རྒྱ་གར་དམག་གིས་ས་མཚམས་བརྒལ་བའི་ཐད་ཀྱི་ཀྲུང་གོའི་ལངས་ཕྱོཊ་ཡིག་ཆ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 9 ཚེས 22 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »རྒྱ་གར་དམག་གིས་ས་མཚམས་བརྒལ་བའི་ཐད་ཀྱི་ཀྲུང་གོའི་ལངས་ཕྱོཊ་ཡིག
རྒྱ་གར་དམག་གིས་ས་མཚམས་བརྒལ་བའི་ཐད་ཀྱི་ཀྲུང་གོའི་ལངས་ཕྱོཊ་ཡིག་ཆ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/8/3ལྟ་ཀློག (3910)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲྭ།པར་འདེབ།

རྒྱ་གར་དམག་གིས་ས་མཚམས་བརྒལ་བའི་ཐད་ཀྱི་ཀྲུང་གོའི་ལངས་ཕྱོཊ་ཡིག་ཆ།


   མི་དམངས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ།       སྤྱི་ཟླ་༨པའི་ཚེས་༢ཉིན།  ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་༼རྒྱ་གར་མཐའ་སྲུང་དཔུང་སྡེས་ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་འབྲས་ལྗོངས་དུམ་མཚམས་བརྒལ་ཏེ་ཀྲུང་གོའི་ས་ཁོངས་སུ་འཛུལ་བའི་དོན་དངོས་དང་ཀྲུང་གོའི་ལངས་ཕྱོགས་༽ཞེས་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་དང་།   ༼ཡིག་ཆའི་༽ནང་།  སྤྱི་ལོ་༢༠༡༧ལོའི་ཟླ་བ་༦པའི་ཚེས་༡༦ཉིན།  ཀྲུང་གོས་དོང་ལམ་ས་ཁུལ་དུ་ལམ་བུ་བཟོས་པ་དང་།  སྤྱི་ཟླ་༦པའི་ཚེས་༡༨ཉིན།   རྒྱ་གར་མཐའ་སྲུང་དཔུང་སྡེའི་དམག་མི་༢༧༠ལྷག་ཙམ་གྱིས་གོ་མཚོན་ཁྱེར་ཞིང་ས་འཕུལ་འཕྲུལ་འཁོར་གཉིས་བཏང་ནས།    རྡོ་ཁ་ལའི་འབྲས་ལྗོངས་དུམ་མཚམས་ཀྱི་ས་མཚམས་ལས་རྨིད་༡༠༠བརྒལ་ཏེ། ཀྲུང་གོའི་མངའ་ཁོངས་སུ་འཛུལ་ནས་ཀྲུང་གོའི་ཕྱོགས་ནས་ལམ་བཟོ་རྒྱུར་བཀག་འགོག་བྱས་པ་དང་།  དུས་བབ་ཛ་དྲག་པོ་བཟོས་ཡོད།   རྒྱ་གར་མཐའ་སྲུང་དཔུང་སྡེའི་དམག་མི་མང་སྐབས་སུ་༤༠༠ལྷག་ཟིན་པ་དང་།   དེ་དང་ཕྱོགས་མཚུངས་ས་འཕུལ་འཕྲུལ་འཁོར་གཉིས་བཏང་བ་དང་སྦྲ་གུར་གསུམ་ཁྱེར་ནས།  ས་མཚམས་ལས་བརྒལ་ཚད་རྨིད་༡༨༠ལྷག་ཟིན་ཡོད།


   སྤྱི་ཟླ་༧པའི་ཟླ་མཇུག་བར་དུ།  རྒྱ་གར་མཐའ་སྲུང་དཔུང་སྡེའི་དམག་མི་༤༠དང་ས་འདེད་འཕྲུལ་འཁོར་གཅིག་སྔར་བཞིན་ཀྲུང་གོའི་ས་ཁོངས་སུ་ཁྲིམས་འགལ་སྒོ་ནས་བསྡད་ཡོད་པ་རེད།  
   ཀྲུང་གོའི་ཕྱི་འབྲེལ་པུའུ་དང་།  རྒྱལ་སྲུང་པུའུ།  རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་པེ་ཅིན་དང་རྡི་ལི་གསར་པར་སྔ་རྗེས་སུ་རྒྱ་གར་ལ་ཚིག་རྩ་ནན་པོས་སྐད་ཆ་ཐེངས་མང་བཤད་ནས།    རྒྱ་གར་གྱིས་ཀྲུང་གོའི་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་།   ས་མཚམས་ལས་བརྒལ་བའི་མཐའ་སྲུང་དཔུང་སྡེ་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པའི་བླང་བྱ་དྲག་པོ་བཏོན་ཡོད་པ་རེད།


   ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་སྤྱི་ཚེས་༢ཉིན་ཀྲུང་གོའི་ཕྱོགས་ནས་རྒྱ་གར་དམག་གིས་ཁྲིམས་འགལ་ངང་ས་མཚམས་བརྒལ་བའི་ཐད་ཀྱི་ལངས་ཕྱོགས་ཡིག་ཆ་ཡོངས་བསྒྲགས་བྱས་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད། ཀེང་ཧྲོང་གིས། ཀྲུང་གོས་ཡིག་ཆ་འདི་ཁྱབ་བསྒྲགས་བྱས་པའི་དམིགས་འབེན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ད་ཐེངས་རྒྱ་གར་དམག་གིས་རྒྱལ་མཚམས་བརྒལ་བའི་བྱ་དོན་གྱི་དོན་དངོས་གསལ་བཤད་སྔར་ལས་ལྷག་པ་བྱ་རྒྱུ་དང་། ཀྲུང་གོའི་སྲིད་གཞུང་གི་ལངས་ཕྱོགས་ཁྱོན་ཡོངས་ནས་རྒྱས་བཤད་བྱེད་ཆེད་ཡིན། ཀྲུང་གོས་འདི་ལྟར་བྱས་པ་ནི་རང་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་བདག་དབང་སྲུང་སྐྱོབ་བྱེད་ཆེད་ཡིན་ལ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱེད་ཆེད་དང་གཞུང་དྲང་དང་དྲང་བདེན་སྲུང་སྐྱོབ་བྱེད་ཆེད་ཀྱང་ཡིན། ཀྲུང་གོའི་ཕྱོགས་ནས་དཀར་ནག་བདེན་རྫུན་རིག་པས་དཔྱད་རྒྱུ་དང་། བདེན་པ་ཡོད་མེད་གཟུར་གནས་ཀུན་གྱིས་རྟོགས་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་བརྗོད་འདུག



དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གངས་དོན་ལྡན སྤེལ་དུས:2017/8/14
ས་འཚམས་ཕྱོགས་གཉིས་ཀྱིས་གྲོས་མོལ་གྱིས་ཐགས་གཅོད་གནང་ན་ཤིན་ཏུ་དགེ་མཚན་ཆེ། རྗེས་སུ་ས་ཆ་སུས་ཡིན་གསལ་བོ་ཡིན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
12281920
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号