༄། ཁ་པར་གྱི་བེད་སྤྱོད་ལེགས་ཉེས་ལས་འཕྲོས་པའི་སེམས་གཏམ་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »༄། ཁ་པར་གྱི་བེད་སྤྱོད་ལེགས་ཉེས་ལས་འཕྲོས་པའི་སེམས་གཏམ་འགའ།
༄། ཁ་པར་གྱི་བེད་སྤྱོད་ལེགས་ཉེས་ལས་འཕྲོས་པའི་སེམས་གཏམ་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/8/18ལྟ་ཀློག (2678)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄། ཁ་པར་གྱི་བེད་སྤྱོད་ལེགས་ཉེས་ལས་འཕྲོས་པའི་སེམས་གཏམ་འགའ།

( ཐེ་བོ་དཀོན་སེང་།)

      (  ༡   )

        དེང་སྐབས་སེར་སྐྱ་ཕོ་མོ་སོགས་རྒན་གཞོན་བར་མ་སྟེ་འབྱོར་མིན་ཀུན་གྱིས་མིག་ཁ་པར་ལ་གཡེངས། རྣ་བས་སྐད་འཕྲིན་ལ་ཉན། མཛུབ་མོས་ཁ་པར་གནོན། ཁོམ་ལོང་ནམ་ཡོད་ཁ་པར་ལ་སྤྱོད་པ་འདི་ཕྱིའི་དུས་རབས་ཀྱི་འགྱུར་བ་ཞིག་དང་།  ནང་ཚན་རིག་གི་དར་སོ་ཞིག་གིས་ང་ཚོ་ཐུན་མོང་ལ་སྤྲད་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད།  དེར་བརྟེན་དུས་རབས་གང་ཞིག་གི་དགོས་མཁོ་ལས་བྱུང་བའི་ཐོན་རྫས་དག་དུས་རབས་དེའི་མི་བུ་རྣམས་ཀྱིིས་སྤྱོད་ཤེས་དགོས་ལ་དེ་མིན་དུས་རབས་དེ་དང་དེའི་འཁོར་འགྲོས་ཀྱིས་རང་རང་སོ་སོ་རྗེས་སུ་བསྐྱུར་ཏེ་རྗེས་ལུས་ཉག་གཅིག་ཏུ་འཐེབས་ངེས་ཡིན་པ་སྨོས་མེད་ཐོག་མི་ཚེ་འགྱོད་པ་རྐྱང་བའི་ངང་བསྐྱེལ་རྒྱུ་མིན་པའི་ངེས་པ་གཏན་ནས་མེད། 
         ཡིན་ན་ཡང་ང་ཚོ་མི་རིགས་དང་རྒྱལ་ཁབ།    ཤར་ཕྱོགས་དང་ནུབ་ཕྱོགས། ཆོས་ལུགས་དང་ཕོ་མོ་རྒན་གཞོན་སོགས་ཀྱིས་དབྱེ་བ་མེད་པར་སློབ་གཉེར་བ་ཞིག་ལ་མཚོན་ན་ཁ་པར་སྤྱོད་པའི་ལེགས་ཉེས་བརྟགས་ཏེ་རང་གི་མིི་ཚེའི་འདུན་མ་ལ་འོད་སྟོང་རྣམ་པར་འཕྲོ་བའི་ཕྱིར་དུ་ཁ་པར་བེད་སྤྱོད་ལོག་པར་མི་འགྲོ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ།  ང་ཚོ་སྟེ་མི་ཞིག་གི་མི་ཚེའི་ནང་ཆེས་རིན་ཐང་ལྡན་པ་ནི་སློབ་གཉེར་ལ་བརྩོན་པའི་དུས་སྐབས་དེ་རེད།  རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ལུས་ཀྱི་ཤ་ཁྲག་དར་བ་དང་། རྣ་བས་ཐོས་རྒྱ་བསྐྱེད་པ། སེམས་ཀྱི་གོ་རྟོགས་སྤེལ་བ་སུམ་འཛོམས་ཀྱིས་གོ་སྐབས་ཡག་ཤོས་དེ་ཡིན་པས་སོ།། 

