ཧི་མ་ལའི་རིག་མཛོད་ཁང་གིས་བསྡུས་པའི་མཁས་བརྒྱ་གྲོས་མོལ་ཚོགས་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »ཧི་མ་ལའི་རིག་མཛོད་ཁང་གིས་བསྡུས་པའི་མཁས་བརྒྱ་གྲོས་མོལ་ཚོགས་ཆེ
ཧི་མ་ལའི་རིག་མཛོད་ཁང་གིས་བསྡུས་པའི་མཁས་བརྒྱ་གྲོས་མོལ་ཚོགས་ཆེན།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/7/13ལྟ་ཀློག (4004)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཧི་མ་ལའི་རིག་མཛོད་ཁང་གིས་བསྡུས་པའི་མཁས་བརྒྱ་གྲོས་མོལ་ཚོགས་ཆེན།

ཧི་མ་ལའི་རིག་མཛོད་ཁང་གིས་བསྡུས་པའི་བོད་ཀྱི་དཔེ་རྙིང་རིག་གཞུང་དབྱེ་ཞིབ་གྲོས་མོལ་ཚོགས་ཆེན།    
༡༽ཚོགས་འདུ་གཙོ་སྒྲུབ་ལས་ཁུངས།

ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།

༢༽ཚོགས་འདུ་གཙོ་གཉེར་བ།
སྤྱིའི་གཙོ་འཛིན་པ།
རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ།
སྤྱིའི་གཙོ་འཛིན་གཞོན་པ།

རྨེ་གྲྭ་ཚེ་རིང་བསམ་འགྲུབ།

༣༽ ཚོགས་འདུའི་བརྗོད་གཞི།
    ཧི་མ་ལའི་རིག་མཛོད་ཆེན་མོའི༽དཔེ་ཚོགས་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་རིག་གཞུང་ཡོངས་བསྡུ་སྒྲིག་བྱས་ཡོད་པའི་དཔེ་ཚོགས་གཅིག་པུ་དེ་ཡིན།
གཤམ་དུ་ང་ཚོས༼ཧི་མ་ལའི་རིག་མཛོད་ཆེན་མོའི༽རིག་གཞུང་གི་སྡེ་ཚན་ལ་དབྱེ་བ༡༨དུ་བཀར་ཡོད་པ་དག་ལ་འཕྲི་སྣོན་དང་ཡང་ན་ཞིབ་འཇུག་དཔྱིས་ཕྱིན་པའི་འོག་རིག་མཛོད་ཀྱི་རིགས་དབྱེ་སྟངས་གསར་བའི་སྒྲོམ་གཞི་འདོན་པ།
སྤྱིར་ཧི་མ་ལའི་རིག་མཛོད་ཆེན་མོ་བསྡུ་སྒྲིག་དང་ཇུས་འགོད་པར་སྐྲུན་དར་སྤེལ་སོགས་ཕྱོགས་གང་ཐད་ནས་མཛུབ་སྟོན་དང་གྲོས་གཞི་འདོན་པ་བཅས་ཀྱི་དགོངས་འཆར་སྤེལ་རྒྱུ་བཅས་ཡིན།
དཔེ་ཚོགས་ཀྱི་མཚན། ཧི་མ་ལའི་རིག་མཛོད་ཆེན་མོ། 
རིག་གཞུང་འདུ་ཚད། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་སྔོན་གྱི་དཔེ་རྙིང་ཡོངས། 
ནང་དོན།
 བོད་ཀྱི་ཆོས་དང་རིག་གནས་ཀྱི་ཆར་གཏོགས་ཆ་ཚང་ཕྱོགས་སྒྲིག 
དེབ་གྲངས། ཚོད་དཔག་ལྟར་ན་དཔེ་ཚོགས་ཚར་གཅིག་ལ་དེབ་སྟོང་ཕྲག་གཉིས། 
བསྡུ་སྒྲིག་ལྟེ་གནས། ཧི་མ་ལའི་རིག་མཛོད་ཁང་ཆེན་མོ།  
༤༽  ཚོགས་འདུའི་དུས་ཚོད།     

