རི་མོ་བ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ་དང་ཁོང་གི་སློབ་བུ་༣༥༠
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» རི་མོ། »རི་མོ་བ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ་དང་ཁོང་གི་སློབ་བུ་༣༥༠
རི་མོ་བ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ་དང་ཁོང་གི་སློབ་བུ་༣༥༠
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/5/17ལྟ་ཀློག (24603)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲྭ།པར་འདེབ།

རི་མོ་བ་གྲགས་ཅན་བཀྲ་ཤིས་རྒྱ་མཚོ་དང་ཁོང་གི་སློབ་བུ་༣༥༠

     རི་མོ་བ་ཞིག་གིས་རི་མོ་གཅིག་བྲིས་པའི་རིན་ཐང་སྒོར་ས་ཡ་ལྷག་ལས་བརྒལ་གྱི་ཡོད་མོད།  ཁོང་གིས་རི་མོ་བྲིས་ནས་ཡོང་འབབ་བཙལ་ཀྱིན་མེད་དེ། ཁོང་གིས་སློབ་མར་སློབ་ཡོན་ཡང་མི་ལེན་པར་སྲོལ་རྒྱུན་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་རི་མོ་འབྲི་བར་ཁྲིད་སྟོན་གནང་བཞིན་ཡོད།  ཁོང་ནི་ཕ་ཡུལ་རེབ་གོང་ནས་ཡིན་པའི་ཨ་ཇོ་བཀྲ་ཤིས་རྒྱ་མཚོ་ལགས་རེད།


བཀྲ་ཤིས་རྒྱ་མཚོ་ལགས།

     ད་ལོ་ཁོང་གི་དགུང་ལོ་༥༠ཡིན་ལ། ཕ་ཡུལ་མཚོ་སྔོན་སེང་གེ་གཤོང་ནས་ཡིན། གཞོན་དུས་སུ་རབ་ཏུ་བྱུང་ལ། རྗེས་སུ་སྐྱ་སར་བབས།  ཁོང་གི་སྐྱེ་འབྲས་དྭངས་ལ་ཁ་བརྡར་མི་འཇོན་མོད། འོན་ཀྱང་ཁོང་རང་ནི་ལྷག་བསམ་གྱིས་ཕྱུག་པའི་དགེ་རྒན་བཟང་པོ་ཞིག་ཡིན་ལ་སློབ་མ་ཚོར་ཧ་ཅང་བྱམས་པས་སློབ་མ་ཚོས་ཁོང་ལ་ཨ་ཕ་བཀྲ་ཤིས་ཞེས་འབོད་ཀྱིན་ཡོད།

བཀྲ་ཤིས་རྒྱ་མཚོས་སློབ་མ་རྣམས་ལ་རི་མོ་འབྲི་ཚུལ་ཁྲིད་བཞིན་པ།


      བཀྲ་ཤིས་རྒྱ་མཚོ་ནི་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་བ་ཆེན་མོ་དང་། མཚོ་སྔོན་ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཏེ་རེབ་གོང་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་གྱི་མཚོན་བྱེད་མི་སྣ་ཡིན།

     ཁོང་གི་ཆེད་ལས་ནི་གཏེར་རྫས་ཚོན་སྣ་སྤྱད་ནས་ལྷ་སྐུ་དག་ཆེད་དུ་བཟོ་བའི་འབྲི་རས་སུ་རི་མོར་ཕབ་རྒྱུ་དེ་ཡིན་ལ། ཁོང་གིས་ལྡེབས་རིས་ཀྱང་འབྲི་བཞིན་ཡོད། བྲིས་རིས་ཧ་ཅང་ཞིབ་ཚགས་ལྡན་ལ་གཟབ་ནན་ཡིན་པས་ལོ་ངོ་སྟོང་ཕྲག་འགོར་ཡང་གཏོར་བརླག་ཐེབས་མི་སྲིད།  དེ་ནི་ཐང་གའི་སྒྱུ་རྩལ་ཡིན་ལ་བོད་བརྒྱུད་ནང་བསྟན་གྱི་གཅེས་ནོར་དང་། རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིགས་གནས་རྩ་ཆེན་ཞིག་ཀྱང་ཡིན་འདུག


