུངས་མངོན་པར་འཕགས་པའི་སྐུ།།
ཉོན་མོངས་དུག་རྣམས་སེལ་ཕྱིར་སྨན་གྱིས་སླད།།
རྟེན་འབྱུང་ཟབ་མོའི་མདའ་མོ་འཕེན་པ་སོགས།།
ངོ་མཚར་ཆོ་འཕྲུལ་སྟོན་པའི་ཟློས་གར་མཛེས།།

བློ་བཟང་རབ་གསལ་གྱིས།
དད་ཀློང་གི་མཆོད་ཚིག

ཆུ་འཛིན་བང་ལ་བཞུགས་པའི་བསྟན་འགྲོའི་སྐྱབས།།
ཆོ་འཕྲུལ་ཟླ་བར་རྩེ་གཅིག་མཉམ་བཞག་གིས།།
ཕས་རྒོལ་ཝ་སྐྱེས་ཚོགས་རྣམས་བཅོམ་མཛད་པའི།།
མཉམ་མེད་ཐུབ་དབང་དེ་ལ་ཕྱག་འཚལ་ལོ།།

བ་འདབ་དྲུག་གིས།
ཆོ་འཕྲུལ་སྨོན་ལམ།                    

མཚན་དཔེའི་འོད་ཟེར་སྟོང་གིས་རྒྱན་ལྡན་སྐུ་གསུམ་འཕྲིན་ལས་རྒྱལ་མཚན་གྱེན་དུ་བསྒྲེངས།།
མཐའ་ཡས་འགྲོ་བ་སྐལ་ལྡན་འདྲེན་མཛད་རྟེན་འབྱུང་གཏམ་དང་སྙིང་རྗེས་བདེན་ཚིག་གིས།།
ངོ་མཚར་ཆོ་འཕྲུལ་ཟུང་གིས་མུ་སྟེགས་བྱིས་པ་ཐར་བའི་ཐེམ་སྐས་འཇུག་མཛད་པ།།
ཀུན་བཟང་མཆོད་པའི་འདོན་ཡོན་ལྔ་དང་རིན་ཆེན་མཆོད་སྤྲིན་སྣ་མང་པིར་གྱིས་མཆོད།།

ཡ་ཐོག་སྤྲང་བོ།
སྨོན་འདུན་དཀར་པོ།

ལྷ་ཡི་སྲས་པོ་མཆོད་པའི་བསྟན་དུ་མི་ཡུལ་ཁམས་སུ་བྱོན་པ་ཡི།།
འཇིག་རྟེན་གསུམ་གྱི་གྲངས་མེད་འཁོར་གྱིས་བསོད་ནམས་ཚོགས་ལས་ལེགས་འཁྲུངས་པ།།
དུས་གསུམ་སངས་རྒྱས་ཀུན་གྱི་དབུས་ན་གཙུག་གི་རྒྱན་དུ་བཞུགས་མཛད་པའི།།
རྗེ་བཙུན་བྱམས་པའི་འཁོར་གྱི་དང་བོར་བདག་དང་འགྲོ་བ་སྐྱེས་གྱུར་ཅིག།

ཐབས་མཁས།
ཆོ་འཕྲུལ་ཆེན་མོ།
མུན་པ་སྟུག་པོས་འཁུར་བའི་འཇིག་རྟེན་དང་།།
དུག་གསུམ་ནད་ཀྱིས་བྱུགས་པའི་འཁོར་བ་འདིར།།
རྗེ་བཙུན་བྱམས་པ་བྱོན་པའི་མཐུ་སྟོབས་ཀྱིས།།
འགྲོ་དྲུག་བདེ་བའི་གར་ལ་རོལ་བར་མཛད།།                                    

ཆར་ཐིགས།

རང་སྒྲ།
མཚུངས་བྲལ་སྟོན་པ་མར་གྱུར་འགྲོ་བའི་མགོན་དུ་ཤར།།
འཚེ་བྲལ་རྒྱལ་བསྟན་སྐལ་ལྡན་སྐྱེས་བུའི་སྨན་ལ་བསྡེབས།།
མུ་སྟེགས་སྟོན་པ་ཐབས་དང་ཤེས་རབ་བརྩོན་པས་བཏུལ།།
ཆོ་འཕྲུལ་སྨོན་ལམ་ཆོས་ལྡན་བོད་ཀྱི་སེམས་ལ་མད།།
དཀོན་མཆོག་ཚུལ་ཁྲིམས།


བཤེས་གཉེན་ལ་བསྟོད་པ།

མ་ལུས་ཤེས་བྱའི་གནས་ལ་མཁྱེན་རྒྱ་ཡངས།།
ལྷག་བསམ་སྟོན་ཟླ་སྟོང་གི་འོད་རླབས་ཅན།།
བརྩེ་བ་ཀུན་ལ་སྙོམས་ཕྱིར་པད་མའི་གཉེན།།
དགེ་བའི་བཤེས་ཀྱིས་འབྲལ་མེད་རྗེས་འཛིན་ཤོག།