སྤྱི་ལོ ༢༠༡༧ ལོའི་སྤྱི་ཟླ ༧ པའི་ཚེས་པ ༧ཉིན་ནས་ཉིན་གསུམ་གྱི་བར་དུ་སྟ་གོན་དང་ཚོགས་འདུ་དངོས།

༥༽ཚོགས་འདུའི་རྣམ་པ།
ཚོགས་ཆེན་སྟེང་དུ་བོད་མདོ་དབུས་ཁམས་གསུམ་སོགས་ཞིང་ཆེན་དྲུག་གི་ས་ཁུལ་སོ་སོའི་མཁས་དབང་ཆེན་མོ་དང་།
འབྲེལ་ཡོད་ལས་ཁུངས་སོ་སོའི་ཆེ་མཐོའི་དབུ་ཁྲིད། སློབ་ཆེན་ཁག་གི་སློབ་དཔོན་ཆེན་མོ།
དེ་མིན་སྤྱི་ཚོགས་སུ་ཆེས་གདེངས་འཇོག་ཐོབ་པའི་ཤེས་ཡོན་པ་དང་སློབ་གསོ་བ།
རིག་གཞུང་བསྡུ་སྒྲིག་པ་དང་ཇུས་འགོད་ཆེད་མཁས་པ།
གནའ་དེང་གི་རིག་པའི་གཞུང་ལུགས་ཁག་ལ་རྒྱུས་མངའ་ཟབ་པའི་ངེས་དོན་གྱི་མཁས་དབང་དམ་པ་བརྒྱ་ལྷག་ཆེད་དུ་གདན་ཞུས་བྱས་ཏེ།༼ཧི་མ་ལའི་རིག་མཛོད་ཆེན་མོའི་བོད་ཀྱི་དཔེ་རྙིང་རིག་གཞུང་དབྱེ་ཞིབ་གྲོས་མོལ་ཚོགས་འདུར༽མཉམ་ཞུགས་བྱས་པར་མ་ཟད།
ཚོགས་འདུའི་བརྗོད་གཞི་སྟེ་བོད་ཀྱི་ཆོས་དང་རིག་གནས་ཀྱིས་བསྡུས་པའི་རིག་གཞུང་མཐའ་དག་བསྡུ་སྒྲིག་དང་རིགས་ཀྱི་དབྱེ་བ་དགར་སྟངས་སོགས་ཀྱི་གྲོས་མོལ་ལ་ཕུན་སུམ་ཚོགས་པའི་མཇུག་འབྲས་བྱུང་།

     དེ་མིན་ད་ཐེངས་ཀྱི་ཚོགས་འདུ་དེ་ནི་བོད་ཁུལ་གྱིས་ཆེས་གཞི་རྒྱ་ཆེ་ཤོས་དང་བོད་མདོ་དབུས་ཁམས་གསུམ་གྱིས་མཁས་དབང་རྒན་གཞོན་མཉམ་ཞུགས་ཀྱི་ཆེས་སྣ་འཛོམས་རིང་བཞིན་གྱི་ལོ་རྒྱུས་རྡོ་རིང་གསར་བ་གཙུགས་པའི་ཚོགས་ཆེན་ཞིག་ཡིན་པར་ངོས་འཛིན་གནང་།


