ཚོར་བའི་ཟ་འཕྲུག་གིས་གཅུན་པའི་ཁོ་དང་མོ་ཡི་སྙན་ཚོམ་ཉུང་བཏུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཚོར་བའི་ཟ་འཕྲུག་གིས་གཅུན་པའི་ཁོ་དང་མོ་ཡི་སྙན་ཚོམ་ཉུང་བཏུས།
ཚོར་བའི་ཟ་འཕྲུག་གིས་གཅུན་པའི་ཁོ་དང་མོ་ཡི་སྙན་ཚོམ་ཉུང་བཏུས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/7/8ལྟ་ཀློག (2429)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁ་བྱང་གཅིག་པའི་སྙན་ངག

རྟ་བདག་མེད།
སྐྲ་ཉག་མ།

ཚོར་བའི་མཚོ་རླབས་སུ་རྨིག་སྒྲ་བཅུད
ཡིད་སེམས་ལ་རི་མོ་བྲིས་ནས་རྔོག་མ་གཟེངས

རྡུལ་གསེབ་ནས་རང་ཉིད་ནར་སོན་པར་བྲིས
དེ་དུས་ཁྱོད་ཀྱི་བདག་པོའང་ཧ་ཅང་སྟོབས

སྨུག་སྤྲིན་འཕྲེད་དུ་ལྡང་ནས
རི་ལུང་ཆ་ཡོད་དེའི་རྣམ་ཤེས་དཀྲིས

དེ་ནས་དཔག་ཚད་གཅིག་བརྩིས་ཚར
ཁྱོད་ལ་བདག་པོ་མེད་པར་གྱུར་ཏེ
མིག་རྒྱང་གང་གི་མཚམས་སུ་སྙིང་དུ་སྡུག་པའི་རྟ་ཁྱུ་འཐོར

དེ་ནས་བཟུང་སྟེ
ཁྱོད་ཀྱི་རྔ་མ་དང་རྔོག་མར་དོད་པ་ནི
མུ་གེ་རེད  ཡི་དྭགས་རེད

ལུང་སྟོང་དུ་རྩྭ་ཆུ་ཧུབ་གང་ཉུལ་བའང
ཡིད་གར་མི་འོང་བའི་ལང་ཚོར་གྱུར

འཇའ་རིས་དང་རླུང་བུའི་གསེབ་ཀྱི་བང་རྩལ
མི་ཞིག་གི་སེམས་སུ་གནའ་སྔ་མོ་བཞིན་རྙིང་ཞིང་རྒས་སོ།།
                                         4/1ཉིན།

རྟ་བདག་མེད།
ཁངས་དཀར་མོ།

མུ་མེད་ཀྱི་སྤང་ཐང་ཞིག་ན།
འཚེར་སྐད་བསིལ་རླུང་དང་འདྲེས་པའི་རྟ་ཁྱུ་ཞིག
གངས་ཆུ་དང་རྩ་སྔོན་གྱི་བཅུད་ལ་རོལ་བའི་རྟ་ཁྱུ་ཞིག
སྔོན་གྱི་བཙན་པོའི་དཔུང་རོགས་སུ་བྱས་པའི་རྟ་ཁྱུ་ཞིག
དུས་ཚོད་དང་འགྱུར་ལྡོག་ཁྲོད་ནས།
མུ་མེད་ཀྱི་སྤང་ཐང་དེ་བྱེ་ཐང་དུ་གྱུར་ཅིང་།
རྟ་ཁྱུ་དེ་ཡང་བདག་མེད་དུ་གྱུར།
དུས་དེ་ནས་བཟུང་།
ཡུལ་དེ་ལ་མི་ཤི་ཆགས་འཇིག་གི་ལོ་རྒྱུས་རྫོགས་མེད་ཅིག་བྱུང་མྱོང་།
དེའི་ཕྱིར།
རྟ་ཁྱུ་དེ་སྔོན་བཙན་པོའི་དམག་རོགས་དང་
སྒང་པ་ཚང་གི་གཅེས་ནོར་ཡིན་པ་སོགས་
ཤེས་མཁན་ནི་ཧ་ཅང་ཉུང་།
ཀྱེ།
རྟ་མཆོག་ལགས།
ཁྱོད་རང་འདི་ལྟར་བདག་མེད་དུ་གྱུར་བར་
སུ་ཞིག་གིས་གནོང་འགྱོད་དང་སེམས་སྡུག་བྱེད་སྲིད།
ཁྱོད་ཉིད་ལ་ཤིན་ཏུ་རིང་བའི་ལོ་རྒྱུས་དང་
བརྗོད་པར་དཀའ་བའི་གཏམ་རྒྱུད་ཡོད་པ་དག་ཀྱང་
སུ་ཞིག་གིས་ཤེས་སྲིད།
ཁྱོད་ཀྱི་སྒ་སྲབ་རླུང་གིས་ཁུར་ཏེ་ཆུ་ལ་ནུབ་པ་ནས་བཟུང་།
ཁྱོད་རང་སུའི་ཡིན་མེད་པའི་འདོ་བ་བདག་མེད་ཅིག་ཏུ་གྱུར་ལ།
དུས་དེ་ནས་བཟུང་། 
ཁྱོད་ལ་རི་ལུང་མ་གཏོགས་བདག་པོ་མེད་པར་གྱུར། 
༢༠༡༧-༣-༢༨ཉིན་ལ།

