དབྱངས་ཀྱི་ཕྲེང་བ་རྩོམ་རིག་ཚགས་དེབ་ཀྱི་ངོ་སྤྲོད་དང་འགྲེམ་བརྡ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »དབྱངས་ཀྱི་ཕྲེང་བ་རྩོམ་རིག་ཚགས་དེབ་ཀྱི་ངོ་སྤྲོད་དང་འགྲེམ་བརྡ།
དབྱངས་ཀྱི་ཕྲེང་བ་རྩོམ་རིག་ཚགས་དེབ་ཀྱི་ངོ་སྤྲོད་དང་འགྲེམ་བརྡ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/4/14ལྟ་ཀློག (5935)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དབྱངས་ཀྱི་ཕྲེང་བ་རྩོམ་རིག་ཚགས་དེབ་ཀྱི་ངོ་སྤྲོད་དང་འགྲེམ་བརྡ།

1   དབྱངས་ཀྱི་ཕྲེང་བ་ཞེས་པའི་ཚགས་དེབ་འདི་སྤྱི་ལོ་2014ལོ་ནས་གཉེར་མགོ་བརྩམས་པའི་བོད་ཀྱི་རྩོམ་རིག་ཚགས་དེབ་ཅིག་ཡིན་ཏེ།   རྩོམ་རིག་ལ་དད་པ་རྣམ་དག་ལྡན་པའི་གསེར་རྟའི་ན་གཞོན་འགའ་ཞིག་གིས།     ལོ་ངོ་རེ་རེ་བཞིན་རྩོམ་སྒྲིག་བྱས་ཏེ་སྤྱི་ཚོགས་སུ་འགྲེམ་གྱིན་ཡོད།

2   ཚགས་དེབ་འདིར་དགོད་བྱ་ནི།     སྒྲུང་གཏམ།   སྙན་ངག    ལྷུག་རྩོམ་སོགས་མདོར་ན་རྩོམ་རིག་རང་བཞིན་ཅན་གྱི་ངོ་བོར་གྲུབ་པ་ཞིག་ཡིན་ལ།   འདོན་ཐེངས་རེ་རེ་བཞིན་དུ།   རྐང་འཛིན་རྩོམ་པ་པོའི་བརྩམས་ཆོས་དང་།    གདན་ཞུའི་རྩོམ་པ་པོའི་བརྩམས་ཆོས་བཅས་རིགས་གཉིས་སུ་ཕྱེས་ཏེ་བཀོད་པ་དང་དགོད་མུས་སུ་མཆིས།

3   ད་སྔོན་དབྱངས་ཀྱི་ཕྲེང་བ་རྩོམ་རིག་ཚགས་དེབ་འདིར་གདན་ཞུ་བྱས་པའི་རྩོམ་པ་པོ།    རྨོག་རུ་ཤེས་རབ་རྡོ་རྗེ།    སྐྱབས་ཆེན་བདེ་གྲོལ།    རོང་བོ་དགེ་འདུན་ལྷུན་གྲུབ་བཅས་ཀྱི་བརྩམས་ཆོས་བཀོད་མྱངས་ལ།    ད་ཐེངས་མི་ཉག་མཁན་པོ་སེངྒེ་བཟང་པོའམ་ཤར་སྒྲོན་མེ་ལགས་གདན་ཞུ་བྱས་ཡོད།

4   རྩོམ་རིག་ཚགས་དེབ་འདི་དབུ་བརྙེས་པ་ནས་བཟུང་སྟེ།    རྐང་འཛིན་རྩོམ་པ་པོ།    འབྲོག་རེ་ལྡེ།   གཟའ་དུག 
 ལྕགས་རྩེ།   རྦུ་ཚང་བ།   དགྲ་ཟོར།   ཕ་ལམ་དམར་པོ་བཅས་ཀྱི་བརྩམས་ཆོས་གང་ལེགས་གདམས་གསེས་བྱས་ཏེ་འགོད་ཀྱིན་ཡོད།

5   ང་ཚོ་རྩོམ་སྒྲིག་པ་ཅག་གིས་དུས་ཚོད་སོགས་འགྲོ་གྲོན་མང་པོ་ཞིག་འདིར་ཆེད་དུ་བཏང་ནས།    ད་ཐེངས་ཏེ་སྤྱི་ལོ་2017ལོའི་དབྱངས་ཀྱི་ཕྲེང་བ་ད་ལྟ་དངོས་སུ་ཚོང་རར་འགྲེམ་བཞིན་ཡོད་པས།   རྒྱ་ཆེ་བའི་ཀློག་པ་པོ་དང་དཔེ་ཁང་སོ་སོས་རྒྱབ་སྐྱོར་མི་དམན་པར་ཞུ།

      དམིགས་བསལ་གྱི་དོན་དག་མང་པོ་ཞིག་སྐབས་འདིར་མ་བཤད་ཀྱང་།    ཀློག་པ་པོ་ཅག་གིས་དབྱངས་ཀྱི་ཕྲེང་བ་ཞེས་པའི་ཚགས་དེབ་ཀྱི་ཞལ་ཁེབས་ཡར་ལ་ཁྱོགས་དང་ཤེས་ངེས།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg9m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མཇེ། སྤེལ་དུས:2017/4/15
ནང་དོན་རྡོ་རེད།
 སྤེལ་མཁན: དུག སྤེལ་དུས:2017/4/15
དགའ་བསུ་ཞུ།
 སྤེལ་མཁན: གཟའ་དུག སྤེལ་དུས:2017/4/15
བཀྲིན་ཞུ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41093626
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1