མགོ་ལོག་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭའི་སློབ་མའི་རྩོམ་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »མགོ་ལོག་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭའི་སློབ་མའི་རྩོམ
མགོ་ལོག་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭའི་སློབ་མའི་རྩོམ་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/2/19ལྟ་ཀློག (4131)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མགོ་ལོག་པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭའི་༢༠༡༦ལོའི་དམའ་གཅིག་འཛིན་གྲྭའི་རྩོམ་བསྡུས།     


ཆར་བ།

        པདྨ་རྫོང་བོད་ཡིག་བྱམས་སྐྱོང་སློབ་གྲྭའི་སློབ་གཙོ་ལགས་ལ་ཕུལ་བའི་སྙན་ཐུང་།

རྣོ་ཟུར།

 

གནམ་ངོ་དྭངས་ངེར    སྤྲིན་པ་ཅི་ཡང་མེད

ཚ་བ་དང་ཐན་པའི་བར་དུ

སེམས་ཅན་མང་པོ་ཞིག་སྐྱོ་བས་མནར

སྐབས་དེར        སྐབས་དེར

བསེར་བུ་འཇམ་པོ་ཞིག་གི་ལག་པས

ནམ་མཁའ་གཡུག་གཅིག་ཏུ་བསྒྲིབས

 

ང་ཚོས་བཤད་མྱོང་བའི་སྦྲང་ཆར་དེ

རྩྭ་སྐྱ་དག་གི་རྩ་བར་བབས་དུས

རློན་ཤུགས་ཤུགས་ཀྱིས་བཟུང་བའི་

དབུགས་ཐེར་ཐེར་གྱིས་འགུལ་བའི་

མྱ་ངན་ཐང་དུ་ས་བོན་ཞིག་ཡང་བསྐྱར་སྨིན

 

ལོ་དེ་ནས   ཆར་བས་འབབ་མཚམས་མ་ཆད

འཇམ་སིལ་སིལ་གྱི་ཆར་བ་དེ

ཁྱོད་ཡིན   གསར་བུ་ཁྱོད་ཡིན

 

ད་དུང་ཁྱེད་འབབ་དགོས

སྦྲང་ཆར་བསིལ་མའི་ཟོལ་གྱིས

ཡིད་ཀྱི་གཏིང་ཀ་རུ་བཞུར་དགོས

བརྩེ་བའི་ཆར་བ་ལགས

                       ༢༠༡༦--༡༢--༢༨ཉིན།


བོད་མོ་ཚོ།

 

རིག་བྱེད་དབང་མོ།

རང་ས་སྐྱིད་པོ་ཞིག་དང་བྲལ་ནས་ཤེས་རིག་སྦྱོང་སའི་གླིང་ག་འདིར་ཡོང་བ་ནི་ངའི་མི་ཚེ་འདིའི་ཐོག་གི་རྨི་ལམ་ཡག་པོ་དེ་ཡིན།

 

ཞིང་ཁར་ནོར་རྗེས་འདེད་པའི་བོད་མོ་ཚོ།།

ཁངས་ཆར་གདོང་དུ་བབས་པའི་བོད་མོ་ཚོ།།

དཀའ་ལས་སྡུག་ལས་བྱས་པའི་བོད་མོ་ཚོ།།

ཤེས་རིག་བསླབ་པའི་གནས་ལ་འགྲོ་ཐབས་བྱོས།།

 

ནོར་གྱི་རྗེས་ནས་རིག་པ་དར་བ་དཀའ།།

ཞིང་ཚུགས་བར་ནས་ཡོན་ཏན་སློབ་པ་དཀའ།།

གནས་ཡུལ་བར་ནས་བསམ་བློ་གཏོང་བ་དཀའ།།

དཀའ་བ་འདི་དག་རྒྱང་དུ་གཡུག་དགོས་སོ།།

 

       བོད་ཁམས།

དཀོན་མཆོག་རྒྱལ་མཚན།

ང་ནི་ནོར་ལུག་གི་རྫི་མཐའ་ནས་ཤེས་རིག་གི་མེ་ཏོག་འཐུ་བའི་ལམ་དུ། གསུབ་མེད་ཡལ་མེད་དུ་དྲིན་གྱིས་བརྐྱངས་པ་དག་ནི་བརྗེད་དུ་མེད་དོ།

 

འཇིག་རྟེན་ཧྲིལ་པོའི་ཐོག་གི།

སྐྱིད་སྡུག་གཉིས་ཀྱིས་གྲུབ་པའི།།

ཁ་བ་གངས་ཀྱི་ལྗོངས་འདི།།

ང་ཡི་ལྟེ་ཁྲག་འཕོ་ས།།

 

མཛའ་ཞིང་མཐུན་པའི་མི་རིགས།།

དགེ་ཞིང་བྱམས་པའི་མི་རིགས།།

དུང་ཞིང་བརྩེ་བའི་ཕུ་ནུ།།

ཡིད་ཀྱི་གཏིང་གི་མེ་ཏོག།

 