བཀྲ་ཤིས་རྒྱ་མཚོའི་མཚོན་བྱེད་རང་བཞིན་ལྡན་པའི་བརྩམས་ཆོས།

     སྒྱུ་རྩལ་འདི་རིགས་སྦྱོང་བར་རི་མོ་བའི་སེམས་ཁམས་ལྷོད་པོ་དང་བག་ཕེབས་སུ་གནས་དགོས་ལ།  སློབ་ཡུན་རིང་བར་མ་ཟད་བར་ཏུ་སློབ་མཚམས་འཇོག་མི་རུང་། དགེ་ཕྲུག་ཅིག་གིས་རིང་ན་ལོ་ངོ་དྲུག་ནས་བདུན་བར་དང་། ཐུང་ན་ལོ་ངོ་བཅུ་ཕྲག་བར་ཏུ་སློབ་མཐར་ཕྱིན་མི་ཐུབ།

     བཀྲ་ཤིས་རྒྱ་མཚོའི་དགེ་ཕྲུག་ལ་སློབ་ཡོན་སྐར་གཅིག་ཀྱང་མི་ལེན་པ་མ་ཟད། སློབ་མ་ཚོའི་ཟ་མ་དང་སྡོད་ཁང་། རི་མོ་འབྲི་བར་བཀོལ་བའི་ཡོ་བྱད་དང་མཁོ་ཆས་ཚང་མ་མཁོ་སྤྲོད་བྱས་ཡོད།  ད་དུང་གལ་ཏེ་སློབ་མ་ཚོར་ནད་ཕོག་ན་སྨན་ཁང་དུ་འཁྲིད་པ་དང་། ཐ་ན་སློབ་མ་ཚོར་རྐང་འབོག་དང་ནང་དོར་ཡང་ཁོང་གིས་མཁོ་འདོན་བྱེད་ཀྱིན་ཡོད།       ཁོང་གིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་མཇུག་ནས་བཟུང་སློབ་ཁྲིད་གནང་བ་ཡིན་ལ། ད་ལྟའི་བར་ལོ་ངོ་༣༠རིང་སློབ་མ་༣༥༠ཙམ་གསོ་སྐྱོང་གནང་ཞིང་། དེའི་ནང་ནས་སློབ་མ་༢༨༠ཙམ་ད་ལྟ་སྤྱི་ཚོགས་སུ་རྐང་ཚུགས་ཡོད་ལ། ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་༧༣ ཙམ་ཡོད།


སློབ་མས་བྲིས་པའི་རི་མོ།

     བཀྲ་ཤིས་རྒྱ་མཚོ་ལ་བརྗེད་པར་དཀའ་བ་ཞིག་ཡོད་པ་ནི་ཁོང་གི་དགེ་རྒན་གྱིས་ཁོང་ལ་གསུངས་བའི་སྐད་ཆ་སྟེ། ཐང་གའི་སྒྱུ་རྩལ་གྱི་རྒྱུན་ཆད་དུ་འཇུག་མི་རུང་ཞེས་པ་དེ་རེད།

     བྱ་དངོས་ཚང་མ་མྱུར་ཏུ་འགྱུར་བཞིན་པའི་དེང་གི་དུས་འདིར། ཁོང་གིས་སྔར་བཞིན་སྲོལ་རྒྱུན་གྱི་འབྲི་སྟངས་དེ་རྒྱུན་འཁྱོངས་བྱས་པས། མི་ལ་ལས་ཁོང་ནི་རྗེས་ལུས་རེད་ཅེས་བཤད་ཀྱིན་འདུག   ཡིན་ནའང་སྤྱི་ཚོགས་སུ་མིང་གྲགས་ཅུང་ཙམ་ཡོད་ཟིན་པའི་རི་མོ་བ་ཁ་ཤས་ཀྱང་ཁོང་གི་གམ་ཏུ་སློབ་སྦྱོང་དུ་ཡོང་བཞིན་ཡོད། དེ་ལས་ཁོང་གི་རྒྱུན་འཁྱོངས་ནི་ཡང་དག་པའི་གདམ་ག་ཞིག་ཡིན་པ་ར་སྤྲོད་བྱས་པ་མ་ཡིན་ནམ། ཁོང་གིས་དགེ་རྒན་གྱིས་ང་ལ་ཇི་ལྟར་ཁྲིད་པ་ཡིན་ན་ངས་ཀྱང་དེ་ལྟར་ཏུ་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་ཡོད་ལ་དགོས་གནད་དང་གཙོ་གནད་ཡོངས་སུ་མི་ལུས་བར་སློབ་མར་འཁྲིད་རྒྱུ་ཡིན་ཞེས་གསུང་གིན་འདུག