མདོ་ཚའི་འཇམ་བློ།


ཆོ་འཕྲུལ་སྨོན་ལམ།


རྣམ་འདྲེན་རྒྱལ་བའི་དཔལ་གྱི་ཉིན་བྱེད་ཀྱིས།།
སྐྱེ་དགུའི་བློ་གྲོས་པདྨོའི་ཁ་ཕྱེས་པས།།
ཀུན་ཀྱང་རྣམ་དཀར་དགེ་ལ་མཛད་པ་ཡི།།
ཟབ་རྒྱས་ཆོ་འཕྲུལ་སྨོན་ལམ་ཨེ་མ་རྨད།།

སེ་རའི་བསམ་གཏན། 
བྱམས་པ་མགོན་པོ།

རྗེ་བཙུན་བྱམས་པ་མགོན་པོའི་མཛད་རྣམས་ནི།།
ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་མཛེས།།
བྱམས་པའི་སྐུ་གསུང་ཐུགས་ནི་རབ་བརྟན་ཤོག།
དད་ལྡན་སེར་སྐྱ་ངན་སོང་རྒྱུ་ལས་གྲོལ།།

སེ་ར་རབ་བརྟན།

སྨོན།

སྲིད་གསུམ་ཁྱོན་གྱི་ཁ་བ་བབས་ཤུལ།།
རྗེ་བཙུན་བྱམས་པ་མངོན་སུམ་འབྱོན་ལམ།།
དེ་ཡང་ཆོ་འཕྲུལ་སྨོན་ལམ་མཛད་པའི།།
བློ་བཟང་གྲགས་པའི་ཞབས་སུ་འདུད་དོ།།
སེ་གླིང་བུ།


གོས་དམར་བ།

ལྷག་བསམ་རྣམ་པར་དག་པས་ཐུགས་རྒྱུད་ཕྱུག།
བརྩེ་སེམས་འོད་ཀྱིས་འགྲོ་བའི་ནམ་མཁའ་འགེངས།།
སྐྱེ་དགུ་སྲོག་ལྟར་གཅེས་པའི་གོས་དམར་བར།།
དད་གསུམ་ཕྱག་དང་བཅས་ཏེ་གུས་པས་འདུད།།
ལྡོང་སྨྱུག་འཛིན།

སྨོན་ལམ་དུས་ཆེན།

གསུམ་རྩེན་ཡུལ་དུ་ལྷགས་པས་འདེད་པ་ན།།
དངུལ་དཀར་མེ་ཏོག་འདྲ་བའི་མཆོད་རྫས་སྤུར།
ཁུར་ལ་མི་འཇིགས་ཕང་བའི་གདན་སྟེང་ནས།།
གྲངས་མེད་སྨོན་པའི་དབྱངས་རྟ་ལྷ་ལ་འཐེན།།
དོན་འགྲུབ།

སྟོན་པ།

གང་གི་འཕྲིན་ལས་ས་གསུམ་ཀུན་ལ་ཁྱབ།།
མཚན་དཔེའི་འོད་ཟེར་སྟོང་གིས་སྐུ་ལུས་རྒྱན།།
ཐུགས་རྗེས་བདུད་རྩིའི་བུམ་བཟང་འདྲེན་མཛད་པ།།
ཤཱཀྱའི་ཏོག་ཅན་ལྷ་མིའི་སྟོན་པ་རྒྱལ།།

ཁུ་རྒན།
ཆོ་འཕྲུལ་སྨོན་ལམ།


ལྷ་ཆེན་བྱམས་པ་ཆུ་འཛིན་སྟེང་ནས་ཕེབས།།
ཚངས་པའི་སྲས་མོའི་དབྱངས་ཀྱིས་བསུ་མ་བྱེད།།
སྐབས་གསུམ་གནས་སུ་བགྲོད་པར་སྐྱབས་འཇུག་ཞུས།།
འཇིག་རྟེན་མི་ཡིས་དད་ཕྱག་ལན་གསུམ་འཚལ།།

དབྱངས་འཁྱམས་པོ།
 སྐྱབས་ཞུ།


ཚེ་ལོ་བརྒྱད་ཁྲིར་བསྐྱོད་པའི་འཁོར་འགྲོ་ལས།།
དང་པའི་ཡིད་ཚོར་འཆར་བའི་ཉི་གཞོན་མཛེས།།
ལེགས་མཛད་ཀུན་བཟང་མཆོད་པའི་སྨོན་ལམ་གྱིས།།
ལུས་ཅན་སྒྲིབ་པའི་བག་ཆགས་སེལ་བྱེད་ཤོག།

བྱང་ཐང་ངམ་སེ་ར་བ་བརྩོན་འགྲུས་རྒྱ་མཚོ་རུ་འབོད་པས་ཆོ་འཕྲུལ་སྨོན་ལམ་ལ་གུས་ཕུལ།

 བསྡུ་སྒྲིག་པ་ཟིལ་བ་ཚང་།  

པར་བ། ཕུན་ཚོགས།  
   2017.2.11ཉིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41685448
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1