         འདི་འདྲའི་གོ་སྐབས་རྙེད་པའི་མི་བུ་ཞིག་གིས་གོ་སྐབས་དེ་དང་དེ་དམ་འཛིན་མི་བྱེད་པར་ཁ་པར་གྱི་ཤེས་ཚན་ལས་དགོས་མེད་ཀྱི་ཤེས་བྱ་འཁྲིག་སྤྱོད་ཀྱི་བརྙན་རིས་དང་།  ངག་འཆལ་གྱི་སྐད་འཕྲིན།  ཆགས་སྲེད་ཀྱི་གླུ་གར། འདོད་རྔམ་གྱིས་ཁུག་དམར་སློང་བ། རྫུན་སྒྲིག་གི་གསར་འགྱུར་རམ་གནས་ཚུལ་སྤེལ་བ། གཞན་སྐྱོན་ཅི་ཤེས་བསྒྲགས་ཏེ་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། རང་གི་དགེ་མཚན་ཅུང་ཙམ་ཡང་བར་སྟོང་དུ་སྤེལ་ཏེ་གཞན་ལ་ངོམ་སོ་བྱེད་པ་སྟེ་འདི་འདྲའི་རིགས་ཁོ་ནར་གཡེངས་ན་ང་ཚོ་གྲྭ་བ་རྣམ་པར་དག་པ་ཞིག་མ་ཟད་མི་སྐྱ་ཕལ་བ་ཞིག་ཡིན་ཡང་ཁ་པར་གྱིས་མི་ཚེ་དོན་མེད་འཕྲོ་བརླག་ཏུ་འགྱུར་འགྲོ་བ་སེམས་ཐག་ཡིན་པས་འདི་འདྲའི་ཁ་པར་གྱི་ཤེས་མཚན་བེད་སྤྱོད་རྣམས་ཁ་པར་བེད་སྤྱོད་ལོག་པ་ཡིན་པར་དངོས་ཟིན་འཐོབ་རྒྱུ་གལ་ཧ་ཅང་ཆེ།

(  ༢   )

        དེ་མིན་ང་ཚོ་སེར་སྐྱ་སུ་ཞིག་ལ་མཚོན་ན་ཡང་ཁ་པར་སྤྱོད་ཤེས་ན་རང་གི་མི་ཚེ་ལ་ཁེ་ཕན་མི་ཉུང་བ་ཞིག་བསྐྲུན་ཐུབ་པ་ནི་མྱོང་བས་གྲུབ་སྟེ།  དཔེར་ན་ལེ་བར་ཁྲི་ཕྲག་གིས་བར་ཆོད་པའི་ས་གནས་གྱི་དོན་བྱ་དག་ཁ་པར་གྱི་ལམ་ནས་བསྒྲུབ་ཆོག་པ་དང་།  རྒྱང་རིང་གི་ཤ་ཉེ་འབྲེལ་གྱི་གནས་ཚུལ་སོགས་འཛམ་གླིང་ས་གནས་སོ་སོའི་གསར་འགྱུར་རྣམས་དུས་ཐུང་ངུའི་ནང་ཐོས་ཐུབ་པ། སློབ་གཉེར་བ་ཞིག་ལ་མཚོན་ན་ཆེས་མཁོ་བའི་ཕྱག་དཔེ་དཀོན་མོའི་རིགས་དག་ཕབ་ལེན་དང་བརྒྱུད་བསྐུར་གྱི་སྒོ་ནས་ཀློག་ཐུབ་པ། འགྲོགས་འདྲིས་དཀའ་བའི་ཆེས་རྒྱང་རིང་གི་མཁས་དབང་དུ་མའི་འཆད་ཁྲིད་ཉན་ཐུབ་པ།  རང་གི་འབད་འབངས་ཀྱི་གྲུབ་འབྲས་ལས་ཐོན་པའི་རྩོམ་རིགས་སྣ་ཚོགས་དྲ་ཚུགས་སོ་སོར་བཀོད་དེ་ཀློག་པ་པོ་མང་བོའི་སྤྱན་སྔར་བསྟར་ཐུབ་པ། སྐད་འཕྲིན་ཐོག་འདོད་མོས་ཀྱིས་ཚོགས་པ་བཙུགས་ཏེ་མཐོང་ཐོས་ཀྱི་མིག་རྒྱ་ཡངས་པའི་གྲོགས་མང་དང་རིག་གཞུང་བགྲོ་གླེང་སྣ་ཚོགས་སུ་མཉམ་ཞུགས་ཀྱིས་བློ་སྐྱེད་གང་མང་ལེན་ནུས་ལ།  དྲ་ཐོག་གི་འགྲན་རྩོད་སྣ་ཚོགས་ལ་ཞུགས་ཏེ་གྲུབ་འབྲས་ཀྱང་སྣ་ཚོགས་ལེན་ཆོག་པ་འདི་རིགས་ལ་བརྩོན་རྒྱུ་ཡིན་ན་ང་ཚོ་མི་སུ་ཞིག་ཡིན་ཡང་མི་ཚེ་ལ་སྙིང་བོ་ཞིག་ཁ་པར་གྱི་སྟེང་ནས་ཀྱང་ལེན་རྒྱུ་ཞིག་ཡོད་པར་མཐོང་ཐུབ་པོ།།
       དེས་ན་ཐོན་རྫས་ཀྱི་ཡོ་བྱད་གང་ཡིན་མིས་བེད་སྤྱོད་ལེགས་ཉེས་ཀྱིས་གཡག་བཙོོག་ཏུ་འགྱུར་བ་ལས་ཐོན་རྫས་ཁོ་རང་གི་ངོས་ནས་གཡག་པོ་དང་བཙོག་པའི་རང་བཞིན་གྲུབ་བསྡད་པ་ཞིག་སྦྱར་དུག་དང་མདའ་བོའུ་རྡུལ་ཕྲན་མཚོན་ཆའི་རིགས་ཙམ་ལས་མེད་པ་རེད།  བརྡ་འཕྲིན་གྱི་རྦ་རླབས་ཆེས་ཆེར་འཕྱུར་བའི་རྐྱེན་གྱིས་དུས་རབས་ཉེར་གཅིག་པ་འདི་ལ་བརྡ་འཕྲིན་དུས་རབས་ཞེས་འབོད་དགོས་ཐུག་མོད།  འོན་ཀྱང་དུས་རབས་འདིར་སྐྱེས་པའི་མི་བུ་དག་གིས་རང་གི་མི་ཚེའི་མདུན་ལམ་ཡོད་ཚད་དུས་རབས་འདིའི་ཐོན་རྫས་གསར་བས་བརླག་ཏུ་མི་འཇུག་པར་རང་རང་སོ་སོ་ཕན་བདེའི་ལམ་བཟང་དུ་ཁྲིད་པའི་མཐུན་རྐྱེན་ལ་བསྒྱུར་ཆེད་བརྩོན་རྒྱུ་ནི་འུ་ཚོ་སེར་སྐྱ་ཕོ་མོའི་དབྱེ་བ་མེད་པར་ཀུན་གྱི་ཕྲག་ཏུ་དབབ་པའི་འགན་འཁྲི་ཉག་གཅིག་ཏུ་སེམས་སོ།།

