ད་ལོར་རང་རྒྱལ་གྱི་ཁ་པར་གཏོང་ལེན་ལ་སྟབས་བདེ་ཆེན་པོ་བཟོ་རྒྱུ་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ད་ལོར་རང་རྒྱལ་གྱི་ཁ་པར་གཏོང་ལེན་ལ་སྟབས་བདེ་ཆེན་པོ་བཟོ་རྒྱུ་ར
ད་ལོར་རང་རྒྱལ་གྱི་ཁ་པར་གཏོང་ལེན་ལ་སྟབས་བདེ་ཆེན་པོ་བཟོ་རྒྱུ་རེད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/3/13ལྟ་ཀློག (4395)རྩོམ་ཁུངས: མཚོ་སྔོན་སྲིད་གཞུང་དྲ་བ།པར་འདེབ།

ད་ལོའི་ནང་ཐག་རིང་གི་ཁ་པར་ཕར་གཏོང་ཚུར་ལེན་ལ་སྟབས་བདེ་ཆེན་པོ་བཟོ་རྒྱུ་རེད།

     ལོ་ངོ༢༣རིང་ལ་སྤྲད་པའི་ཁ་པར་གྱི་འགྲུལ་བཞུད་རིན་པ་དེ་ད་ལོ་བཟུང་ནས་བསྡུ་མཚམས་འཇོག་རྒྱུ་རེད། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིའུ་ཁེ་ཆིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་སྐབས་ཁ་པར་ལས་རྒྱལ་ནང་ཐག་རིང་གི་ཁ་པར་ཕར་གཏོང་ཚུར་ལེན་དང་འགྲུལ་བཞུད་གཉིས་ཀྱི་རིན་པ་གཉིས་མེད་པར་གཏོང་རྒྱུ་ཞེས་གསལ་བོར་བསྟན། ཁ་སང་ཀྲུང་གོའི་སྤོ་སྒུལ་དང་། ཀྲུང་གོའི་མཉམ་འབྲེལ། ཀྲུང་གོའི་གློག་འཕྲིན་གསུམ་གྱིས་ད་ལོའི་ཟླ༡༠བའི་ཚེས༡ཉིན་ལ་རྒྱལ་ཡོངས་སུ་གྲོན་དངུལ་འདི་གཉིས་བསྡུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། དེར་མི་མང་པོ་ཞིག་གིས་ཡ་མཚན་པོའི་སྒོ་ནས་སྔ་མོ་ནས་མཚམས་བཞག་ན་དགའ་བ་ལས་ཟླ་བ་བཅུ་བའི་ཚེས་གཅིག་བར་ལ་སྒུག་དགོས་པ་ཅི་ཡིན་ཞེས་དོགས་འདྲི་བྱས་བྱུང་།

  དེར་ཀྲུང་གོའི་སྤོ་སྒུལ་ཀུང་སིས་ཀོང་ཀྲོའུ་ཉིན་རེའི་ཚགས་པར་ལ་དེ་སྐོར་ནས་ལན་སྤྲད་དོན། ལོ་དུ་མའི་རིང་ལ་ཁ་པར་སྡེབས་གྲོན་གྱི་བསགས་འབོར་ཉར་བ་ཧ་ཅང་མང་སྟབས། སྦྲག་གྲོན་ལ་སྙོམ་སྒྲིག་བྱེད་དུས་སྡེབས་གྲོན་རེ་རེར་སྒྲིག་སྲོལ་ངེས་ཅན་རེ་བཟོ་དགོས་པས་ལས་ཀ་ཧ་ཅང་ལྕི། གཞན་རིན་རྩིས་སྒྲིག་སྲོལ་བསྒྱུར་བ་ལ་དེའི་མ་ལག་གསར་སྤེལ་དང་སྒྲིག་བཟོ། བཀོད་སྒྲིག་སོགས་བྱེད་དགོས་པས། མ་ལག་སྙོམ་སྒྲིག་གི་སྟ་གོན་དང་ལས་སྒོའི་ཚོད་ལྟ་སོགས་ལས་ཀ་མང་པོ་ཚགས་དགོས་པ་རེད། དེ་མ་ཟད་ཞབས་ཞུ་ལས་ཀར་བཀོད་སྒྲིག་དང་། ཞབས་ཞུ་ཁ་པར10086དང་དབྱི་ཏུང་ལས་གཉེར་ཁང་སོགས་ཀྱི་ཞབས་ཞུ་བར་ཟབ་སྦྱོང་སོགས་བྱེད་དགོས་པས། ཐོག་མའི་དཔྱད་འཇོག་དང་། ཇུས་གཞི་གཏན་འབེབས། ལས་ཀ་བཀོད་སྒྲིག་སོགས་བྱེད་པ་ལ་མ་མཐའ་ཡང་ཟླ་བདུན་ནས་བརྒྱད་དགོས་ཟེར།

ལོ་ཙཱ་བ། ཁོན་ཐར་འཚོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41323795
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1