ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ངོ་སྤྲོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» བོད་ཀྱི་སློབ་ཆེན་ཁག »ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ངོ་སྤྲོད།
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ངོ་སྤྲོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/5/15ལྟ་ཀློག (6423)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ངོ་སྤྲོད།


  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སློབ་གླིང་མཐོ་ཤོས་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་འཛུགས་དང་ལག་བསྟར་བྱེད་མཁན་དང་“མཐོ་རམས་པ”ཡི་ཡོན་གནས་སྤྲོད་མཁན་གྱི་ལས་ཁུངས་ཉག་གཅིག་གོ།
    སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་པུའུ་ཁྲུའུ་མཆོག་གཉིས་ཀྱི་གྲོས་འགོའི་འོག ཀྲུང་དབྱང་ནས་བཀའ་འཁྲོལ་ཆོག་མཆན་བྱུང་བ་བརྒྱུད། ༡༩༨༧ལོའི་ཟླ༩ཚེས་༡ཉིན་པེ་ཅིན་དགོན་སེར་ནུབ་མར་དབུ་བརྙེས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་ངོ་མས་གླིང་གཙོའི་ཐུགས་འགན་བཞེས་ནས་བསྐྱངས། ད་ལྟ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནས་གླིང་གཙོའི་ཐུགས་འགན་བཞེས་བཞིན་ཡོད།
  སློབ་གླིང་གཉེར་བའི་གཞི་རྩའི་རྩ་དོན་ནི་མེས་རྒྱལ་གོང་ངུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྨོན། བོད་བརྒྱུད་ནང་བསྟན་དར་སྤེལ་གཏོང་རྒྱུ་དེ་ཡིན། ལས་འགན་གཙོ་བོ་ནི“ཆབ་སྲིད་ཐད་སློབ་འཁེལ་ལ། ཆོས་ལུགས་ཐད་སྐུ་ཡོན་ཆེ་ཞིང་། ཀུན་སྤྱོད་ཐད་དམངས་མགུ་བ། གལ་ལ་ཐུག་དུས་གོ་ཆོད་པ”ཡི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤུས་ཚད་མཐོ་བའི་དགེ་འདུན་པ་སྐོར་གཅིག་གསོ་སྐྱོང་བྱས་ཏེ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཡར་ཐོན་སྟོབས་ཤུགས་རྒྱ་ཆེར་གཏོང་རྒྱུ་དེ་ཡིན། དམིགས་ཡུལ་ནི་སློབ་གླིང་འདི་ཉིད་བོད་བརྒྱུད་ནང་བསྟན་གྱི་སྤུས་ཚད་མཐོ་བའི་མི་སྣ་གསོ་སྐྱོང་བྱེད་སའི་ལྟེ་གནས་དང་། ནང་རིག་གཞུང་ལུགས་ཞིབ་འཇུག་བྱེད་སའི་ལྟེ་གནས། མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་སའི་ལྟེ་གནས། རྒྱལ་སྤྱིའི་བར་མཛའ་མཐུན་འབྲེལ་ཟམ་འཛུགས་སའི་ལྟེ་གནས་བཅས་སུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། སློབ་གླིང་འདི་ལྟ་བུ་འཛུགས་ཐུབ་པ་ནི་རང་རྒྱལ་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། དེའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་དེ་དགོན་པ་ནས་དེང་རབས་ཅན་གྱི་སློབ་གླིང་སློབ་གསོར་གྱུར་ནས། བོད་བརྒྱུད་ནང་བསྟན་གྱི་དེང་རབས་སློབ་གསོའི་ལོ་རྒྱུས་གསར་དུ་བཏོད་པ་རེད།
