པེ་ཅིན་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »པེ་ཅིན་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
པེ་ཅིན་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/5/2ལྟ་ཀློག (3190)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

པེ་ཅིན་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།


༄༅།།སྤྱི་ལོ་༢༠༡༧ལོའི་ཟླ་༤ཚེས་༣༠ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་སྙན་ཞུའི་ཚོགས་ཁང་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དང་པོ་ལ་རྟེན་འབྲེལ་ཞུ་བའི་རིག་གཞུང་གི་མཛད་སྒོ་གཟབ་རྒྱས་ཤིག་གཉེར། མཛད་སྒོའི་ཐོག་བོད་ཀྱི་ཡིག་མཁན་གྲགས་ཅན་རྒན་དགེ་མང་འཇམ་ལགས་གདན་དྲངས་པ་དང་། ཁོང་གིས་༼བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མྱོང་རོལ་༽ཞེས་པའི་བརྗོད་གཞིའི་ཐོག་ནས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལ་འཆད་ཁྲིད་གནང་། དེ་ཡང་རྒན་དགེ་མང་འཇམ་དཔལ་ལགས་ཀྱིས་ཐོག་མར་བོད་ཀྱི་ཡིག་གཟུགས་དུས་ཆེན་ཞེས་པ་ཇི་ལྟར་གཏན་ལ་ཕབ་ཚུལ་དང་། དེའི་དགོས་པ་དང་དོན་སྙིང་སོགས་སྙན་སྒྲོན་ཞུས་པ་དང་། དེ་ནས་བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་ཡིག་གཟུགས་རྣམས་དུས་ཀྱི་སྔ་ཕྱིའི་གོ་རིམ་བཞིན་པར་རིས་དང་བཅས་ཏེ་མཚམས་སྦྱོར་གནང་། མཐའ་མར་ཁོང་སྐུ་སྒེར་གྱི་ཉམས་མྱོང་དངོས་དང་སྦྱར་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་འཛམ་བུ་གླིང་གི་ཡིག་གཟུགས་སྒྱུ་རྩལ་གྱི་འཕེལ་འགྲོས་ལ་བསྟུན་དགོས་ཤིང་། བོད་ཀྱི་སྲོལ་རྒྱུན་ཡི་གེ་འབྲི་ཚུལ་གྱི་རྩ་བ་ཡལ་བར་མ་དོར་བའི་ཐོག་ནས་སྒྱུ་རྩལ་གྱི་ཉམས་འགྱུར་དང་ལྡན་པའི་ཡིག་གཟུགས་བརྩམས་ཆོས་གསར་པ་གང་མང་འབྱུང་བའི་རེ་བ་གནང་ལ། ཁོང་རང་ཉིད་ཀྱིས་འདས་པའི་ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་རིང་སྐུ་ངལ་ལ་མ་འཛེམས་པར་གསར་རྩོམ་མཛད་པའི་ཡིག་གཟུགས་ཀྱི་བརྩམས་ཆོས་༼གྲོགས་པོ་༽དང་༼པད་མ་༽ཞེས་པ་སོགས་མཛད་སྒོར་བཞུགས་པའི་དགེ་སློབ་བརྒྱ་ཕྲག་གཅིག་ཙམ་ལ་ངོ་སྤྲོད་གནང་ཞིང་། བོད་པ་ཞིག་ཡིན་ན་བོད་ཀྱི་ཡི་གེ་འབྲི་ཤེས་པ་བྱ་རྒྱུ་ནི་གལ་ཆེན་ཡིན་པ་དང་། བོད་ཀྱི་རིག་གནས་ལ་བསླབས་ན་སྤྱི་སྒེར་གཉིས་ཀར་ཕན་པ་ཤིན་ཏུ་ཆེ་ཚུལ་རང་དཔེ་གཞན་སྟོན་གྱི་ཚུལ་དུ་གསུངས།

འཆད་ཁྲིད་ཀྱི་སྐབས་སུ་རྒན་དགེ་མང་འཇམ་དཔལ་ལགས་ཀྱིས་རྟེན་འབྲེལ་མཚོན་ཕྱིར་༼བོད་ཀྱི་ཡིག་གཟུགས་དུས་ཆེན་དབུ་བརྙེས་པར་བཀྲ་ཤིས་རྟེན་འབྲེལ་ཞུ་༽ཞེས་པ་ཕྱག་བྲིས་གནང་བ་དང་། གཞན་ཡང་སློབ་གྲྭ་དེ་གའི་བོད་རིག་པའི་ཚན་ཁག་ལ་སློབ་གླིང་གི་མཚན་བྱང་སུག་བྲིས་མཛད་པ་ཞིག་ཀྱང་ཕྱག་རྟགས་སུ་ཕུལ།

འཆད་ཁྲིད་ཀྱི་རྗེས་ལ་དགེ་སློབ་ཚོས་ལྷན་དུ་ཡིག་གཟུགས་འབྲི་སྦྱོང་གནང་བའི་ཚུལ་གྱིས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་དང་པོའི་དགའ་སྟོན་དངོས་སུ་མཇུག་བསྡུས་སོ།།

ཞེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་ཤར་གཞོན་ཚེ་རིང་ཟླ་བས་སྤེལ།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཚན་ཁག་ལ་སློབ་གླིང་གི་མཚན་བྱང་སུག་བྲིས་མཛད་པ་ཞིག་གནང་བའི་ཚུལ།



༼བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མྱོང་རོལ་༽ཞེས་པའི་བརྗོད་གཞིའི་ཐོག་ནས་འཆད་ཉན་བྱེད་བཞིན་པའི་རྣམ་པ།

བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་བཀྲ་བྷ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་བཀའ་མགོན་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་མིང་ཤར་གཞོན་ཚེ་རིང་ཟླ་བས་ཡི་གེ་འབྲི་བཞིན་པ།

བོད་ཀྱི་བྲིས་པ་དགེ་མང་འཇམ་དཔལ་ལགས་ཀྱིས་ཡིག་གཟུགས་དུས་ཆེན་ལ་ཤིས་ཚིག་ཕྱག་བྲིས་གནང་བཞིན་པ།

བོད་ལྗོངས་བརྙན་འཕྲིན་ཁང་གི་རྒན་མཁར་རྒྱ་ཐར་ལགས་ཡིག་གཟུགས་དུས་ཆེན་ལ་མཉམ་ཞུགས་གནང་བ།

པར་རིས་མཁོ་འདོན་པ་འཆི་མེད་རབ་རྒྱས་ལགས།

བྲིས་རྩལ་ངོམ་བཞིན་པའི་སློབ་མ་རྣམས་ཀྱི་པར་རིས་ཁག

བོད་ཀྱི་ཡིག་གཟུགས་དུས་ཆེན་དབུ་བརྙེས་པའི་ཉིན་མོར་མཉམ་འཛོམས་བྱུང་བའི་དགེ་སློབ་ཡོངས་ཀྱི་འདྲ་པར། ༼པེ་ཅིན།༽


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41350579
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1