རྐང་ལམ་ཕྲ་མོ།

གླེགས་གཟའ་བདག་མོ།   

མེ་ཏོག་སྐྱེས་སའི་རི་སྒང་ནས་འུར་ཆ་འཕེན་ཞོར། སྙན་ངག་གམ་རྩོམ་ཡིག་ཅེས་པའི་གཅེས་ཕྲུག་ཅིག་ལ་གསོལ་ཇ་འདྲེན་བཞིན་ཡོད།

                 

ཁྱེད་དང་འུ་གཉིས་འཕྲད་སའི།།

དུས་བཞིའི་རྐང་ལམ་ཕྲ་མོ།།

རེ་སྒུག་ཉི་ཤར་བར་དུ།།

ཁྱེད་ཉིད་མཐོང་རྒྱུ་མ་བྱུང་།།

 

རེ་བ་སེམས་ལ་བཟུང་ཡོད།།

དུང་བ་ལུས་ལ་བརྗོད་ཡོད།།

འུ་གཉིས་སེམས་ཀྱི་དགའ་ཚལ།།

གཉོམ་ཆུང་ཡུལ་དུ་བཏབ་ཡོད།།

 

ཉེས་མེད་དྭངས་གཙང་སེམས་པ།།

རྒྱ་མཚོའི་ཆུ་ཐིགས་འདྲ་བྱུང་།།

བུ་མོའི་སེམས་པ་ཕྲ་མོ།།

ཁྱེད་ཀྱིས་བསྒྱུར་ཐབས་མ་བྱུང་།།

  

སུན་པའི་སྟོན་མཇུག

ཧོར་རྣོ་ཆུ།  

  ཧོར་རུས་ལས་ང་ནི་ཆེས་ཁྱད་དུ་འཕགས་པའམ་ཆེས་ཡིད་དུ་འོང་བའི་གསར་བུ་ཞིག་ཏུ་འགྱུར་བ་ནི་རྨི་ལམ་ཐོག་མ་ཡིན།

 

གཞས་ར་དབྱར་གྱི་མེ་ཏོག།

ནུབ་ཀྱི་ལ་ཁར་གྱེས་སོང་།།

སྙན་འཇེབས་ཁུ་བྱུག་གཞོན་ནུ།།

མ་ངེས་ཡུལ་གཞན་ཆས་ཐ།།

 

ཤུགས་མེད་བྱེའུ་ཆུང་ཞིག་ལ།།

 གྲང་འཁྱག་བཙག་གིས་བསྡམ་ཀྱང་།།

བྱམས་ལྡན་རྐང་རྗེས་འཚོལ་ཆེད།།

ལུས་ལྤགས་ཟེགས་ནས་འཁུམས་སོང་།།

 

སྟོན་མཇུག་དགུང་ལ་ཡལ་ཐལ།།

སྟོན་ལྡུམ་ས་ལ་འཐོར་ཐལ།།

ལྷ་བྱ་ལྷོ་ལ་བསྐྱོད་ཐལ།།

བྱམས་པ་གཞན་ལ་བསྒྱུར་ཐལ།།

 

གཞས་ཆུང་རི་ལ་གྱེར་སོང་།།

སྐད་ངག་མཚོ་ལ་བསྐུར་སོང་།།

ཆུང་གྲོགས་བྱམས་པའི་བརྩེ་བ།།

བརྟན་པའི་ཚིག་གསུམ་ཨེ་ཡོད།།

སྨྲ་དཀའ་བའི་གསང་གཏམ།

ཀརྨ་ཚེ་དབང་།  


ལུ་གུ་ཆུང་ཆུང་དང་། རྩྭ་ཐང་ཡངས་པོ་ནི་ང་ལ་མེད་དུ་མི་རུང་བའི་ཐ་སྙད་ཅིག་ཡིན།

 

ཡིད་འོང་རྨ་བྱ་ཡི་བུ་མོ།།

དགའ་བའི་སེམས་པ་དེ་གཏད་ཀྱང་།།

ཁ་ནས་འཛུམ་འཛུམ་ཞིག་བསྟན་ནས།།

སེམས་ལ་དགའ་བ་རང་རྒྱས་འདུག།

 

 

སྐུ་ལུས་མེ་ཏོག་གི་པད་མ།།

མེ་ཏོག་སྦྲང་རྩི་དེ་མངར་མོ།།

འདབ་ལྡན་སྦྲང་ཆུང་གི་སེམས་འདི།།

ཁྱེད་ཀྱི་ཕྱོགས་ལ་རང་འཁོར་འཁོར།།

 

བརྩེ་བའི་འདུན་པ་རང་ཆད་དེ།།

རང་རང་སོ་སོ་རུ་གྱེས་ན།།

སེམས་པའི་སྙིང་ཁམས་ཡི་ན་ཟུག།

སྡུག་ཀྱང་སྡུག་པ་རང་མི་འདུག།

 