རྟ་བདག་མེད།
སྐྱ་རེངས་འཛིན།

ལོ་རྒྱུས་ཀྱི་བྱུང་བ་དང་བསྟུན་ནས
ང་རང་འཇིག་རྟེན་མི་ཡུལ་དུ་སླེབས
སྙན་གྲགས་ཀྱི་བ་དན་དང་འགྲོགས་ནས
ང་རང་བང་རྩལ་ལ་ཐོགས་པ་མེད་པར་གྱུར

དུས་རབས་ཀྱི་འཕོ་འགྱུར་རེ་རེས
ངའི་བདག་པོ་དག་དབང་མེད་དུ་བཅོམ
ས་གནས་ཀྱི་དགོས་མཁོ་རེ་རེས
ལུགས་མེད་ཀྱི་འགྲོ་ལུགས་རེ་རེ་གློ་བུར་དུ་ཐོན

དེང་སྐབས་ཀྱི་གནས་སྟངས་རེ་རེས
སུ་ཞིག་གི་འགྲོ་འདུག་ལ་རྡོག་བརྫིས་བྱས
ལྕགས་ཀྱིས་བྲབ་ནས་བང་ཕུད་པ་ལས
གློ་བུར་གྲོང་ནས་དབུགས་འཕྲོག་པར་སྐྲག

ལར་རི་ལུང་ལ་རྩྭ་ཆུར་རོལ་དབང་དབེན
གྲོང་ནས་གྲོ་ཕྱེ་དེ་སྐམ་པོར་ཟ་དགོས་ནས
ལ་ལའི་ལྕེ་དང་རྐན་ལ་རྨས་ཕོག་འདུག
ལ་ལའི་བང་གི་མི་ནུས་བརླ་ཤ་སྦྲིད་ནས་ཡོད

འདོ་བ་རྟ་ཡི་རིན་ཐང་ཇེ་ཆུང་རེད
ཡུལ་མི་སྤུན་ཟླའི་ཞེ་འདང་ཇེ་ཆུང་རེད
འུ་ཅག་བོད་པའི་འཚོ་རྟེན་ཇེ་ཉུང་རེད
གཡང་གི་འདོ་བ་ཁམ་པ་ཇེ་ཉུང་རེད

རྟ་བདག་བྱང་སེེམས་ཅན་པོ
སྙིང་གི་བཀའ་དྲིན་ཞུས་ཡོད
རྟ་རྒྱུགས་རིན་ཐང་ཅན་པོ
དགའ་བ་འབུམ་གྱིས་བསུས་ཡོད

གང་ལྟར་འདོ་བ་རྟ་དེའི་ལང་ཚོ
བང་རྩལ་གྱིས་མ་ངོམས་ན
ཁ་བ་བོད་པའི་སྒོ་ཕྱུགས
ཉིན་རེ་ནས་ཉིན་རེར་རྒུད་སླ
                                         ༢༠༡༧/༤/༡

རྟ་བདག་མེད།
འབྲོག་བུ་ཨ་ལོང་།

ཟླ་གསུམ་པའི་ནང་ང་ཕ་ཡུལ་ན་མེད
འགྲོར་འཇུག་མཁན་ཨ་ཕ་རེད
དོན་ལྔ་སྣོད་དྲུག་ལས་ངས་རྟ་བདག་བཟང་ཟེར་མི་ཐུབ
མི་ཡི་ནང་ནས་རྟ་བདག་སྡུག་ཀྱང་བཤད་དཀའ
ལུས་གྲོགས་ཆོན་ཐག་ནི
ངའི་ངོ་གདོང་གི་གཙང་བོ་ལྟ་བུའི་རྟ་བདག་མེད་ཅིག་ཡིན
ཁོ་བོ་ངུས་ངུས་ཏེ
གཙང་བོའི་འགྲམ་དུ་ལོག་ནས་ལོ་གསུམ་འགོར

                                                     4/4ཉིན།

རྟ་བདག་མེད།
ཁངས་བྱེའུ།

བསིལ་རླུང་དང་གྲང་འཁྱག་གི་ཁྲོད་ན་
ང་ལ་དབང་བའི་རྟ་ཁྱུ་ཞིག་ཡོད།

རྨིག་སྒྲ་དང་རྡུལ་རླུང་གི་ཁྲོད་ན
ངའི་རྟ་ཁྱུ་འདི་ལ་སྡུག་བསྔལ་བསླངས།


རྩྭ་ཆུ་དང་མེ་ཏོག་མེད་པའི།
ཟླ་བ་བདུན་པའི་དཀྱིལ་ཚིགས་ན།


འཚེར་སྒྲ་ལས་རྡོག་སྒྲ་མེད་པའི།
ང་ཡི་རྟ་མཆོག
                            2017.4.1ཉིན།

རྟ་བདག་མེད།

བཟི་བོ།

རྩྭ་ཐང་སྔར་ནས་འབར་ཟིན།
ཡིད་ཆད་དང་ཕྲག་དོག་ད་དུང་ལྷག་འདུག


རྟ་ཁྱུ་ནི་འབྲོག་པའི་ནོར་བུ་ཡིན།
རྟ་བདག་ཡང་འབྲོག་པ་ངོ་མ་ཡིན།

རྟ་ཁྱུ་ཞོག་ཤུལ་དུ་རྨིག་རྗེས་མི་འདུག


ཁྱིམ་ཚང་གཏོར།    རྟ་ཁྱུ་འཐོར།     

       ༢༠༡༧/༤/༡ཉིན།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41142490
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1