ཡུལ་ཤུལ་དུ་རིན་མེད་དགེ་ལས་བྲིས་གཟུགས་ཟབ་སྦྱོང་འཛིན་གྲྭ་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཡུལ་ཤུལ་དུ་རིན་མེད་དགེ་ལས་བྲིས་གཟུགས་ཟབ་སྦྱོང་འཛིན་གྲྭ་བསྡུས
ཡུལ་ཤུལ་དུ་རིན་མེད་དགེ་ལས་བྲིས་གཟུགས་ཟབ་སྦྱོང་འཛིན་གྲྭ་བསྡུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/2/21ལྟ་ཀློག (3027)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


    སྤྱི་ལོ་༢༠༡༧ལོའི་ཟླ་བ་༢པའི་ཚེས་༡༠ཉིན་ནས་འགོ་བརྩམས་ཤིང་ཉིན་བཅུ་ཕྲག་གཅིག་ལ་པིར་བྲིས་ལས་དབུ་ཅན་འབྲི་སྟངས་བསླབས།   སློབ་མའི་ངོས་ནས་སྐྱ་སེར་རིས་མེད་དང་ཕོ་མོ་དབྱེར་མེད་ལོ་ན་རྒས་གཞོན་ཅི་རིགས་ཏེ་ལོ་མཐོ་བ་རང་ལོ་༥༤་ནས་མར་བཤུས་པའི་རང་ལོ་༡༩་ཅན་གྱི་ཡན།  ལས་རིགས་མི་འདྲ་བ་ཁྲིམས་འཛིན་སྡེ་ཁག་དང་རྫོང་ཁག་སོ་སོའི་དགེ་རྒན་ད་དུང་རྒྱལ་ཁབ་གཞུང་གི་གཞུང་ཞབས་པ་སྣ་ཚོགས། གཞན་ཡང་རབ་བྱུང་བ་སྟེ་ནང་བསྟན་རིག་གཞུང་ལ་མི་ལོ་སུམ་ཅུ་ཙམ་ལ་ཐོས་བསམ་གནང་མྱོང་བའི་ཡོན་ཚད་རྒན་པ་ནས་བརྩམས་པར་ལོ་ན་རྒན་གཞོན་ཅི་རིགས་ཀྱིས་གྲུབ་པའི་ངུར་སྨྲིག་གི་སྡེ་དང་།  སློབ་གནས་མི་འདྲ་བའི་སློབ་ཆེན་པ་སོགས་མདོར་ན་ཡོན་ཏན་པ་དང་ཡོན་ཏན་པ་ལ་དགའ་བའི་དཔུང་སྡེ་ཤ་སྟག་གིས་བྲིས་གཟུགས་འབྲི་རྩལ་ལ་གོམ་པ་མཉམ་དུ་སྤོས།


    ཉིན་དང་བོ་སྟེ་དབུ་འཁྱུད་དང་ཀ་སྡེ་ནས་དབུ་བཟུང་སྟེ་ཉིན་བཅུའི་ནང་ལ་བོད་ཡིག་ཆ་ཚང་འབྲི་སྟངས་བསླབས།

ཉིན་བཅུ་བ་སྟེ་ཟླ་༢པའི་ཚེས་༡༩ཉིན་སློབ་མ་སོ་སོའི་ཚབ་མཚོན་ཡིག་གཟུགས་རེ་རྒྱུགས་སྤྲོད་དང་སྦྱོང་བདར་སྦྲགས་ཏེ་བྲིས་ཤིང་དགེ་རྒན་ལ་སྤྱན་བསྟར་ཞུས་པས།   དགེ་རྒན་གྱིས་ཀྱང་ཐུགས་ཡིད་ཚིམས་པའི་ངང་ཚུལ་གྱིས་༼ཉིན་མ་ཐུང་ཐུང་འདིའི་ནང་ལ་གྲུབ་འབྲས་ཟབ་པོ་ཞིག་ལོན་སོང་༽ཞེས་བསྟོད་བསྔགས་ཅི་ཡང་གནང་།  ཉིན་དེའི་ཕྱི་དྲོར་དགེ་རྒན་འདན་མ་བཀྲ་དགའ་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་སློབ་སྟོན་དང་།   སློབ་མ་ཡོན་ཚད་རྒན་པ་འགའ་རེས་བསམ་འཆར་རམ་དྲི་བ་སྣ་ཚོགས་ཀྱིས་མ་འོངས་པར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ཁ་ཇི་ལྟར་རྒྱ་བསྐྱེད་པའི་སྐོར་ལ་གླེང་མོལ་གནང་རྗེས་མཇུག་ཡོངས་སུ་གྲུབ།


     གོ་ལ་ཟླུམ་པོ་ཡོངས་ཀྱི་རིགས་སོ་སོས་ཀྱང་རང་གི་རིག་གནས་དང་རང་གི་ཁྱད་ཆོས་གཙིགས་སུ་བཟུང་ནས། དེ་ནི་སྔོན་ཐོན་དང་དེ་ནི་ཚན་རིག་དང་མཐུན་པའི་རིག་གནས་ཤིག་ངོས་འཛིན་བྱེད་བཞིན་འདུག    ད་སྐབས་བོད་སྤྱི་ཡོངས་ལ་རིག་གནས་ཀྱི་གནས་བབས་དང་རིག་གནས་ཀྱི་ཁོར་ཡུག་ཇེ་དགའ་ཇེ་བཟང་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་རེད། ཡིན་ན་ཡང་ཡུལ་ཤུལ་ཁུལ་ལ་མཚོན་ན་བོད་རིག་གནས་ཀྱི་ཁོར་ཡུག་དེ་ཙམ་བཟང་པོ་ཞིག་ཆགས་མེད་པ་འདྲ། རྗེས་ལུས་ཀྱི་རྣམ་པ་ཞིག་ཀྱང་མཐོང་བཞིན་འདུག་པས་ཕྲན་རང་ཉིད་ལ་མཚོན་ན་དགེ་རྒན་གྱི་བྱ་གཞག་བསྒྲུབས་ནས་ལོ་ངོ་ཉེ་ལྔ་ཙམ་ཟིན་འདུག དེ་སྔོན་བྲིས་གཟུགས་ཀྱི་སློབ་ཁྲིད་བྱས་ནས་མི་ལོའང་དེ་ཙམ་འདས་སོང་། ད་ཐེངས་དགུན་གནང་གི་གོ་སྐབས་འདི་དང་བསྟུན་ནས་བྲིས་གཟུགས་ལ་དགའ་ཞེན་དང་སློབ་འདོད་ཆེ་བའི་སློབ་ཆེན་བ་དང་བོད་ཡིག་དགེ་རྒན། དགེ་འདུན་པ་དང་སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་སོགས་ལས་སློབ་མ་དྲུག་ཅུ་ཙམ་བསྡུས་ནས་རིན་མེད་དགེ་ལས་ཀྱི་བྲིས་གཟུགས་ཟབ་སྦྱོང་འཛིན་གྲྭ་འདི་བཙུགས་པ་ཡིན།


ས་གནས། ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་གླིང་ལ་བསྡུས།  


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41032953
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1