བུ་མོའི་འཛུམ་མདངས་ཤིག་ངོམ་པ།།

མཛེས་པའི་དཀར་དམར་གྱིས་བརྒྱན་འདུག།

འཕྱོར་སྒེག་མེ་ལོང་དེའི་ཁྲོད་ནས།།

སེམས་པ་བུ་མོ་ལ་ཤོར་ཐ།།

 

གཤིས་འཇམ་ཁུ་བྱུག་གི་བུ་མོ།།

ཚིག་གསུམ་སྐད་ཆ་ཞིག་སྨྲ་འདོད།།

མགྲིན་པ་མཆི་མ་ཡིས་བརྣངས་ཏེ།།

སྨྲ་འདོད་རང་དབང་ཞིག་མི་འདུག།

 

བུ་ངའི་ཚིག་གསུམ་གྱི་གསང་གཏམ།།

སྙིང་གི་ཆུང་གྲོགས་ལ་བཅོལ་ཡོད།།

སྙིང་གྲོགས་འགྱུར་བ་རེ་མེད་ན།།

ཚིག་གསུམ་བོར་བ་རང་ཨེ་སྲིད།།

 

རྫ་མགོའི་སྨུག་པ་དེ་དྭངས་སོང་།།

སེམས་ཀྱི་འདུན་པ་རང་གྲོལ་སོང་།།

ང་རང་དགའ་ས་ཡི་བྱམས་པ།།

ཚེ་ཐག་རིང་ན་ཡང་བསམ་བྱུང་།།

 

དགའ་བའི་མིག་ཟུང་དེ་རྣོན་པོ།།

བུ་མོའི་སྙིང་ཁམས་ལ་བཏབ་ཡོད།།

ཕར་དགའ་ཚུར་དགའ་ཡི་བྱམས་པ།།

མི་འགྱུར་དམ་བཅའ་རེ་ཨེ་ཡོད།།

 

ང་རང་དགའ་ས་ཡི་བྱམས་པ།།

སེམས་བཟང་གཤིས་བཟང་གི་བུ་མོ།།

གང་ནས་བལྟས་ཀྱང་རེ་མཛེས་པ།།

གང་ལས་བསམ་ཀྱང་དེ་དྲན་པ།།

 

རྟ་ཕོ།

བཙའ།   

སློབ་སྦྱོང་ལ་ཕྱོགས་པའི་གོམ་སྟབས་དེ་ཇི་འདྲ་ཐག་རིང་བ་འདྲ་ཡང་། འབད་བརྩོན་ལ་བཟུང་བའི་འདུན་པ་ནི་ནམ་ཡང་རང་ཉིད་དང་ཐག་ཉེ་བར་ཡོད།

 

སྔོ་ལྗང་རྩྭ་ཐང་དེའི་ཐོག་གི།

རྫིག་རྫིག་གོམ་ལྡན་གྱི་རྟ་ཕོ།།

དབུ་འཕང་དགུང་སྔོན་དུ་བཏེགས་པ།།

ཉི་ཟླའི་རྣ་ཚར་དང་ཡིན་འདྲ།།

 

གཤོག་ལྡན་གྱི་ལིང་དེ་མཐོང་དུས།།

ཆུང་འདྲེས་རྩེད་རོགས་དེ་དྲན་བྱུང་།།

ཐོ་རུ་དར་མ་དེ་མཐོང་དུས།།

མཚན་མོའི་གཉིད་ཐབས་དེ་བཅག་སོང་།།

 

སེམས་ཀྱི་གསང་།

མཚོ་བྱུང་ལྷ་མོ།

རྩོམ་ཡིག་རེ་རེ་འབྲི་དུས་རྫུན་རེ་བཤད་ན། སྤྱི་ཚོགས་ཀྱིས་ང་ལ་རྫུན་མ་རེད་མ་གསུང་རོགས།

  

འདས་ཟིན་པའི་ལོ་ཟླའི་ཁྲོད་ན།།

དུས་མེ་སྟག་འཚུབ་པ་འདྲ་བ།།

ཆུ་གཙང་བོའི་བཞུར་རྒྱུན་དུང་འདྲ།།

མདའ་མདུང་མོ་སྙིང་རྩར་འཛེར་འདྲ།།

 

ཕྱི་མཐུན་པའི་ཁྱོད་དང་འུ་གཉིས།།

སྐབས་ལ་རེ་མཐུན་པ་བྱུང་མོད།།

དེ་བརྗོད་མེད་ལས་དབང་ཀྱག་ཀྱོག།

མཐུན་འདོད་ན་མ་འོངས་སྒུག་དགོས།།

 

སྐབས་དེ་དུས་མཉམ་འཛོམས་བྱུང་ན།།

ཁྱོད་འུ་གཉིས་སྐལ་ལྡན་ཡིན་ནོ།།

སེམས་དུང་བའི་མཆོད་པ་ཡོད་ན།།

ལས་རླུང་རྟ་མཁའ་རུ་མཆོད་དོ།།

 

