ཨ་མའི་ནོར་བུ་བྱིས་པའི་སློབ་སྦྱོང་ཡོ་ཆས་དངོས་སུ་ཚོང་རར་ཐོན་ཡོད།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 23 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཐོན་རྫས་གསར་བ་འོས་སྦྱོར། »ཨ་མའི་ནོར་བུ་བྱིས་པའི་སློབ་སྦྱོང་ཡོ་ཆས་དངོས་སུ་ཚོང་རར་ཐོན་ཡོ
ཨ་མའི་ནོར་བུ་བྱིས་པའི་སློབ་སྦྱོང་ཡོ་ཆས་དངོས་སུ་ཚོང་རར་ཐོན་ཡོད།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/7/6ལྟ་ཀློག (2646)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཨ་མའི་ནོར་བུ་བྱིས་པའི་སློབ་སྦྱོང་ཡོ་ཆས་དངོས་སུ་ཚོང་རར་ཐོན་ཡོད།


      ཉེ་ལམ།  ཨ་མའི་ནོར་བུ་རིག་གནས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་ལོ་ངོ་གཉིས་རིང་ལ་ཞིབ་འཇུག་དང་དཀའ་བ་སྤྱད་མཐར། ཨ་མའི་ནོར་བུ་ཞེས་པའི་བོད་ཀྱི་སྒྲ་གཟུགས་གཉིས་ལྡན་གྱི་སྐད་གསུམ་བྱིས་པའི་སློབ་སྦྱོང་ཡོ་ཆས་ཐོག་མ་དེ་གསར་བཟོ་གནང་ཞིང་ཚོང་རར་བཀྲམ་འདུག    

      ཨ་མའི་ནོར་བུ་ཞེས་པའི་སྒྲ་གཟུགས་གཉིས་ལྡན་གྱི་བྱིས་པའི་སློབ་སྦྱོང་ཡོ་ཆས་འདི་ནི་མདོ་དབུས་ཁམས་གསུམ་གྱི་བྱིས་པ་ཚོར་དམིགས་ནས་བཟོས་པའི་དུས་རབས་འདིའི་ཁ་ཕྱོགས་དང་མཐུན་པའི་སྒྲ་གཟུགས་གཉིས་ལྡན་གྱི་སློབ་སྦྱོང་ཡོ་ཆས་ཤིག་ཡིན་ལ། ཐོན་རྫས་འདིའི་ནང་དུ་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་སློབ་ལོ་མ་རན་པའི་བྱིས་པ་ཚོའམ་ཡང་ན་སློབ་སྔོན་འཛིན་གྲྭའི་བྱིས་པ་ཚོར་དམིགས་ནས་བོད་སྐད་ཀྱི་ལམ་ནས་བོད་རང་གི་སྲོལ་རྒྱུན་དང་རིག་གནས་ཀྱི་བྲོ་བ་མ་ཡལ་བ་དང་བྱིས་པའི་བློ་ཁ་དང་མཐུན་པའི་བྱིས་སྒྲུང་དང་གཏམ་དཔེ། གབ་ཚིག ལེགས་བཤད། བྱིས་གླུ། གསལ་བྱེད་ངོས་འཛིན། དབྱངས་གསལ་སྦྱོར་ཀློག་དང་རིགས་མཐུན་ཐ་སྙད་སྣ་ཚོགས། རྨང་གཞིའི་ཨང་རྩིས་སོགས་སྒྲ་གཟུགས་གཉིས་ལྡན་གྱི་ལམ་ནས་མཁོ་སྤྲོད་བྱས་ཡོད་པས་རྒྱ་ཆེའི་གྲོགས་པོ་ཆུང་ཆུང་ཚོ་དང་ཁྱིམ་བདག་རྣམས་ལ་སྔར་མེད་ཀྱི་སློབ་སྦྱོང་ཡོ་ཆས་འདིས་བྱིས་པ་ཚོའི་སློབ་སྦྱོང་ལ་ཕྱོགས་གང་ཐད་ནས་རམ་འདེགས་གང་མང་བྱེད་ཐུབ་པར་མི་མང་པོས་ཡིད་ཆེས་བྱེད་བཞིན་འདུག    དེ་མིན་རྒྱ་ཡིག་དང་དབྱིན་ཡིག་གི་ནང་དུ་ཡང་ལེགས་བཤད་དང་གཏམ་དཔེ། སྒྲ་སྦྱོར། དབྱིན་ཡིག་གི་གསལ་བྱེད་ངོས་འཛིན། རིགས་མཐུན་ཐ་སྙད་སྣ་ཚོགས། ཐང་གི་སྙན་ངག བྱིས་སྒྲུང་སྣ་ཚོགས། ཨང་རྩིས། ལེགས་བཤད། བྱིས་གླུ་སྣ་ཚོགས། འགུལ་རིས་གློག་བརྙན་སྣ་ཚོགས་སོགས་མདོར་ན་བྱིས་པའི་བློ་ཁ་དང་མཐུན་པའི་མཁོ་ཆས་སྒྲ་གཟུགས་གཉིས་ལྡན་གྱི་སློབ་ཚན་དང་གླུ་གཞས་སོགས་ཆིག་སྟོང་ལྷག་མཁོ་སྤྲོད་བྱས་ཡོད་པ་དང་། ཆེས་གལ་ཆེ་བ་ནི་འདིའི་ནང་གི་སློབ་ཆུང་བོད་ཡིག་སློབ་ཚན་རེད། ཨ་མའི་ནོར་བུ་ཐོན་རིམ་དང་པོའི་ནང་དུ་སློབ་ཆུང་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སྐད་ཡིག་སློབ་ཚན་ཡོད་ཚད་བརྙན་གྱི་ལམ་ནས་སློབ་ཁྲིད་བྱས་ཡོད་ལ། སློབ་ཚན་གྱི་ནང་དོན་ཡོད་ཚད་ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞིའི་བསླབ་དེབ་གཞིར་བྱས་ནས་ཁྲིད་པ་ཡིན་པས་སློབ་མ་ཚོས་རང་གི་སློབ་གྲྭའི་ནང་གི་སློབ་དེབ་གཞིར་བཞག་སྟེ་ཨ་མའི་ནོར་བུའི་ནང་གི་བརྙན་ལ་བལྟས་ནས་སློབ་སྦྱོང་བྱས་ཆོག