  ༢༠༠༠ལོའི་གོང་དུ་སློབ་གླིང་གི་ལས་ཀ་གཙོ་བོ་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྤྲུལ་སྐུ་གསོ་སྐྱོང་བྱ་རྒྱུ་དེ་རེད། འོན་ཀྱང་༢༠༠༤ལོའི་ཟླ་༡ནས་བཟུང་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་ལག་ལེན་བསྟར་ནས། སློབ་གླིང་གི་ལས་འགན་གཙོ་བོ་མཐ་རམས་པ་དང་འབྲིང་རམས་པ་གསོ་སྐྱོང་བྱ་རྒྱུའི་ཐོག་བསྒྱུར་བ་རེད། སློབ་གླིང་དབུ་བརྙེས་པ་ནས་ད་བར་གྱི་དུས་ཚོད་ལོ་ངོ་༢༨རིང་། ཁྱོན་བསྡོམས་མཐོ་རམས་པ་འཛིན་གྲྭ་ཐེངས་༡༢དང་། འབྲིང་རམས་པའི་འཛིན་གྲྭ་ཐེངས་༨དང་། ནང་རིག་ཆེད་སྦྱོང་འཛིན་གྲྭ་ཐེངས་༡༣﹙དེར་གནམ་རིག་སྐར་རྩིས་འཛིན་གྲྭ་གཅིག་དང་སྒྲ་རིག་པའི་འཛིན་གྲྭ་གཅིག་ཚུད་ཡོད།﹚དེ་བཞིན་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གསོ་སྐྱོང་འཛིན་གྲྭ་དང་། སྤྲུལ་སྐུ་གསོ་སྐྱོང་འཛིན་གྲྭ་སོགས་གཉེར་ནས། སློབ་མ་བསྡོམས༢༩༠གསོ་སྐྱོང་བྱས་པ་རེད། དེའི་ནང་མཐོ་རམས་པའི་ཡོན་གནས་ཐོབ་མཁན༡༢༡དང་། འབྲིང་རམས་པའི་ཡོན་གནས་ཐོབ་མཁན༡༡༢དང་། སྤྲུལ་སྐུ་༣༧༥བཅས་ཡོད། ཡོན་གནས་སློབ་གསོའི་དགེ་རྒན་ཚན་ཁག་ལ་ཤུགས་སྣོན་རྒྱག་ཆེད། སློབ་གླིང་གིས༢༠༡༡ལོར་དགེ་རྒན་ཆེན་མོ་དཔྱད་ཞིབ་གདན་ཞུ་བྱེད་པའི་ལམ་ལུགས་གསར་འཛུགས་བྱས་ནས། དགེ་བའི་བཤེས་གཉེན་བསྡོམས་༢༠ལ་ཁྱད་འཕགས་དགེ་ཆེན་དང་། དགེ་ཆེན་རིམ་པ་དང་པོ། དགེ་ཆེན་རིམ་པ་གཉིས་པའི་མཚན་སྙན་ཐོབ་ཐང་སྤྲད་པ་རེད། དགེ་རྒན་དང་སློབ་མ་རྣམས་ནི་བོད་ལྗོངས་དང་། མཚོ་སྔོན། ཀུན་སུའུ། སི་ཁྲོན། ཡུན་ནན་སོགས་བོད་རིགས་ས་ཁུལ་ལྔའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་། རྙིང་མ་བ། ས་སྐྱ་བ། བཀའ་བརྒྱུད་པ། ཇོ་ནང་བ། བོན་པོ་བཅས་གྲུབ་མཐའ་ཆེ་ཁག་གི་དགེ་འདུན་པ་ཤ་སྟག་ཡིན་པས། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག མཐུན་སྒྲིལ་ཡར་ཐོན་དང་། དམངས་གཙོ་ཞི་མཐུན། ཐུན་མོང་འཕེལ་རྒྱས་ཡོང་དང་ཡོང་མུས་ཡིན་པ་མཚོན་ཡོད།