ངའི་གསང་བ་བཤད་ས་ཤོག་བུ།།

དེ་གསལ་བོར་རྗོད་བྱེད་སྨྱུ་གུ།།

ཤོག་སྨྱུ་གུ་མཉམ་འཛོམས་བྱུང་ན།།

ལས་ཅི་དགར་དེ་གཉིས་བསྟན་ཡོང་།།

 

ལས་རིང་ཐུང་ཡོད་ན་སྒུག་དགོས།།

ཚེ་རིང་ཐུང་ཡོད་ན་ལས་ཡིན།།

འགྱུར་སོང་ན་མི་སེམས་མེད་ནི།།

སེམས་འདང་བརྩེ་གོར་མོ་རྡོ་ཡིན།།

  

རྨི་ལམ་ལས་བྱུང་བའི་ཉོག་གཏམ།

རྣོ་བཙའ་མེད།

ངས་སྙན་མོ་དག་གཞས་སུ་གྱེར་དུས། ང་ནི་སྙན་མོ་ཞིག་གི་བརྗོད་བྱ་རྨ་མེད་པ་དེ་ཡིན་ནམ།

 

ལོ་ཟླའི་གར་ཁང་ཆེན་མོ།།

མདང་གི་རྨི་ལམ་རེད་སྙམ།།

རྨི་ལམ་ཡིན་ན་བསམ་ཡང་།།

འཚོ་བའི་ཟུར་གཅིག་རེད་འདུག།

 

སེམས་ཀྱི་ཁྲུང་ཁྲུང་དཀར་མོ།།

རྒྱང་དུ་འཕུར་བའི་གཏམ་རྒྱུད།།

མཛེས་པའི་འཛུམ་མདངས་དྲན་ཚེ།།

ཡིད་སེམས་སྐྱོ་བས་མནར་གི།

 

ཁྱོད་འདྲར་དཀར་པའི་བརྩེ་བ།།

མཚོ་མོའི་འགྲམ་དུ་ཡོད་རེད།།

མཚོ་མོ་དར་གྱིས་བཟུང་འདུག།

བརྩེ་བ་བཟུང་ཡོད་ཨེ་སྲིད།།

 

རི་བོའི་ཕར་རྒྱབ་ཚུར་རྒྱབ།།

དྲན་པ་སེམས་ཀྱི་མདངས་ཡིན།།

དུང་བའི་གཅེས་ཚིག་བརྗོད་རུང་།།

སྒུག་པའི་ཨ་ལན་ཆ་མེད།།

 

མཚོ་ཆེན་ནོར་བུ་ཅན་པོ།།

རྒྱང་ནས་རྒྱང་དུ་བཞུར་དུས།།

བཅོས་མེད་དུང་བའི་ཤུལ་རྗེས།།

ཁྱེད་ཀྱི་རྒྱུན་དང་མ་འདྲེས།།

 

སང་ལོའི་དཔྱིད་ནས་ཚེས་ཏེ།།

སླར་ཡང་སྟོན་གྱི་བར་དུ།།

འུ་གཉིས་འཛོམས་པ་བྱུང་ན།།

མེ་ཏོག་མཇལ་ཁ་ལོས་ཞུ།།

 

གང་ནས་གང་དུ་བཤད་ཀྱང་།།

ཅིས་ཀྱང་རྨིས་པ་རྟག་མེད།།

ཡིན་ཡང་ཞེ་ལ་ཐོགས་ན།།

ཁོག་གི་གློ་སྙིང་འཁུམ་འགྲོ།།

 ཨ་མ།

རྡུལ།

 རང་ཉིད་ཀྱི་དུང་བ་དང་བརྩེ་བ་ནི་ནམ་ཡང་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལས་བྱུང་བ་ཞིག་ཡིན།

 

བྱམས་བརྩེའི་འདབ་མ་རྒྱས་པའི་དྲོད་ཁོལ་གྱི་པང་ན།།

ལྷག་བསམ་ཚོམ་བུའི་དཀར་མདངས་བུ་ཆུང་ལ་སྟེར་ནས།།

སྙིང་གི་སེམས་པའི་གཏིང་ནས་རང་ཚུགས་དེ་སྐྱོང་ནས།།

མ་ལོའི་བུ་ལ་བཅང་བའི་རེ་བ་དེར་འབད་འགྲོ།།

 

གདོང་ལ་གཉེར་མ་ཆགས་པ་ཕ་རོལ་ལ་ཞོགས་ཅིག།

མགོ་བོའི་སྐྲ་ལོ་དཀར་ཡང་རྒས་ཉམས་དེ་མ་སྟོན།།

དྲིན་ལན་ལྡོག་པ་མེད་པ་ཨ་མ་ཡི་སེམས་ཀྱི།།

ཤེལ་གྱི་བུམ་པ་འདྲ་བ་ང་རང་དེ་ཡིན་སོང་།།

  