༦༽ཚོགས་ཞུགས་མི་སྣ།
ཚོགས་འདུའི་སྤྱིའི་གཙོ་འཛིན་པ་རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ།
ཚོགས་འདུའི་སྤྱིའི་གཙོ་འཛིན་གཞོན་པ་དང་མདོ་འཛིན་པ་རྨེ་གྲྭ་ཚེ་རིང་བསམ་འགྲུབ།  
ཁམས་གསེར་རྟ་བླ་རུང་གི་མཁན་ཆེན་དམ་པ་ཚུལ་ཁྲིམས་བློ་གྲོས།
ཀན་སུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྤྱིའི་སློབ་དཔོན་ཆེན་མོ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན།
རྭ་རྒྱའི་ཤེས་རིག་སློབ་གླིང་གི་གཙོ་གཞོན་ལྡོང་ཡོན་ཏན་རྒྱ་མཚོ།
སི་ཁྲོན་ཞིང་ཆེན་རིག་གནས་ཁང་གི་གཙོ་གཞོན་རྒན་པ་ཨ་བོས་ཚེ་རིང་མགོན་པོ།
རྒྱལ་ཡོངས་གྲངས་ཉུང་མི་རིགས་དཔེ་རྙིང་ཞིབ་འཇུག་ཁང་གི་གཙོ་འཛིན་རྒན་པ་ལས་དུང་ཧྲིན།
སི་ཁྲོན་གྲངས་ཉུང་མི་རིགས་དཔེ་རྙིང་བསྡུ་སྒྲིག་ཁང་གི་གཙོ་འཛིན་ལུང་ཡྭན།
སི་ཁྲོན་གྲངས་ཉུང་མི་རིགས་དཔེ་རྙིང་བསྡུ་སྒྲིག་ཁང་གི་གཙོ་འཛིན་ཁང་ཀྲིན།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཔའ་རིས་སངས་རྒྱས།
མཚོ་སྔོན་དགེ་འོས་སློབ་གྲྭའི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ།
བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་ནོར་བྲང་ཨོ་རྒྱན།
རྫ་དབོན་པོ་དགོན་པའི་སློབ་དཔོན་ཆེན་མོ་སྒོ་ཤེས་རབ་རྒྱ་མཚོ།
ཡུལ་ཤུལ་མི་རིགས་སློབ་གྲྭའི་དགེ་རྒན་ཆེན་མོ་ཚེ་དབང་བཀྲ་ཤིས།
མགོ་ལོག་མི་རིགས་སྐད་ཡིག་མཐུན་ཚོགས་ཀྱི་ཚོགས་གཙོ་འཇུ་སྐལ་བཟང།
སི་ཁྲོན་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན།
དཀར་མཛེས་ཁུལ་ཡིག་ཚགས་ཁང་གི་འགན་འཛིན་རྒན་པ་དང་ལོ་རྒྱུས་ཆེད་ཞིབ་པ་སྡེ་རོང་ཚེ་རིང་དོན་གྲུབ།
ཨ་ལགས་དོར་ཞིའི་དྲུང་ཡིག་པ་མ་ཏན་ཅན་ཏྭ་ཇེ།
རྫ་སེར་ཤུལ་དགོན་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་འཇམ་དཔལ་བློ་ཤེས།
མཚོ་སྔོན་མགོ་ལོག་ཨ་སྐྱོང་དགོན་པའི་སློབ་དཔོན་ཆེན་མོ་ཇོ་ནང་དངོས་གྲུབ་དཔལ།
མཚོ་སྔོན་དགེ་འོས་སློབ་གྲྭའི་སློབ་གཙོ་རྒྱ་ཡེ་བཀྲ་བྷོ།
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་རྒྱལ་མོ་འབྲུག་པ།
བོད་ལྗོངས་ལྷ་མོ་བླ་མཚོ་ཐང་ཁ་སྒྱུ་རྩལ་གླིང་གི་ཚོགས་གཙོ་ཉན་ཤུལ་རྡོ་རྗེ་དོན་གྲུབ།
སི་ཁྲོན་གསེར་རྟ་མཁན་ལེབ་དགོན་གྱི་སློབ་དཔོན་ཆེན་མོ་ཨ་སྐྱབས་རྒྱལ་སྲས།
 ཀྲུང་གོ་སྤྱི་ཚོགས་ཚན་རིག་ལས་ཁུངས་ཀྱི་དགེ་རྒན་ཆེན་མོ་སྐལ་བཟང་རྒྱལ།
ཁྲིང་ཏུའུ་ལེགས་སྨོན་རི་མོ་སྒྱུ་རྩལ་བརྒྱུད་སྤེལ་ལྟེ་གནས་ཀྱི་གཙོ་འཛིན་ལྷ་རིས་པ་ལེགས་སྨོན།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ལས་ཁུངས་ཀྱི་དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོ།
བོད་ལྗོངས་སྤྱི་ཚོགས་ཚན་རིག་ཆོས་ལུགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ནོར་བུ་རྒྱ་མཚོ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་གཙོ་འཛིན་ཨ་སྔགས་ཚེ་རིང་བཀྲ་ཤིས།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་།