      ཐོན་རྫས་འདི་བཟོ་མཁན་ཕྱོགས་ཀྱིས་བརྗོད་པ་ལྟར་ན། ཐོན་རྫས་འདི་བྱིས་པ་ཚོས་བེད་སྤྱོད་བྱེད་དགོས་པར་བརྟེན་དེའི་རྒྱུ་ཆ་དང་སྤུས་ཀ་སོགས་ཧ་ཅང་གལ་ཆེན་པོ་ཡིན་པས་མ་རྩ་ཏོག་ཙམ་ལ་མ་བལྟས་པར་ཆེས་ཚད་ལྡན་དང་རྒྱུ་སྤུས་ལེགས་པའི་རྒྱུ་ཆ་དག་བེད་སྤྱོད་བྱས་ཡོད་པ་མ་ཟད། རྒྱལ་ཁབ་རིམ་པའི་ཆོག་མཆན་ཡང་ཆ་ཚང་བླངས་ཡོད།

གཙོ་ངོས་སུ་གཤམ་གསལ་གྱི་པར་རིས་འདི་དག་འཆར་བ་ཡིན།

      བོད་ཡིག་སློབ་ཚན།  སློབ་སྔོན་འཛིན་གྲྭ། ཤེས་བྱ་ཀུན་བཏུས། རིག་པའི་རོལ་རྩེད། སེམས་དངོས་གསོ་སྦྱོང་། ཁཱ་ལok། སྒྱུ་རྩལ་གསོ་སྐྱོང་། འགུལ་རིས། རོལ་དབྱངས། ཁྱིམ་བདག་དོ་དམ།

