༢༠༡༧ལོའི་ཀྲུང་གོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 11 ཚེས 17 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» དགོང་ཚོགས། འོད་སྡེར་གསར་བ། »༢༠༡༧ལོའི་ཀྲུང་གོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར།
༢༠༡༧ལོའི་ཀྲུང་གོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/6/11ལྟ་ཀློག (2804)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

༢༠༡༧ལོའི་ཀྲུང་གོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར།

༢༠༡༧ལོའི་ཀྲུང་གོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར།བོད་ཁམས་ཀྱི་ཆེས་ཡང་རྩེའི་ཤོམ་པ།
མཛེས་སྡུག་གི་ལང་ཚོ་སྦྲུམ་བའི་ཕུགས་བསམ་གྱི་ལམ་བུ།འཆོར་སྒེག་དང་སྐྱེས་གཟུགས་ཀྱི་ཕྱུག་པའི་ལང་ཚོའི་གཟི་དཔལ།
འགྱུར་ལྡོག་དང་སྤོབས་སེམས་ཀྱི་གོམ་ཁ་ཐོག་མ་སྤོ་ས།
བོད་ཁམས་ཀྱི་ཆེས་ཡང་རྩེའི་ཤོམ་པ།

མིང་ཐོ་འགོད་གནས།
http://zm2017.dongdongyy.com/user/entry

    ཀན་ལྷོ་ལམ་ན་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སུས་ལོ་གཅིག་གི་རིང་ལ་འཆར་བཀོད་དང་གྲ་སྒྲིག་བྱས་པའི་ཀྲུང་གོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར།བོད་ཁམས་ཡུལ་གྱི་ཆེས་ཡང་རྩེའི་ཤོམ་པ་ཞེས་པའི་ཁྱབ་བསྒྲག་གི་བརྙན་ཐུང་ནི་རྒྱལ་ནང་གི་ཧྲང་ཧེ་གྲོང་ཁྱེར་ནས་བརྙན་ཕབ་བྱས་པ་དང་། 2017ལོའི་ཟླ6པའི་ཚེས10ཉིན་ཀྲུང་གོའི་སྐབས་དང་བོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར་འགོ་བརྩམས་རྒྱུ་ཡིན་ལ།འདི་ནི་མདོ་དབུས་ཁམས་གསུམ་ཡོངས་ཀྱི་ཆེས་ཡང་རྩེ་དང་ཚད་ལྡན་གྱི་འགྲན་བསྡུར་ཞིག་ཡིན་པ་མ་ཟད།ཐེངས་འདིས་ཤོམ་འགྲོའི་དཔྱད་འདེམས་ཀྱི་དགེ་རྒན་ལའང་མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་ཚེ་མགོན། བོད་ཁམས་ན་མིང་གྲགས་ཆེ་བའི་ལྷ་སའི་གླུ་བ་བསྟན་ཆོས་ཨ་ཏིས་སོགས་ཡིན།
ལྷག་པར་དུ་ད་ཐེངས་འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་དུ་ཤོམ་འགྲོའི་འཛུབ་སྟོན་དགེ་རྒན་གཉིས་ཡོད་ལ་དེ་ནི་རྒྱལ་ཁབ་ཕྱི་ནང་དུ་དགའ་བསུ་ཚད་མེད་ཐོས་བཞིན་པའི་གླུ་བ་གདུགས་དཀར་ཡག་དང་དེང་རབས་ཀྱི་གཞས་དང་ཞབས་བྲོའི་ཚབས་མཚོན་ཅན་དུ་གྱུར་བའི་གླུ་མ་གྲགས་ཅན་དབང་སྒྲོན་མཚོ་གཉིས་ཡིན། ཤོམ་འགྲོའི་འགྲན་བསྡུར་གྱི་སྤྱའི་བྱ་དགའ་མ་དངུལ་སྒོར་ཁྲི་26ལྷག་ཡོད་ལ། འགྲན་བསྡུར་གྱི་ས་ཁུལ་ལྷ་ས། ཟི་ལིང་། ཁྲིན་ཏུ། ཀན་ལྷོ་གཙོས་གྲོང་ཁྱེར་བཅས་ས་ཁུལ་བཞི་ནས་ཆེས་ཐོག་མའི་འགྲན་བསྡུར་བྱ་རྒྱུ་ཡིན།
མིང་ཐོ་འགོད་པའི་དུས་ཚོད་ནི་2017ལོའི་ཟླ6པའི་ཚེས་11ནས་2017ལོའི་ཟླ7པའི་ཚེས་2བར་ཡིན་ལ། ཡུལ་དངོས་དང་སྐད་འཕྲིན་གྱི་སྟེགས་བུ་གཉིས་ནས་མིང་ཐོ་འགོད་ཆོག འགྲན་བསྡུར་གྱི་ཞིབ་ཕྲའི་ནང་དོན་རྒྱ་ཡིག་གི་འགྲེལ་བཤད་ལ་གཟིགས་བར་ཞུ།

 

 


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས། གླིང་དུག་སྦྲང་།
འདྲེན་བཀོལ:

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
spiv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ལྷུན་འགྲུབ་རྡོ་རྗེ། སྤེལ་དུས:2017/7/14
གཙོ་བོ་བོད་པའི་ཡུལ་སྲོལ་གོམས་གཤེས་ལུགས་བཟང་དང་མཐུན་པའི་སྐད་དང་གྱོན་ཀོས་དང་སྤྱོད་ལམ་མཛེས་ཆས་སོགས་ལ་དོན་གནད་གནང་རོགས་་་་་་་་བྱ་བ་ལེགས་གྲུབ་ཡོང་བའི་བཀྲིས་སྨོན་ལམ་ཡང་ཡང་ཡོད་་་
 སྤེལ་མཁན:  སྤེལ་དུས:2017/7/14
བོད་ཀྱི་ཤོམ་པའི་འགྲན་བསྡུར་ཞེས་པའི་བྱ་རྣམས་ལེགས་གྲུབ་ཡོང་བའི་བཀྲིས་སྨོན་འདེབས་ཞུ་་་་
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12609476
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号