  སློབ་གླིང་གི་འཁྲིད་བྱའི་ནང་དོན་དེ་ཡང་ཆེད་སྦྱོང་སློབ་ཚན་དང་། ཐུན་མོང་གི་སློབ་ཚན། རྨང་གཞིའི་སློབ་ཚན་བཅས་རིགས་ཁག་གསུམ་དུ་ཕྱེ་ཡོད་པ་དང་། དེ་ལས་ཆེད་སྦྱོང་སློབ་ཚན་གྱི་ཆར་གཏོགས་པའི་ནང་དོན་རིག་པ་དེ་འཁྲིད་བྱའི་ནང་དོན་གཙོ་བོ་ཡིན་པས། དེས་སློབ་ཚན་ཡོངས་ཀྱི་བརྒྱ་ཆ་༦༠ཟིན་ཡོད། ཐུན་མོང་གི་སློབ་ཚན་དང་རྨང་གཞིའི་སློབ་ཚན་ནི་འགག་གནད་ཡིན་ཏེ། སློབ་ཚན་ཡོངས་ཀྱི་བརྒྱ་ཆ་༤༠ཟིན་ཡོད། ནང་རིག་གི་འཁྲིད་བྱའི་ནང་དོན་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་ཡིན་པ་དང་། ཐུན་མོང་གི་སློབ་ན་གྱི་འཁྲིད་བྱའི་ནང་དོན་གཙོ་བོ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་།  བྱེད་ཕྱོགས་སྲིད་ཇུས་། ལོ་རྒྱུས་མཚན་ཉིད་རིག་པ། ལྟ་སྐོར་རྟོག་ཞིབ། སྤྱི་ཚོགས་ཀྱི་ལག་ལེན་ལ་སོགས་ཡིན། རྨང་གཞིའི་སློབ་ཚན་ཞེས་པ་ནི་སློབ་མའི་ཐུགས་འདུན་ལྟར་བདམས་ནས་སྦྱོང་བྱེད་ཀྱི་སློབ་ཚན་ཞིག་ཡིན་པས། སློབ་མའི་རྒྱ་ཡིག་རྒྱ་སྐད་ཆུ་ཚད་དང་། བོད་ཡིག་རྩོམ་འབྲིའི་ནུས་པ། རྩིས་འཁོར་བཀོལ་སྤྱོད་ནུས་པ་བཅས་ཇེ་མཐོར་གཏོང་ཆེད་ཡིན།
  སློབ་གླིང་གིས་སློབ་དོན་ཁྲུའུ་དང་། སློབ་མ་ཁྲུའུ། གཞུང་ལས་ཁང་། ཞིབ་འཇུག་ཁང་། མི་དོན་ཁྲུའུ། སྤྱི་གཉེར་ཁང་། སློབ་དེབ་རྩོམ་སྒྲིག་ཁང་། དགོན་སེར་ནུབ་མ་དོ་དམ་ཁྲུའུ། ཨར་ལས་གཞུང་དོན་ཁང་བཅས་ཚན་པ༩བཙུགས་ཡོད་ཅིང་། དགོན་སེར་དཔྱད་གླེང་སྟེགས་བུ་དང་། སློབ་གླིང་གི་ཆེད་གཉེར་དྲ་ཚིགས། སློབ་གླིང་གི་དུས་དེབ་སོགས་ཕྱི་ཕྱོགས་དང་འབྲེལ་བ་བྱེད་སའི་སྟེགས་བུ་ཆེན་པོ་གསུམ་བཙུགས་ཡོད། ཏང་བདང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་མཛའ་བརྩེའི་ཐུགས་འཁུར་འོག མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཁང་གསར་པ་སྟེ་ཚོམས་ཆེན་ཉི་འོད་འཁྱིལ་བ་༢༠༡༡ལོའི་ལོ་མཇུག་ཏུ་དངོས་སུ་བེད་སྤྱོད་འགོ་ཚུགས་ཏེ། དགེ་སློབ་དང་ལས་བཟོ་པ་རྣམས་ལ་སློབ་སྦྱོང་དང་། འཚོ་བ། ཕྱག་ལས་གནང་སའི་ཁོར་ཡུག་བཟང་པོ་བསྐྲུན་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤུས་ཚད་མཐོ་བའི་དགེ་འདུན་པ་གསོ་སྐྱོང་བྱེད་པའི་ཆེད་དངོས་པའི་རྨང་གཞི་བརྟན་པོ་བཏིང་ཡོད།
  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འཛུགས་སྐྲུན་བྱས་ཚུན། བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། བརྩོན་པ་ལྷུར་ལེན་བྱས་པ་བརྒྱུད། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཚབ་མཚོན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། བོད་ཁུལ་བརྟན་ལྷིང་ལ་སྲུང་སྐྱོང་། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41155479
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1