ཡུལ་དྲན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ཡུལ་དྲན་པ།
ཡུལ་དྲན་པ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/4/29ལྟ་ཀློག (2450)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡུལ་དྲན་པ།
                   དགྲ་ཟོར།

ཚངས་མགུར་མ་ཐོས་པའི་ཟླ་འདི་དག་གི་རིང་ལ།
ཁོ་བོ་ཤོག་བུ་ཞིག་གི་སྐྱ་ཡར་འཐམ་ནས་བསྡད་ཡོད།
འབྲོག་ཐང་གི་ཉི་མར་ལྡེས་དྲག་པའི་ངོ་གདོང་གི་ཟུར་ག
ཆ་མེད་ཀྱི་མི་ཚོགས་ལ་འདང་མེད་དུ་བསྟན་པས།
ང་ཚོ་ནི་རྒྱུས་ཡོད་ལ་འགྱུར་བའི་ཟུར་ཙམ་ཆགས།
ཐ་སྙད་ཀྱི་གསེང་ནས་དུས་ཚོད་ལ་མིག་ལོག་སྤྲོད་པའི་ཁོ་ཚོས།
རུས་པའི་གདན་དུ་བཏང་བའི་ཕྱི་རོལ་ཀྱི་ཆེད་དུ།
རྨི་ལམ་ལ་ཡང་སྡང་སེམས་སྐྱེས།
ངའི་གློ་ཁུག་གི་སྟོང་ཆ་འཕེལ་ཏེ།
ཕ་མའང་ཇེ་དྲན་བཞིན།
སེམས་ཀྱི་ཁ་ཐག་རིང་ས་ནས་བསྲིངས་ཏེ།
ལོ་ཟླ་ཞེ་འདང་གིས་བསྙལ་བའི་བརྩེ་བ་དྭངས་མོ།
དེ་དུས་ཀྱི་བག་ཆགས་བཙའ་བོ་ཞིག་གིས་དེད་དེ།
གཞན་ཡུལ་ནས་རྟོགས་བཟོ་ཡིས་ཁྱོད་རང་བསྐྲུན་དུས།
མི་ཚོགས་ཀྱི་སྨིག་སྤྲིན་ལ་འཐིམ་པའི་ལོ་ཡི་ཁ་དོག་གིས།
མངར་སྐྱུར་གྱི་སེམས་ཁམས་གཅོང་བོར་བཟོས་རྗེས།
དྲན་གདུང་རུམ་པའི་ཁེར་རྐྱང་གི་རྣམ་ཤེས།
ཆུ་ཡི་གཉེར་ལ་དོད་པའི་གཟུགས་སྣང་ལྟར་རང་གིས་བལྟས་རྗེས།
ཁྱོད་ཀྱི་བྲང་གཞུང་ལ་གླན་པའི་ང་ཡི་ཚོར་བ།
སྨོན་འདུན་གྱི་ལྷག་བསམ་རྒྱ་ཆེན་ཞིག་ཁུར་མདོག་གིས།
ངས་ཁྱེད་ཉིད་གླེང་ཞིང་གསེད།
འདས་འདས་མཐར།
ཡུལ་དྲན་པའི་སྨྲེང་བ་ནད་དུ་གྱུར་རོ།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
nkcq བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གཉའ་མ། སྤེལ་དུས:2017/4/29
ཡག་པོ་འདུག
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41112489
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1