མཚོ་སྔོན་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཁང་གི་གཙོ་གཞོན་བློ་བཟང་ཡར་རྒྱས།
རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་བསྟན་བདག་ཁྲི་བ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན།
མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གདུགས་དཀར་ཚེ་རིང་།
ལྷ་སའི་གཙུག་ལག་ཁང་གི་གཙོ་འཛིན་པ་ལྷག་པ།
པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི་འགན་འཛིན་པ་རྟ་རྡོ།
ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་རིག་པའི་སློབ་དཔོན་ཆེན་མོ་ཚེ་རིང་འགྱུར་མེད།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཆེན་མོ་བསོད་ནམས་དོན་འགྲུབ།
ལོ་རྒྱུས་རིག་པའི་ཆེད་མཁས་པ་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས།
ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རབ་འབྱམས་པ་ཀླུ་སྒྲུབ་དབང་ཕྱུག
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་འཛིན་པ་དགྲ་འདུལ།
ཀྲུང་གོ་མི་རིགས་དཔེ་མཛོད་ཁང་གི་གཙོ་འཛིན་གཞོན་པ་བྱམས་པ།
མཚོ་སྔོན་མི་རིགས་སློབ་གླིང་ཡུལ་ཤུལ་བོད་ཡིག་ཆེད་སྦྱོང་འཛིན་གྲྭའི་སློབ་དཔོན་ཆེན་མོ་སྐྱུ་རའི་བསམ་གཏན་རྣམ་རྒྱལ།
ཞང་བོད་ཤེས་རིག་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་རྟོགས་ལྡན་བསྐལ་ཁོ།
སི་ཁྲོན་དཔེ་རྙིང་བསྡུ་སྒྲིག་ཁང་གི་གཙོ་འཛིན་པ་ཁྲོཾ་ཐར་འཇམ་བློ།
ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་གླིང་གི་ཚོགས་གཙོ་ཕུན་ཚོགས་ཟླ་བ།
སི་ཁྲོན་དུས་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་དུས་དེབ་ཀྱི་གཙོ་འཛིན་དཀོན་མཆོག་རྡོ་རྗེ།
མགོ་ལོག་ཁུལ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་གཙོ་གཞོན་ས་སྒང་འཇམ་དབྱངས་མཁྱེན་རབ།
བོད་ལྗོངས་དབོན་བསྟོད་དགོན་པའི་བསྟན་བདག་ཚེ་དབང་མཐར་ཕྱིན།
ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པའི་གཙོ་གཞོན་སྐལ་བཟང་དར་རྒྱས།
གུ་རུ་རྣམ་ཐར་སྟོང་ཐང་ཆེན་མོའི་མཛུབ་སྟོན་དགེ་རྒན་བསོད་ནམས་དར་རྒྱས།
པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་གི་སློབ་གཙོ་པདྨ་ཚུལ་ཁྲིམས།
ཧི་མ་ལའི་རིག་མཛོད་ཁང་གི་སྤྱི་གཉེར་བ་བཀྲ་ཤིས་འོད་ཟེར།
རྫ་དྲེལ་དཀར་དགོན་པའི་མཁན་པོ་འཇིགས་དགའ།
རྨ་རྒྱལ་རྟོགས་ལྡན་དགོན་པའི་མཁན་པོ་དཀོན་མཆོག་འཕྲིན་ལས།
ཧི་མ་ལའི་རིག་མཛོད་ཁང་གི་ཚོ་ཆུང་ལས་འཛིན་པ་ཟླ་བ་འོད་ཟེར།
ཧི་མ་ལའི་རིག་མཛོད་ཁང་གི་ཚོ་ཆུང་ལས་འཛིན་པ་རྡོ་རྗེ་དབང་རྒྱལ།
ཧི་མ་ལའི་རིག་མཛོད་ཁང་པ་སངས།
ཧི་མ་ལའི་རིག་མཛོད་ཁང་ཚེ་རིང་ཆོས་སྐྱིད། 
ཧི་མ་ལའི་རིག་མཛོད་ཁང་པདྨ་མཁའ་འགྲོ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41297100
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1