སློབ་མ་ཞིག་གིས་རི་མོ་འབྲི་བཞིན་པ།

     བཀྲ་ཤིས་རྒྱ་མཚོ་ནི་མང་གྲགས་ཆེ་བའི་ལྷ་བཟོ་བ་འཇིགས་མེད་ཆོས་འཛོམས་ཀྱི་སློབ་མ་ཡིན་ལ། བཀྲ་ཤིས་རྒྱ་མཚོ་དང་ཁོང་གི་ནུ་བོ་ཆོས་གྲགས་ནི་ཁོང་གི་དངོས་སློབ་བམ་ཐུགས་ཀྱི་བུ་སློབ་ཡིན། དུས་སྐབས་དེར་ཐང་གའི་སྒྱུ་རྩལ་ཉམས་ལ་ཉེ།   ཁོང་གི་དགུང་ལོ་ཡང་བརྒྱད་ཅུ་ལ་སླེབས་ཡོད།  ཡིན་ཡང་ཁོང་གིས་སྐུ་ཚེགས་ལ་མ་འཛེམ་པར་བཀྲ་ཤིས་རྒྱ་མཚོ་ཕུ་ནུ་གཉིས་ཀར་ཁྲིད་སྟོན་བྱས་ལ་སློབ་སྦྱོང་གི་རེ་འདུན་ནན་པོ་བཏོན་པས་ཁོང་གཉིས་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་འབྱོར་ཡོད།


ནུ་བོ་ཆོས་གྲགས།

     དགེ་རྒན་བཟང་པོའི་སློབ་མ་བཀྲ་ཤིས་རྒྱ་མཚོ་སློབ་མཐར་ཕྱིན་ནས་ཅུང་མ་འགོར་བར་སྐུ་འབུམ་དགོན་སླར་གསོ་བྱ་བར་གདན་དྲངས། ༡༩༩༡ ལོ་ནས་བཟུང་ལོ་ངོ་༩ རིང་དུ་ཁོང་གིས་ནུ་བོ་དང་སློབ་མ་འགའ་ཁྲིད་ནས་སྐུ་འབུམ་དགོན་གྱི་སླར་གསོའི་བྱ་བར་འབད་དེ་སྔ་རྗེས་སུ་ཐང་ག་དང་ལྡེབས་རིས་༤༥༠ལྷག་བྲིས།  དེའི་རྗེས་སུ་རི་བོ་རྩེ་ལྔ་ལ་སོགས་དགོན་པ་གྲགས་ཅན་དག་གི་བསྐྱར་སྐྲུན་དང་སླར་གསོའི་བྱ་བར་ཞུགས།


ཆོས་གྲགས་ཀྱིས་རི་མོ་འབྲི་བཞིན་པ།

     ཁོང་གི་མཚན་སྙན་རབ་ཏུ་རྒྱས་བས་ཁོང་དགེ་རྒན་ལ་བསྟེན་དུ་ཡོང་བའི་སློབ་མ་ཇེ་མང་ནས་ཇེ་མང་དུ་གྱུར།  སྤྱིར་བཏང་གི་ལྷ་བཟོ་བ་ཞིག་གིས་སློབ་མ་གཉིས་ནས་གསུམ་སྐྱོང་ཐུབ་ན་རབ་ཏུ་བརྩི། ཡིན་ཡང་བཀྲ་ཤིས་རྒྱ་མཚོ་ལ་ནམ་རྒྱུན་སློབ་མ་བཅུ་ཕྲག་འགའ་ཡོད་ལ།  ཁོང་གིས་གྲོང་ནང་གི་ར་སྐོར་དག་གླས་ནས་སློབ་མ་ཚོར་སློབ་ཁང་དང་སྡོད་ཤག་བསྐྲུན།  ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་སློབ་མ་ཚོར་མཛུབ་སྟོན་དང་ཁོང་ཚོས་བྲིས་བའི་རི་མོའི་ལས་བྱར་དག་བཅོས་བྱས། ཅུང་མ་འགོར་བར་ནུ་བོ་ཆོས་གྲགས་ཀྱང་མཛུབ་ཁྲིད་ཀྱི་གྲལ་དུ་ཞུགས་ལ། ནུ་བོ་ཆུང་བ་བན་དེས་ཀྱང་རི་མོ་བསྐྱུར་ནས་སློབ་མ་ཚོ་བདག་གཉེར་གྱི་བྱ་བར་འགན་ཁུར་བྱས། 


