ཨ་སྒང་ཡར་རྒྱས་ཀྲུང་གོའི་ན་གཞོན་ཕུགས་བསམ་ཅན་དྲུག་ནང་བདམས་ཐོན་བྱུང་།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཨ་སྒང་ཡར་རྒྱས་ཀྲུང་གོའི་ན་གཞོན་ཕུགས་བསམ་ཅན་དྲུག་ནང་བདམས་ཐོན་
ཨ་སྒང་ཡར་རྒྱས་ཀྲུང་གོའི་ན་གཞོན་ཕུགས་བསམ་ཅན་དྲུག་ནང་བདམས་ཐོན་བྱུང་།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/3/10ལྟ་ཀློག (3987)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

      ཧྥོང་ཐེན་(广汽丰田)རླངས་འཁོར་སྤྱི་གཉེར་ཁང་དང་ཝང་དབྱི་གསར་འགྱུར་ཁང་(网易新闻)གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་བསམ་ཕོད་པ་དང་སྒྲུབ་ཕོད་པ་ཞེས་པའི་བྱ་འགུལ་ཐོག བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་ལགས་ཀྲུང་གོའི་ན་གཞོན་ཕུགས་བསམ་ཅན་དྲུག་གི་ནང་བདམས་ཐོན་བྱུང་ཡོད་པ་དང་། ཝང་དབྱི་གསར་འགྱུར་ཁང་གིས་མི་རེ་ལ་ཁོང་ཅག་གི་ཕུགས་བསམ་འཚོལ་སྙེག་གི་བཞུད་ལམ་མཚོན་པའི་དངོས་བཤུས་ཕབ་རྒྱུ་ཡིན་པ་མ་ཟད། ༢༠༡༧ལོའི་ཟླ་༣པའི་ཚེས་༩ཉིན་གྱི་ཧྥོང་ཐེན་སྤྱི་གཉེར་ཁང་གི་རླངས་འཁོར་གསར་ཤོས་འཛམ་གླིང་གི་ཁྲོམ་རར་འགྲེམ་པའི་གསར་འགྱུར་སྤྱི་བསྒྲགས་དང་འབྲེལ་ནས་ན་གཞོན་ཁོང་ཅག་ལ་རྟིང་སྐུལ་གཟེངས་སྐྱེས་སུ་རླངས་འཁོར་གསར་ཤོས་རེ་བཀོད་སྒྲིག་བྱས་ཡོད་འདུག

ཀྲུང་གོའི་ན་གཞོན་ཕུགས་བསམ་ཅན་དྲུག་ནང་བདམས་ཐོན་བྱུང་བའི་འཁྲབ་ཁྲིད་པ་ཨ་སྒང་ཡར་རྒྱས་སོགས།

གཞོན་པའི་ཕུགས་བསམ་ལ་ཕུལ་བའི་ལེགས་སྐྱེས་ལེན་མཁན།

以实力致敬“敢为青年”

ན་གཞོན་དྲུག་ལ་གཟེངས་སྐྱེས་མཚོན་བྱེད་དུ་ཧྥོང་ཐེན་ལྡེ་མིག་འབུལ་གྱིན་པ།

ཨ་སྒང་ཡར་རྒྱས།

阿岗雅尔基

  ཨ་སྒང་ཡར་རྒྱས་ནི༡༩༩༡ལོར་མདོ་སྨད་རྔ་བ་རུ་སྐྱེས་ཤིང་། སྔ་གཞུག་ཏུ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དང་རྔ་བ་ཁུལ་མཐོ་འབྲིང་སློབ་གྲྭ། པེ་ཅིང་གློག་བརྙན་སྒྱུ་རྩལ་སློབ་གླིང་སོགས་འགྲིམས་ཤིང་། ཁོང་གིས་འཁྲབ་ཁྲིད་གནང་བའི་གློག་བརྙན་ལ་༼ལམ་གྱི་རྨི་ལམ་༽དང་། ༼བསོད་ལྷ༽ཞེས་པ་སོགས་ཡོད་ཀྱང་། ༼ལམ་གྱི་རྨི་ལམ་༽ཧྥིན་ལན་ཐམ་ཕེ་རེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན(Tampere Film Festival)སྐབས༤༥ བར་ཚུད་པར་མ་ཟད། ཀྲུང་གོའི་གསེར་གྱི་བྱ་དེ་དང་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་གྱི་ལྟད་མོ་བ་ཆེས་དགའ་བའི་གློག་བརྙན་གྱི་བྱ་དགའ་དང་། ཞིས་ཁོའུ་ཡུལ་སྐོར་བུམ་པའི(溪口旅游杯)འཁྲབ་གཞུང་འགྲན་བསྡུར་གྱི་བྱ་དགའ་ཨང་གཉིས་པ་སོགས་ཐོབ་མྱོང་ལ། དུས་མཚུངས་སུ་གློག་བརྙན་འདི་པེ་ཅིང་རྒྱལ་སྤྱིའི་སློབ་ཆེན་པའི་གློག་བརྙན་འགྲེམ་སྟོན་བྱེད་སྒོ་དང་། ཧྲང་ཧའེ་སློབ་གྲྭ་ཆེན་མོ་བའི་བརྙན་འཕྲིན་དུས་ཆེན་སྐབས་བདུན་པའི་བརྙན་ཐུང་འགྲན་སྡུར། ཅིན་ཧྲན་ཡེ་བརྙན་ཐུང་འགྲན་སྡུར་སོགས་ཀྱི་དངོས་གཞིའི་གློག་བརྙན་ནང་བདམས་ཐོན་བྱུང་བ་དང་། ༢༠༡༤ལོར་གློག་བརྙན་འདིའི་ཕབ་སྐྲུན་ཚོགས་ཆུང་པེ་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ནང་ཚན་བརྙན་ཐུང་འགྲན་སྡུར་གྱི་གཟེངས་བསྟོད་ཚོགས་ཆེན་སོགས་ལའང་ཞུགས་མྱོང་།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da3g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དཀོན་མཆོག སྤེལ་དུས:2017/3/10
རྔ་བའི་གཟི་བརྗིད་ཅིག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41158323
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1