༼དཔེ་འཕྲིན།༽འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་བོད་འགྱུར་མ་གཉིས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »༼དཔེ་འཕྲིན།༽འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་བོད་འགྱུར་མ་གཉིས།
༼དཔེ་འཕྲིན།༽འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་བོད་འགྱུར་མ་གཉིས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/2/25ལྟ་ཀློག (5242)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༼དཔེ་འཕྲིན།༽འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་བོད་འགྱུར་མ་གཉིས།

    ༼ང་ནི་མཱ་ལཱ་ལཱ་ཡིན།༽ཞེས་པའི་དཔེ་དེབ་འདི་ནི་མིག་སྔར་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་མང་བོར་བསྒྱུར་ནས་ཤར་ནུབ་ཀུན་གྱི་ཀློག་པ་པོ་དག་གི་སྤྱན་ལམ་དུ་འབུལ་ཡོད་མོད། ཐེངས་འདིར་ང་ཚོས་མ་དཔེ་ཚད་ལྡན་ལ་གཞི་བྱས་ནས་རང་ཅག་ཁ་བ་ཅན་གྱི་སྐད་དུ་བསྒྱུར་ནས་རང་རིགས་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་ཐབས་བྱས་ཡོད།

    དེ་ཡང་བོད་འགྱུར་མའི་དཔེ་དེབ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ལོ་ན་ཆེས་གཞོན་ཤོས་ཀྱི་མཛངས་མ་ཞིག་གི་མི་ཚེའི་ལོ་རྒྱུས་ཡིན་ལ། ཁོ་མོས་སྐྱེས་མའི་ཁེ་དབང་དང་སློབ་སྦྱོང་གི་ཁེ་དབང་། བྱིས་པའི་ཁེ་དབང་དང་འདྲ་མཉམ་གྱི་ཁེ་དབང་སོགས་ལ་འཐབ་རྩོད་བྱས་པའི་བརྒྱུད་རིམ་ཚང་མ་ཁོ་མོའི་མི་ཚེའི་བརྒྱུད་རིམ་དང་སྦྱར་ནས་རྒྱུས་འབྲི་བྱས་ཡོད། ལྷག་པར་དུ་ཁོ་མོའི་བྱས་རྗེས་ལས་བྱུང་བའི་མི་ཚེའི་གྲུབ་འབྲས་ཀྱིས་ཀྱང་འཛམ་གླིང་ལ་འགྱུར་བ་ངེས་ཅན་བཏང་ཡོད་པའི་བདེན་དོན་དག་ཀྱང་གསལ་བོར་བྲིས་ཡོད་པའི་དཔེ་དེབ་མིང་གྲགས་ཅན་ཞིག་ཡིན།


དེབ་བྱང་། ང་ནི་མཱ་ལཱ་ལཱ་ཡིན།

རྩོམ་པ་པོ། ཡོ་ཟྰ་ཧྥི་རྫ་ཡེ་དང་ཕཱེ་ཋི་རེ་ཤཱ་མེ་ཁི་ཁོར་མེ་ཁི་གཉིས་ཀྱིས་བརྩམས།

སྒྲ་སྒྱུར་བ། ཁ་བའི་མེ་ཏོག་དང་དྲག་ཆར། གཅན་ཟེར་འོད་དང་མེ་ཐིག་བཅས་ཀྱིས་བསྒྱུར།

དཔེ་སྐྲུན། པེ་ཅིང་དཔེ་སྐྲུན་ཁང་།

འགྲེམ་སྤེལ། གཅེས་ལོ་བོད་འགྱུར་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

དེབ་རྟགས། ISBN 978-7-200-11296-2

དེབ་རིན། སྒོར 28


    ༼མར་ཋེན་ལོའུ་ཐིར་ཁེན།༽ཞེས་པའི་དཔེ་དེབ་འདི་ནི་བློ་ཁ་མཐོ་དམན་བར་གསུམ་ལ་བསྟུན་ནས་དཔེ་གཟུགས་འདྲ་མིན་སྣ་ཚོགས་ཡོད་པ་མ་ཟད། འཛམ་གླིང་གི་སྐད་རིགས་ཚང་མར་བསྒྱུར་འདུག་ཅེས་བཤད་ནའང་ཆོག    འཛམ་གླིང་གི་རྒན་དར་གཞོན་གསུམ་གྱི་ཀློག་པ་པོ་ཚང་མས་དཔེ་དེབ་འདི་བཀླགས་མེད་མཁན་ཞིག་ཕལ་ཆེར་མེད་ཚོད་རེད།