སློབ་མ་ཚོས་ཚོན་སྣ་སྡེབ་བཞིན་པ།

      ༢༠༡༣ལོར་བཀྲ་ཤིས་རྒྱ་མཚོ་དང་ཆོས་གྲགས་ཕུ་ནུ་གཉིས་བཅས་ཀྱིས་ཁོང་ཚོ་ལ་ཡོད་པའི་བསགས་དངུལ་ཡོད་ཚད་བཀོལ་ནས་སློབ་མར་ཚོར་རི་མོའི་སློབ་གླིང་ཞིག་བཙུགས་ཏེ་མིང་དུ་ཀླུ་སྒྲུབ་ལྷ་རིས་སྒྱུ་རྩལ་སློབ་གླིང་ཞེས་བཏགས།


ཀླུ་སྒྲུབ་ལྷ་རིས་སྒྱུ་རྩལ་སློབ་གླིང་།

     ཡིན་ནའང་སློབ་ཡོན་མི་ལེན་པའི་རི་མོའི་སློབ་གླིང་ཞིག་འཛུགས་གཉེར་བྱ་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།  སློབ་གླིང་དུ་སློབ་མ་༧༣ཡོད་ལ་མང་ཆེ་བའི་ལོ་ན་ཆུང་ཆུང་ཡིན་པས་ཉིན་གཅིག་གི་ནང་དུ་ཟ་མ་ཐེངས་བཞི་རེ་ཟ་དགོས་ཀྱིན་ཡོད། དེས་མ་ཟད་ཁྱིམ་ཚང་དཀའ་ངལ་ཅན་དང་ཕ་མ་ཟུང་ལྡན་མིན་པའི་ཁྱིམ་ཚང་ལས་ཡོང་བའི་སློབ་མ་མང་ལ། དེ་ཚོ་དུས་རྒྱུན་དུ་ཁྱིམ་མིས་ལས་ཀ་ལས་རོགས་སུ་ཕྱིར་ཕ་ཡུལ་དུ་འཁྲིད་པ་སོགས་ཀྱི་གནས་ཚུལ་ཡོད།  ༢༠༡༢ལོ་ནས་བཟུང་བཀྲ་ཤིས་རྒྱ་མཚོས་སློབ་མ་ཚོར་གཟེངས་བསྟོད་བྱ་དགའ་སྟེར་མགོ་ཚུགས་ཏེ། སློབ་མ་ཚོར་ཉུང་ན་སྒོར་སྟོང་ཕྲག་ཁ་ཤས་དང་། མང་ན་སྒོར་ཁྲི་ཕྲག་ཁ་ཤས་རེ་སྟེར་ནས། དེས་ཁྱིམ་ཚང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ཀུན་སློང་བཅངས་ཏེ་སློབ་བུ་དག་ལ་བྱ་དགའ་ཁྱིམ་མི་ཚོར་སྤྲོད་དགོས་པའི་རེ་འདུན་བཏོན། འོན་ཀྱང་བྱ་དགའ་དེས་སློབ་གླིང་གི་ཁུར་བོ་ཇེ་ལྕི་རུ་བཏང་།