གཡུ་མཚོ།   ཞར་བཀོད་གཅིག

ལུག་རྫི་བུ་མོ།  


 ང་ལ་སྨྱུ་གུ་འཛིན་པའི་རྨི་ལམ་སྐྱེས་པ་ནས་ང་ལ་མདུན་ལམ་ཡོད་པའི་སྣང་བ་རྒྱུན་དུ་འཆར་མྱོང་།

 

སྤང་གཡུ་ལོ་སྔོ་ལྗང་གོས་ཀྱི་སྟེང་།།

མདོག་དཀར་དམར་མེ་ཏོག་སྣ་ཚོགས་བཞད།།

དགུང་ཉི་མའི་དྲོད་ཁོལ་གླིང་བཞིར་ཁྱབ།།

མཚོ་སྔོན་མོ་ལྡེམ་ལྡེམ་འོད་དུ་འཁྱུག།

 

ཕ་ཡུལ།

     

སྔོ་ཚོད་མ་སྔོན་དུ་འཇོག་དུས།།

ཟས་རྩམ་པའི་བྲོ་བ་དྲན་གི།

དབྱར་མེ་ཏོག་ཁྲ་ཆིལ་བཞད་དུས།།

ངའི་ཕ་ཡུལ་ཡིད་ལ་དྲན་གི

   སྐྱིད་པའི་གནས་མཆོག

རྫི་མོ།


རང་ཉིད་སོང་མྱོང་བའི་གནས་མཆོག་གིས་ང་ལ་ཐོབ་བྱ་མི་དམན་པ་ཞིག་བསྩལ་ཡོད།

 

རབ་མཛེས་གངས་དཀར་ལྷུན་པོའི་འདབས་རོལ་ན།།

ཡིད་འཛིན་དབང་བོ་འཕྲོག་པའི་རུ་སྡེ་ཞིག།

ཅོལ་ཆུང་བུ་མོ་ང་ཡི་ཕ་ཡུལ་ཡིན།།

ཕ་ཡུལ་བསིལ་ལྡན་ལྗོངས་འདི་སྐྱིད་པའི་ཡུལ།།

 

མ་ཡུམ་སློབ་གྲྭའི་ར་བའི་སྐྱེད་ཚལ་དུ།།

ཤེས་རིག་བགྲང་བྱ་འཐོབ་པའི་སློབ་གྲོགས་ཤིག།

ཉམ་ཆུང་རིག་ལྡན་ང་ཡི་སློབ་གྲོགས་ཡིན།།

མ་ཡུམ་སློབ་གྲྭའི་གླིང་ཀ་སྐྱིད་པའི་གནས།།

 

 

མ་ཡུམ་གཡང་ཁྱིམ་གྲུ་བཞིའི་ནང་རོལ་དུ།།

རབ་དཀར་འོ་ཇ་བཞེས་པའི་དྲིན་ཆེན་མ།།

བརྩེ་ལྡན་བུ་མོ་ང་ཡི་མ་ལོ་ཡིན།།

དྲོད་ལྡན་གཡང་ཁང་གྲུ་བཞི་སྐྱིད་པའི་ཁྱིམ།།

  

སྐྱོ་སྣང་གི་མཆི་མ། ཞར་བཀོད་གཅིག

  ཆེ་གེ་མོ།  


རྩོམ་རིག་གི་ཞིང་ས་ནས་ལོ་རྒྱུས་ཀྱི་མེ་ཏོག་བཞད་དུས། ང་ནི་རྩོམ་རིག་ཅེས་པའི་གཞུང་ཆེན་པོ་ཞིག་ཏུ་འཛུལ་ནས་ཡོད་ཨང་།

 

སྐྱོ་སྣང་སེམས་པས་བཟུང་བའི་མི་ཡུལ་འདི་ནས།།

ཁེར་རྐྱང་སེམས་པའི་རྣམ་ཤེས་གང་དུ་སོང་ཡོད།།

དུངས་བ་སེམས་ལ་བཞག་པའི་ན་གཞོན་བུ་ལོ།།

ཁྱོད་ཞལ་གཞོན་པའི་ལང་ཚོ་ནམ་རྒྱུན་དྲན་གི།

 

   མ་ལོའི་དྲིན་ལན།

ཚེ་བསྐལ་བ་ཡག་པའི་དུས་ལ།།

དྲིན་མ་ལོའི་བྱམས་སེམས་མེད་སོང་།།

གཞོན་ང་ལ་སྔོན་ལས་མེད་པས།།

དྲིན་མ་ལོ་གར་སོང་མ་ཤེས།།

 

སྤང་ཐང་གི་གཡུ་ལོ།

འཇུ་ལྷ་མོ།  

 སློབ་གྲྭའི་གླིང་དུ་ཡོད་པའི་སྐབས་སུ་ཐ་སྙད་རེ་རེ་བསོག་པ་དེ་བསོད་ནམས་ཡིན་ལ། སློབ་གྲྭ་ནས་གྱེས་སོང་སྐབས་ང་ནི་ཅི་ཞིག་ཡིན་ནམ།

 