      བོད་ཡིག་སློབ་ཚན་ནང་དུ་སློབ་སྔོན་དང་སློབ་ཆུང་གཉིས་ཀྱི་བོད་སྐད་དང་བོད་ཡིག་གི་སློབ་ཚན་ཡིན། སློབ་སྔོན་ནང་དུ་བོད་ཡིག་གསལ་བྱེད་ངོས་འཛིན་དང་དབྱངས་གསལ་སྦྱོར་ཚུལ། རིགས་མཐུན་ཐ་སྙད།  བྱིས་གླུ། བྱིས་སྒྲུང་། གཏམ་དཔེ། ལེགས་བཤད། གམ་ཚིག་སོགས་འདུས། སློབ་ཆུང་བོད་ཡིག་ཏུ་བོད་ཡིག་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་ཚན་ཡོད་ཚད་བརྙན་གྱི་ལམ་ནས་སློབ་ཁྲིད་བྱས་ཡོད། སློབ་ཚན་ཡོད་ཚད་རེ་རེ་བཞིན་ཀློག་འདོན་དང་འགྲེལ་བཤད། ཡིག་གཟུགས་སོགས་ཆ་ཚང་བ་ཞིག་བཀོད་ཡོད།

      སློབ་སྔོན་སློབ་ཁྲིད་ནང་སྐད་ཡིག་མུན་སེལ་དང་ཐང་རྒྱལ་རབས་ཀྱི་སྙན་ངག ཀྲུང་གོའི་རིག་པ། གཏམ་དཔེའི་བྱུང་རབས། དབྱིན་ཡིག་མུན་སེལ། རྨང་གཞིའི་རྩིས་རིག གཤིས་སྤྱོད་གསོ་སྦྱོང་སོགས་ཚུད།

      ཤེས་བྱ་ཀུན་བཏུས་ནང་སྤྱི་ཚོགས་ངོས་འཛིན་དང་བྱིས་ཚན་རྒྱུན་ཤེས། བདེ་འཇགས་སློབ་གསོ། དྲི་བ་འབུམ་ཕྲག་མ་བཅས་འདུས།

      རིག་པའི་རོལ་རྩེད་ནང་ངོས་འཛིན་རོལ་རྩེད་དང་རྩིས་རིག་རོལ་རྩེད། ལྟ་ཞིབ་རོལ་རྩེད། རིག་པའི་རོལ་རྩེད་སོགས་ཚུད།

      སེམས་དངོས་གསོ་སྦྱོང་ནང་མཉམ་རོལ་དང་མཉམ་འབྲེལ། ཡིད་རྟོན་དང་བློ་བརྟན། སྙིང་སྟོབས་དང་བློ་རིག གསར་གཏོད་དང་འགྲན་རྩོད། འགན་འཁྲི་དང་བྱམས་བརྩེ། དྲིན་བཟོ་དང་བརྩི་བཀུར། གཞུང་དྲང་དང་ཁེངས་སྐྱུངས། བརྩོན་འགྲུས་དང་གྲོན་ཆུང་སོགས་འདུས།

      ཁཱ་ལ OK ནང་བྱིས་གླུ་གྲགས་ཅན་དང་ཚད་ཐུབ་བྱིས་གླུ། གླུ་དབྱངས་གྲགས་ཅན།  ང་ཡི་ཁཱ་ལ OK ་སོགས་ཚུད།

      སྒྱུ་རྩལ་གསོ་སྦྱོང་ནང་ཞབས་བྲོ་དང་ཤོག་ལྟེབ། ལག་ཤེས། རི་མོ། DIYགསར་གཏོད་བཅས་འདུས།

      འགུལ་རིས་ནང་འགུལ་རིས་གཏམ་རྒྱུད་དང་རིག་འཕྲུལ་འགུལ་རིས། སྤྲོ་སྣང་འགུལ་རིས། ཚད་ཐུབ་འགུལ་རིས་སོགས་ཚུད།

      རོལ་དབྱངས་ནང་གཉིད་འགུག་གླུ་དབྱངས་དང་གནའ་བོའི་རོལ་དབྱངས། ཚད་ཐུབ་བྱིས་གླུ། བྱིས་གླུ་གྲགས་ཅན། སྦྲུམ་གསོའི་རོལ་དབྱངས་བཅས་འདུས་སོ།།

       སློབ་སྦྱོང་ཡོ་ཆས་འདི་ཉོ་དགོས་མཁན་རྣམས་ཀྱིས་གཤམ་གྱི་ཁ་པར་དག་གམ་ཡང་ན་སྐད་འཕྲིན་བརྒྱུད་བཟོ་མཁན་ཕྱོགས་ལ་འབྲེལ་བ་གནང་ཆོག







འབྲེལ་གཏུག་བྱེད་ཡུལ།

153-5299-9440/159-8371-8777

135-1977-4449/158-8408-1666




དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14877200
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号