བོད་རིགས་འཆར་འགོད་མཁན་རྒྱལ་སྤྱིའི་གར་སྟེཊ་ཐོག་ཐེངས་དང་པོར་ཐོན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། » བོད་རིགས་འཆར་འགོད་མཁན་རྒྱལ་སྤྱིའི་གར་སྟེཊ་ཐོག་ཐེངས་དང་པོར་
བོད་རིགས་འཆར་འགོད་མཁན་རྒྱལ་སྤྱིའི་གར་སྟེཊ་ཐོག་ཐེངས་དང་པོར་ཐོན་པ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/4/1ལྟ་ཀློག (7539)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  བོད་རིགས་འཆར་འགོད་མཁན་རྒྱལ་སྤྱིའི་གར་སྟེཊ་ཐོག་ཐེངས་དང་པོར་ཐོན་པ།

ཨ་ཅག་ལྷ་མོའི་དར་སྲོལ་གྱོན་ཆས་ངོམ་སྟོན།


        2017ལོའི་ཟླ་3ཚེས་30ཉིན་བོད་རིགས་ཚོས་དགའ་འོས་ཤིང་སྤོབས་པ་བྱེད་རིན་ཡོད་པའི་གཏམ་བཟང་ཞིག་གྲགས་ཡོང་བ་སྟེ། པེ་ཅིན་གསོལ་མགྲོན་ཁང་དུ་ཀྲུང་གོའི་རྒྱལ་སྤྱིའི་དར་སོ་ཆེ་བའི་གྱོན་ཆས་གཟའ་འཁོར་ཞེས་པའི་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་བོད་རིགས་རང་གིས་འཆར་འགོད་བྱས་ཤིང་། བོད་ཀྱི་ཉམས་དང་ལྡན་པའི༼ཨ་ཅག་ལྷ་མོའི༽ཚོང་རྟགས་ཀྱི་དེང་རབས་བོད་ཆས་སྣ་ཚོགས་སྐྱེ་བོའི་མིག་གི་ལོངས་སྤྱོད་དང་ཡིད་ཀྱི་བདུད་རྩིའི་ཚུལ་དུ་བཤམས་ཡོད་ལ། ད་ཐེངས་ཀྱི་དེང་རབས་བོད་ཆས་ངོམ་སྟོན་དེར་སྤོབས་པ་དང་དགའ་འོས་པ་ཞིག་ནི་ཀྲུང་གོའི་རྒྱལ་སྤྱིའི་དར་སོ་ཆེ་བའི་གྱོན་ཆས་གཟའ་འཁོར་གྱི་གར་སྟེགས་ཐོག་བོད་རིགས་ཀྱི་འཆར་འགོད་མཁན་ཐོན་པ་ཐེངས་དང་པོ་ཡིན་པ་རེད།

        ༼ཨ་ཅག་ལྷ་མོའི༽ཚོང་རྟགས་ཀྱི་དར་སོའི་བོད་ཆས་ངོམ་སྟོན་དེ་བོད་རིགས་ཀྱི་གཞོན་སྐྱེས་གཞས་མ་འབྲོག་སྒྲོལ་མས་བཏང་བའི་སྒྲོལ་མའི་གཟུངས་སྔགས་ཀྱི་དབྱངས་དང་འགྲོགས་ཤིང་སྲོལ་རྒྱུན་བོད་ཆས་ཀྱིས་སྣེ་འདྲེན་ཏེ། བཟོ་ལྟ་དང་། རྒྱུ་ཆ། འཆར་འགོད་བཅས་རྣམ་པ་འདྲ་མིན་གྱི་ཐོག་ནས་དེང་རབས་ཀྱི་བོད་ཆས་སྣ་ཚོགས་རྒྱལ་སྤྱིའི་སྐུ་མགྲོན་ཚོའི་སྤྱན་ལམ་དུ་བཤམས་ཡོད།

        ༼ཨ་ཅག་ལྷ་མོའི༽ཚོང་རྟགས་ཀྱི་བོད་ཆས་འཆར་འགོད་མཁན་སུ་ཡིན་མིན་ཐད་ལ་ཁྱེད་རྣམ་པས་མཁྱེན་འདོད་ཆེན་པོ་ཡོད་སྲིད།  ཁོང་ནི་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་ཆེ་བས་ངོ་ཤེས་ཤིང་།  ལོ་གསར་དང་དུས་ཆེན་སོགས་མཛད་སྒོ་ཁག་ལ་རྟག་ཏུ་མཐོང་རྒྱུ་ཡོད་ལ།  ཁོང་གི་གླུ་དབྱངས་ཀྱང་ཐོས་རྒྱུ་ཡོད་པའི་བོད་རིགས་ཀྱི་གྲགས་ཅན་གཞས་མ་ཨ་ཅག་ཚན་སྡེབ་གྲས་ཀྱི་ཨ་ཅག་ལྷ་མོ་ཡིན་པ་རེད།

གྱོན་ཆས་འཆར་འགོད་མཁན་ཨ་ཅག་ལྷ་མོ་དང་བོད་རིགས་ཀྱི་མོར་ཐྲོལ་དཀོན་མཆོག་ཚེ་བརྟན་ཡིན་པ།