ཆུ་སྐྱེས་སྐྱེད་ཚལ་གྱི་བར་ན།།

ཁྱེད་འདྲའི་གསེར་མིག་དེ་མེད་དོ།།

འཁྱུག་རྩལ་ལྡེམ་མྱུར་གྱི་ཉ་མོ།།

ཡིད་ཀྱི་གཏིང་མཐའ་རུ་མཛེས་སོང་།།

 

དགེ་རྒན་དམ་པ་ཡི་ཁྲོད་ནས།།

ཁྱེད་འདྲའི་བྱམས་ལྡན་ཞིག་མེད་དོ།།

སྤང་ཐང་མེ་ཏོག་གི་ཁྲོད་ན།།

སེམས་ཀྱི་འདབ་ལྡན་དེ་ཡག་པ།།

 

 

གྱེས་བྲལ་གྱི་རྨ་ཁ།

དུང་སྒྲ་ལྷ་མོ།

དུང་བ་མེ་ཏོག་གི་ཟེའུ་འབྲུའི་སྟེང་གི་སྦྲང་རྩི་ལྟར་ཞིམ་ན། སྙན་ངག་ནི་མེ་ལོང་ནང་གི་ཡོལ་བ་ཞིག་ཨེ་ཡིན།

 

མུན་ནག་གི་མཚན་མོ་ཡི་དུས་སུ།།

འཇིག་རྟེན་འདི་ལྷིང་འཇགས་ཀྱིས་ཁེངས་སོང་།།

བརྩེ་འཛུམ་གྱི་གྲོགས་ཞལ་དེ་འཛོམས་པ།།

ལས་དབང་གིས་ཁ་ཁ་ཞིག་མ་གཏོང་།།

 

མུན་ནག་གི་མཚན་མོ་ཡི་དུས་སུ།།

སེམས་ཁམས་ལ་ན་ཟུག་གིས་ཁེངས་སོང་།།

ཕན་ཚུན་གྱི་བརྩེ་བ་དེ་མི་འགྱུར།།

བརྩེ་བ་འདི་མི་འགྱུར་གྱི་རྡོ་རིང་།།

 

      ལས་དབང་།

 

མ་ཡུམ་སློབ་གྲྭའི་སྐྱེད་ཚལ་གྱི་གླིང་ནས།།

རིག་གནས་འབྲུ་དྲུག་ས་བོན་དེ་སྦྱང་བཞིན།།

གཤོག་རྩལ་ལྡན་པའི་བྱ་རྒྱལ་ཅིག་བྱ་འདོད།།

བརྩོན་པས་སྐུལ་མ་རང་ཉིད་ལ་གདམས་ཡོད།།

 

འདས་སོང་ལོ་ཟླ་སྒྱུ་མ་ཡི་རང་མདངས།།

འཇིག་རྟེན་སྣང་བ་སྐད་ཅིག་དང་ཉིན་གཅིག།།

བྲལ་དགོས་བྱུང་ཀྱང་འཇིག་རྟེན་གྱི་ཆོས་ཉིད།།

དམ་ཚིག་མི་འགྱུར་རྡོ་བརྐོས་ཀྱི་རི་མོ།།

 

ལམ་དུ་ཆས།

ཟིལ་བ།  


བློས་གཏོང་དཀའ་བ་སྙན་ངག་ཐུང་ཐུང་འདི་དག་ཡིན་ལ། ད་དུང་རྟག་ཏུ་སེམས་སུ་དྲན་པ་ནི་རང་གི་དྲིན་ཆེ་བའི་མ་ལོ་ཡིན།

 

འདས་པའི་ལོ་ཟླ་འདི་དག་གི་རིང་ལ།

ཁེར་རྐྱང་གི་གྲིབ་གཟུགས་དང་འགྲོགས་ཏེ།

ལམ་དུ་ཆས།

སྐྱོ་བ་དང་སྡུག་བསྔལ་གྱིས་མནར་རུང་།

སྤོབས་སེམས་དང་ང་རྒྱལ་གྱིས།

ལམ་དུ་ཆས།

མིག་ཆུ་ཞིག་ཁོག་ཏུ་མིད་དེ།

ངའི་སྙན་ངག་འདི་འབྲི་འགོ་བརྩམས།

ཡོད་ཚད་ནས་ཡོད་ཚད།

སྙན་ངག་ལ་གཏད་དེ།

ལམ་དུ་ཆས།

སྨག་རིམ་གྱི་མཚན་ལྗོངས་འདིར།

བསིལ་རླུང་ཞིག་དལ་གྱིས་ལྡིང་།

ཡོད་ཚད་རླུང་བུ་ལ་གཏད་དེ།

ལམ་དུ་ཆས།

སྨྲེང་བ་སློང་བའི་མཚན་ལྗོངས་འདིར།

བསིལ་རླུང་དང་ལྷིང་འཇགས།

མདོར་ན།

གྲིབ་གཟུགས་དང་སྐྱོ་གདུང་།

སྙན་ངག་དང་རླུང་བུ།

ཡོད་ཚད། ལམ་གྲོགས་སུ་གྱུར།

 