    ཐེངས་འདིར་ང་ཚོས་ཀྱང་འཛམ་གླིང་གི་མིང་དུ་གྲགས་པའི་དཔེ་དེབ་འདི་རང་སྐད་དུ་བསྒྱུར་ནས་སྤུན་ཟླ་ཡོངས་ལ་གཟིགས་རྟེན་དུ་ཕུལ་ཐུབ་པར་དགའ་སྤྲོས་བརྟས་ཡོད།

    དེ་ཡང་བོད་འགྱུར་མའི་དཔེ་དེབ་འདི་ནི་བདེན་དོན་དང་འདྲ་མཉམ་གྱི་ཕྱིར་དུ་སྐྱེས་ཆེན་དམ་པ་མར་ཋེན་ལོའུ་ཐིར་ཁེན་གྱིས་མི་ཚེའི་བཀའ་སྡུག་ཆེད་དུ་བསད་ནས་ཞི་བའི་འཐབ་རྩོད་བྱས་པའི་མི་ཚེའི་ལོ་རྒྱུས་ཆ་ཚང་ཞིག་ཡིན།

    ཁོ་བོས་མི་ནག་གི་ཁེ་དབང་དང་འདྲ་མཉམ་མ་ཡིན་པའི་གཉའ་གནོན་ལ་སྤོབས་པ་མ་ཞུམ་པར་འཐབ་རྩོད་བྱས་ནས་འཛམ་གླིང་ལ་བདེན་པའི་དར་ཆ་བསྒྲེངས་པའི་མཛད་རྗེས་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།

    མདོར་ན་ཁོ་བོས་ཚེ་སྲོག་ཀྱང་རླབས་ཆེ་བའི་བདེན་དོན་དང་འདྲ་མཉམ་གྱི་ཕྱིར་དུ་བློས་བཏང་ནས་འཛམ་གླིང་གི་སྐྱེ་བོ་ཚང་མ་གཉིད་ལས་བསླངས་ཏེ་ཞི་བདེ་དང་རང་དབང་གི་ཕྱོགས་ལ་ལམ་སྟོན་གཟི་འོད་ལྡན་པ་ཞིག་བྱས་ཡོད།


དེབ་བྱང་།  མར་ཋེན་ལོའུ་ཐིར་ཁེན།

རྩོམ་པ་པོ། ལྗེམ་སི་ཋེ་ཌྷེ་ཁེ།

སྒྲ་སྒྱུར་བ། སྟག་ལུང་རང་དབང་།

དཔེ་སྐྲུན། པེ་ཅིང་དཔེ་སྐྲུན་ཁང་།

འགྲེམ་སྤེལ། གཅེས་ལོ་བོད་འགྱུར་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

དེབ་རྟགས། ISBN 978-7-5629-4995-4

དེབ་རིན། སྒོར 20


གཤམ་གྱི་བཤེར་རིས་སམ་ཁ་པར་ཨང་གྲངས་གང་རུང་ལ་འབྲེལ་བ་བྱས་ནས་སྡེབ་ཉོ་གནང་པར་འཚལ།

འཕྲིན་སྟེགས་འབྲེལ་གནས།

bodgyur

སྐད་འཕྲིན་འབྲེལ་གནས།

15881044422

སྒྱུར་རྩོམ་སྐུར་སའི་ཡིག་ཟམ།

2452233900@qq.com


བོད་འགྱུར་རིག་གནས་འཕྲིན་སྟེགས་འདི་ནི་སྒྱུར་རྩོམ་ཁོ་ན་གཉེར་བའི་ཆེད་ལས་རང་བཞིན་ཅན་གྱི་འཕྲིན་སྟེགས་ཤིག་ཡིན་ལ། འཕྲིན་སྟེགས་འདི་ནི་བོད་ཀྱི་སྒྱུར་རྩོམ་གྱི་འཕྲིན་སྟེགས་ཐོག་མ་ཡིན་པ་མ་ཟད། སྒྱུར་རྩོམ་གྱི་འཕྲིན་སྟེགས་གཅིག་པུ་དེ་ཡང་ཡིན།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41266170
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1