     བཀྲ་ཤིས་རྒྱ་མཚོས་ཆུང་དུས་ཀྱི་དབུལ་ཕོངས་འཚོ་བ་བརྗེད་མེད་དེ། སྐབས་དེར་ཤོག་བུ་དང་སྨྱུ་གུ་ནི་རྒྱས་སྤྲོས་དངོས་རྫས་ཡིན་ཞེས་བཤད་ཆོག   རི་མོ་འབྲི་གདན་མ་ཡོད་པས་ན་ཨ་མས་ཁོ་ལ་ཤེལ་ལེབ་ཅིག་དང་ཕྱེ་སྒྱེ་མོ་གང་ཁྱེར་ཡོང་ནས་འབྲི་གདན་གྱི་ཚབ་བྱས། སྡོང་བོའི་ཡལ་གས་སྨྱུ་གུ་བྱས། རྗེས་སུ་ཁོང་ལ་ཡོང་འབབ་ཡོད་ཚེ་ཕྱེ་དང་རྡོ་སོལ་ཉོས་ནས་ཡུལ་མི་ཚོར་གནང་། ཡིན་ཡང་དེས་ཡུལ་མི་ཚོ་དབུལ་ཕོངས་ལས་ཐར་ཏུ་འཇུག་མ་ཐུབ། དེ་ནས་ཁོང་མ་སྐུལ་དང་བླངས་ཀྱིས་ཁྱིམ་ཚང་རེ་རེར་སོང་ནས་ཁོ་ཚོའི་བྱིས་པར་ཁོང་གི་གམ་དུ་རི་མོ་སྦྱོང་དུ་མངགས་པའི་རེ་འདུན་ཞུས། ཁོང་གིས་དེ་ལྟར་བྱས་ནས་ལྷ་བཟོ་བ་དག་གསོ་སྐྱོང་བྱེད་ཐུབ་ན་ད་གཟོད་དབུལ་ཕོངས་ལས་ཐར་ཐུབ་པ་དང་ཐང་གའི་སྒྱུ་རྩལ་མུ་མཐུད་ནས་རྒྱུད་སྤེལ་བྱེད་ཐུབ་སྙམ།


བཀྲ་ཤིས་རྒྱ་མཚོ་དང་ཁོང་གི་ཨ་མ། ནུ་བོ་བཅས།

     ད་ལྟའི་སེང་གེ་གཤོང་ལ་ཁྱིམ་ཚང་རེར་ལྷ་བཟོ་རེ་དང་། ཚང་མ་རི་མོ་འབྲི་བར་མཁས་ཞེས་པའི་བཤད་སྲོལ་ཡོད་ལ། མཐའ་འཁོར་གྱི་ཆེས་འབྱོར་ཕྱུག་ལྡན་པའི་གྲོང་སྡེ་རུ་གྱུར་ཡོད།


ས་སྲོད་ཀྱི་གྲོང་གསེབ།


ཨ་མ་རྒན་མོ་ཞིག་གིས་བུ་སྟོན་དགོན་པར་སྐོར་བ་བྱེད་བཞིན་པ།

     ད་ལྟ་ཀླུ་སྒྲུབ་ལྷ་རིས་སྒྱུ་རྩལ་གླིང་དུ་ཡོད་པའི་སློབ་མ་ནི་མཚོ་སྔོན་ས་ཁུལ་ཁོ་ན་ལས་མ་ཡིན་ཏེ། ཕྱིའི་ཞིང་ཆེན་ཧྲན་ཏུང་ནས་ཡོང་པའི་རྒྱའི་སློབ་གྲྭ་ཆེན་མོ་བ་ཡང་ཡོད་པ་རེད། བཀྲ་ཤིས་རྒྱ་མཚན་གྱིས་ཁོང་གིས་དཀའ་ངལ་ཡོད་ཚད་ཁྱད་དུ་བསད་ནས་ཀླུ་སྒྲུབ་ལྷ་རིས་སྒྱུ་རྩལ་གླིང་མུ་མཐུད་དུ་འཛུགས་སྐྱོང་བྱས་ཏེ། ཐང་གའི་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་ཅེས་གསུང་བྱུང་།


བཀྲ་ཤིས་རྒྱ་མཚོ་དང་ཆོས་གྲགས། སློབ་མ་བཅས་ཀྱིས་ཀླུ་སྒྲུབ་ལྷ་རིས་སྒྱུ་རྩལ་གླིང་དུ་བླངས་པའི་མཉམ་པར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oler བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བྱང་ཆུབ་ཡེ་ཤེས་སྒྲོལ་མ སྤེལ་དུས:2019/6/15
ལྷག་བསམ་རྣམ་པར་དག་པའི་སྲོལ་རྒྱུན་རིག་གནས་མ་ཉམས་གོལ་འཕེལ་དང་ཉམས་པ་སླར་གསོ་བྱས་པ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ངོ་།།
 སྤེལ་མཁན: བྱང་ཆུབ་ཡེ་ཤེས་སྒྲོལ་མ སྤེལ་དུས:2019/6/15
ལྷག་བསམ་རྣམ་པར་དག་པའི་སྲོལ་རྒྱུན་རིག་གནས་མ་ཉམས་གོལ་འཕེལ་དང་ཉམས་པ་སླར་གསོ་བྱས་པ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་ངོ་།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41291704
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1