ཁྱེད།

ལྷ་ལྕམ།


ཤུག་སྡོང་ལྟ་བུའི་དྲི་ཞིམ་ཞིང་གཙང་བ་ནི་རང་གི་སྙན་ངག་ཏུ་བྲིས་པའི་རྩོམ་ཐུང་འདི་དག་ཡིན།

 

ཟླ་འོད་དང་གློག་འོད་མེད་པའི་མཚན་མོ་འདིར།

འོད་ཕྲན་ཙམ་ཡང་མི་གསལ་པའི།

སྒེའུ་ཁུང་གི་ཕྱི་རོལ་ན།

ཆར་བ་ཤག་ཤག་འབབ་བཞིན་འདུག

སྐབས་འདིར།  ཚོར་སྣང་དུ།

རྡོག་སྒྲ་ཞིག་དང་འུར་སྒྲ་ཞིག

སྐྲག་འདར་ཅིག

 

ཕྱི་རོལ་གྱི་མཆོད་རྟེན་དུ།

འཇའ་ཚོན་ལྟ་བུའི་འོད་ཟེར་ཅིག

ལམ་ལམ་འཚེར།

 

སྤྲིན་ནག་ཐར་ཐོར་གྱིས།

སྤྲིན་དཀར་གྱི་ཡོལ་བ་ཤུགས་ཀྱིས་འཐེན་ནས།

ང་ལ་འཇིགས་སྣང་སྐུལ།

 

འཆི་འཕོ།

 འདྲེ་རུས་དཀར། 

 

རང་ས་རང་ཡུལ་གྱི་ལྗོན་ཤིང་དང་མེ་ཏོག་ལས། གཞན་གྱི་ཚེ་སྲོག་གི་མེ་ལོང་དུ་འཆར་བར་རེ་བའི་འདུན་མ་བཅང་ཡོད།

 

ཅི་ལ་རྟག་ཏུ་ང་ལ་ཐུབ་ཚོད་བྱ།

ང་ལ་བག་ལྷོད་ཀྱི་དུས་ཚོད་ཅིག་སྟེར་རོགས།

ང་ལམ་དུ་བུད་དེ་ཡོད་ཚད་ལ་རྒྱུས་ལོན་ཞིག་བྱ་འདོད།

 

ད་དུང་འགྱུར་དཀའ་བའི་བརྩེ་དུང་ལ་རྒྱུས་ལོན་བྱ་མ་ཐུབ།

ཁྱོད་ཀྱིས་ང་ཡུལ་གྲུ་གཞན་དུ་འགྲོ་བར་ཆོག་མཆན་མ་བཏབ།

ཁྱོད་ལ་འདྲ་མཉམ་ཟེར་བ་ཞིག་ཡོད་དམ།

ན་ཚ་དེས་ཀྱང་ང་ལ་སྤོབས་པ་ཞིག་མི་སྟེར།

 

ང་ལ་ཆེས་དངངས་འཚབ་ཀྱི་ལོ་བདུན་དང་བཅུ་ཡི་དུས་ཚོད་མཁོ།

ངས་ཀྱང་དེ་ལ་མཆོད་པ་དང་སྨོན་ཚིག་འབུལ་རྒྱུ་ཡིན།

མ་མཐའ་ཡང་ང་ལ་དུས་ཚོད་དེ་ཕྱིར་གནང་རོགས།

ང་ལ་ལེགས་གྲུབ་ཀྱི་ཉི་མ་མཁོ།

 

དཔྱིད་ཟླ།

གཞོན་ནུ་མ།

  གཞོན་པའི་ལང་ཚོ་ནི་མི་རྟག་པར་ཡིན་མོད། རིག་གནས་ཡོན་ཏན་ནི་རྟག་པ་ཞིག་ཏུ་ངོས་བཟུང་ཡང་མི་ཆོག་པ་ཅི་ཡོད་ཨང་།

 

དྲོད་འཇམ་གྱི་རླུང་བུ།

ཕ་གཞིས་ཀྱི་དྲོད་ཁོལ།

དེ་དག་ནི་དཔྱིད་ཟླ་ཡི་རུམ་ཡིན།

 

དཔྱིད་ཟླ་དེ།

ལྗང་ལོ་གསར་བ།

སྦྲང་ཆར་གྱི་ཟེགས་མ།

བདེ་སྐྱིད་ཀྱི་འཚོ་བ་གསར་བ།

ན་ཆུང་གི་ལང་ཚོ་གསར་བ།

དཔྱིད་ཟླ་ནི་གསར་བ་གསར་རྐྱང་ཞིག་རེད།

 

དཔྱིད་ཟླ།

འཛམ་གླིང་གི་དུས་ཆེན་ཉིན་མོ།

མི་ཚེ་ཡི་ལོ་ཟླ་གསར་བ།

སྙན་མོ་གླུ་ཡི་འགྱུར་ཁུགས།

བཀྲ་ཤིས་སྨོན་ཚིག་བརྗོད་དགོས།

 