        ཨ་ཅག་ལྷ་མོ་ཁོང་ནི་དཀར་མཛེས་ཀྲོའུ་རྫ་ཆུ་ཁ་ནས་ཡིན་ཞིང་།  ཁོང་གི་མིང་ཐོག་ནས་བཏགས་པའི༼ཨ་ཅག་ལྷ་མོའི༽བོད་ལུགས་ཚོང་རྟགས་AJ-NAMOཀྱིས་ང་ཚོར་སྲོལ་རྒྱུན་དང་དེང་རབས་མཉམ་བསྲེས་ཀྱི་བོད་ཆས་གང་མང་མིག་ལམ་དུ་བཤམས་ཡོད་པ་མ་ཟད་གྲངས་ཉུང་མི་རིགས་ཀྱི་གླུ་གཞས་གཏོང་མཁན་ཨ་ཅག་ཚན་སྡེབ་གསར་དུ་གཏོད་མཁན་ཞིག་ཡིན་པའི་ངོས་ནས།  ཀྲུང་གོའི་གསེར་གྱི་འོད་སྡེར་བྱ་དགའ་ཐོབ་མྱོང་ཡོད་ལ།  ཀྲུང་གོ་བྱིས་པའི་ཐེབས་རྩ་ཚོགས་པའི་བྱམས་བརྩེའི་ཕོ་ཉ།  ཨ་རིའི་ཅའ་ཀྲོའུ་ཕུལ་བྱུང་གི་སྒྱུ་རྩལ་པའི་བྱ་དགའ་སོགས་དམིགས་བསལ་གྱི་མཚན་སྙན་གང་མང་ཐོབ་མྱོང་ཡོད།  ཨ་ཅག་ལྷ་མོ་ཁོང་གིས་བོད་ཀྱི་རིག་གནས་ལ་བཅངས་པའི་བརྩེ་དུང་དང་དགའ་ཞེན་དག་སྒྱུ་རྩལ་གྱི་ཉམས་མྱོང་དང་དར་སྲོལ་གྱི་དམིགས་བསལ་མ་ཡིན་པའི་མཛེས་ཆོས་ལྟ་བར་བརྟེན་ནས། གླུ་གཞས་ལས་རིགས་ནས་གྱོན་ཆས་འཆར་འགོད་མཁན་ཞིག་ཏུ་འགྱུར་ཡོད།

        ད་ཐེངས་ཀྱི་དར་སྲོལ་བོད་ཆས་ངོམ་སྟོན་དེ་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་འཛེགས་ཐུབ་པ་དེས་བོད་ཀྱི་རིག་གནས་དེ་རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་དང་དྲིལ་བསྒྲགས་བྱེད་པའི་ནུས་པ་ཐོན་ཡོད་ལ། ཨ་ཅག་ལྷ་མོ་ཁོང་གིས་གསོ་སྐྱོང་གནང་བའི་བོད་རིགས་མོར་ཐྲོལ་ཀྱང་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་འཁྲིད་ཐུབ་པ་བྱུང་ཡོད།  ༼ཨ་ཅག་ལྷ་མོའི༽དར་སྲོལ་བོད་ཆས་ཀྱིས་བོད་ཀྱི་གྱོན་ཆས་ལས་རིགས་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད།  མི་རྣམས་ལ་སྲོལ་རྒྱུན་བོད་ཆས་ཙམ་མ་ཟད་དར་སྲོལ་གྱི་བོད་ཆས་སོགས་གདམ་གསེས་ཀྱི་དབང་ཆ་ཆེ་རུ་ཕྱིན་ཡོད། ༼ཨ་ཅག་ལྷ་མོའི༽དར་སྲོལ་བོད་ཆས་ཀྱི་འཆར་འགོད་བསམ་བློ་ནི་དུས་ཆེན་དང་མཛད་སྒོ་ཁག་ཏུ་སྲོལ་རྒྱུན་གྱི་བོད་ཆས་གྱོན་པ་ཁོ་ན་མ་ཡིན་པར།  དུས་རྒྱུན་གྱི་འཚོ་བ་དང་ལས་ཀ་སོགས་སུའང་དར་སྲོལ་བོད་ཆས་དེ་ལུས་ལ་གྱོན་ན་བདེ་ཞིང་།  མིག་ལ་བལྟས་ན་མཛེས་པ།  བོད་ཀྱི་ཁྱད་ཆོས་ལྡན་པ་སོགས་ཀྱི་ཐད་ནས་འཆར་འགོད་བྱས་ཡོད་པས།  བོད་ཀྱི་དར་སྲོལ་གྱོན་ཆས་ཐོག་གི་སྟོང་ཆ་ཞིག་སྐོང་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད།

        གྱོན་ཆས་ངོམ་སྟོན་གྱི་ས་ཡུལ་དངོས་སུ་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་འཁྲབ་སྟོན་ལས་རིགས་དང་གློག་བརྙན་འཁྲབ་འཁྲིད་ལས་རིགས་ཀྱི་གྲགས་ཅན་མི་སྣ་པད་མ་ཚེ་བརྟན་དང་། སོག་པོའི་གྲགས་ཅན་གཞས་མ་སི་ཆིན་ཀི་རི་ལི། འཛམ་གླིང་ཡོངས་ཀྱི་མཛེས་མ་མྰ་ལི་ཡ།  བོད་རིགས་གཞས་མ་འཇམ་དབྱངས་ཆོས་སྒྲོན་སོགས་རྟེན་འབྲེལ་ཞུ་བར་ཕེབས་ཡོད་པས།  རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པ་མང་པོས་དོ་སྣང་བྱས་ཡོད། ཧྥ་རན་སིའི་ཤིན་ཧྭ་གསར་འགྱུར་ཁང་དང་། ཨ་མ་རི་ཁའི་ཉིའུ་ཡོག་དར་སྲོལ་བརྙན་འཕྲིན་ཁང་།  ཨད་ཆིའི་ཡི་སོགས་ཀྱིས་ཀྱང་གསར་འགྱུར་འགོད་སྤེལ་བྱས་ཡོད།


༼པར་རིས་སྤྱན་གྱི་ལོངས་སྤྱོད། ༽


སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
khan བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41328857
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1