བརྩེ་བའི་བདག་མོ།

འོད།

ཤེས་འཇོན་གཉིས་ལས་ང་ནི་འཇོན་ཐང་གཙིགས་སུ་འཛིན་པའི་སྙུག་ཐོགས་པ་ཞིག་ཡིན།

 

ཟླ་འོད་གསལ་ལ་མི་གསལ་བའི་ལམ་ཕྲན་ཞིག་གི་འོག་ཏུ།

མི་བུ་ཁེར་རྐྱང་ཞིག་གི་བརྩེ་བའི་བདག་མོ་དྲན་བཞིན།

མིག་ཆུ་རྡོག་གཅིག་པོའི་དེའི་གྱེས་ཕྱག་འཚལ་བ་བཞིན།

བརྩེ་དུང་ལ་བདེ་སྐྱིད་ཡོད་པར་སྨོན་ལམ་འདེབས།

 

དུང་བ་ནི་ངག་སྒྲོས་ལ་ཡོད་པ་ཞིག་ཡིན།

མཛའ་བརྩེ་ནི་དུས་རབས་ལ་མཁོ་བ་ཞིག་ཡིན།

 

འོན་ཀྱང་།

ལས་དབང་བཙན་པོའི་བདག་མོ་འདིས།

ངེད་གཉིས་བདེ་སྐྱིད་ཀྱི་དྲི་བསུང་འདི

བརྩེ་བའི་བདག་མོས་གཞན་ལ་མི་སྟེར་རོགས།

 

དུས་དེར།

མུན་ནག་ཀློང་གི་མཚན་མོ་དེར།

ཐེ་ཚོམ་མེད་པའི་ཟླ་འོད་དྲུད་དེ།

སེམས་པ་རླུང་བུ་ལ་བསྐུར་ཡོད།

 

གར་འགྲོ་མེད་པའི་གོམ་ཁ་དེ་ནས།

མ་འོངས་འཚོ་བའི་ལམ་ཡིག་བཙལ་བཞིན།

མིག་ཆུ་མང་པའི་བདག་མོ་ཞིག་དྲན་བྱུང་།

 

ཨ་མ་ལགས།   ཁྱེད་རང་དྲན།

དྷི་ཀརྨ་སིདྡྷི།

གྲོག་རོང་གི་རི་མོ་དེ་དག་སྙན་ངག་གི་བརྗོད་བྱ་རུ་འཐིམ་དུས། ང་ནི་སྤྱིར་སྟངས་ཀྱི་མི་ཞིག་མིན་པ་ཧ་གོ་ཡོད།

 

ཨ་མ་ལགས།

ཁྱེད་དང་ཁ་བྲལ་བ་ནས་བཟུང་།

ངའི་སེམས་སུ་དྲན་གདུང་དང་།

སྐྱོ་གདུང་གིས་ཁེངས་ཡོད།

 

ཨ་མ་ལགས།

ཟླ་བ་དང་ཉི་མ་རེ་རེ།

ཐ་ན་དུས་ཚོད་རེ་རེ་ལའང་ཁྱེད་རང་དྲན།

 

མེ་ཏོག་གི་སྐར་ཚོགས་སུ་ཅེར་ནས།

ཁྱེད་ཀྱི་འཛུམ་མདངས་དྭངས་མོ་དེ་དྲན།

དྲོད་འཇམ་གྱི་ཉི་གཞོན་འོག་ནས།

ཁྱེད་ཀྱི་རུམ་ཁ་དྲོན་མོའང་དྲན།

ཁུ་བྱུག་གི་གསུང་སྐད་ཐོས་ནས།

ཁྱེད་ཀྱི་བསླབ་བྱ་དྲོན་མོ་དེ་དྲན་བྱུང་།

ཁ་བ་འབབ་བཞིན་པའི་བུ་ཡུག་ཁྲོད་ནས།

ཁྱེད་ཀྱི་ལྷག་བསམ་དང་བྱམས་བརྩེ་དྲན།

 

ཨ་མ་ལགས།

དྲན་གདུང་གི་འདུན་པ་དེ།

ཇི་ལྟར་གསུབ་ཀྱང་དག་ཐབས་མི་འདུག

 

མཛུབ་ཁྲིད་དགེ་རྒན།    དཀོན་མཆོག     


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མེ་ཏོག སྤེལ་དུས:2017/2/23
སློབ་མ་འདི་དག་གི་སློབ་སྦྱོང་གི་འབྲས་བུ་གཡུར་དུ་ཟ་བའི་སྨོན་འདུན་ཞུ། སློབ་གྲོགས་འདི་དག་ལ་ནད་མེད་ཚེ་རིང་ཡོང་བ་དང་ཅི་བསམ་ལམ་འགྲོ་ཡོང་བའི་སྨོན་ལམ་འདེབས་སོ། །
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41337067
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1