( ༣ )

        སྤྱིར་བཏང་ང་ཚོ་མི་ལྐུགས་པའམ་གླན་པ། ཤེས་པ་རང་བཞིན་དུ་མི་གནས་པའི་སྨྱོན་པ་ལྟ་བུ་ཞིག་ཡིན་ན་མ་གཏོགས་རང་གི་མི་ཚེའི་ཁེ་ཕན་ལ་མི་དགའ་མཁན་དང་ཉེན་ཁའམ་གྱོང་རྒུད་ལ་མི་བྱོལ་མཁན་ཞིག་ཕལ་ཆེར་ཡོད་ས་མ་རེད།  ཡིན་ན་འང་རང་རང་སོ་སོའི་གཟུགས་གཞི་ལ་བདེ་ཐང་ཡོད་མེད་དང་།  ཕུགས་བསམ་གྱི་འཆར་གཞི་ཡོད་མེད།  ལས་དང་བསོད་ནམས་གྱི་བགོ་སྐལ་ཡོད་མེད་བཅས་ཀྱི་ཐོག་ནས་ཁྱད་ཤོར་བའི་སྟབས་ཀྱིས་མི་ཚེའི་དཀའ་སྤྱད་ཀྱི་རྒྱུ་རིམ་དང་། གྲུབ་འབྲས་བདེ་སྡུག་གི་ཕན་ཁེ་སོགས་མི་འདྲ་བར་མྱོང་བཞིན་འགྲོ་དགོས་པ་ནི་ཆེས་རྒྱུན་ལྡན་ཞིག་ཡིན།
         མ་གཞི་འཇིག་རྟེན་འདིར་མི་ཚད་ལོན་པ་ཞིག་བྱེད་པ་ལ།  ཨང་དང་པོ་རང་གི་དབང་བོ་ཆ་ཚང་བའི་སྟེང་ནས་གཟུགས་གཞི་བདེ་ཐང་ཡིན་དགོས་པ་དང་། གཉིས་པ་རང་ལ་འཚམ་པའི་ལས་གཞི་ག་འདྲ་ཞིག་བརྩོན་རྒྱུའི་ཕུགས་བསམ་ཞིག་ཡོད་རྒྱུ།  གསུམ་པ་མི་ཚེའི་དམིགས་ཡུལ་དེའི་ཆེད་དུ་ལུས་སེམས་ཀྱི་སྦྱོང་བ་ཅི་ཞིག་དགོས་ནའང་དེའི་སླད་དུ་ལུས་སེམས་ཀྱི་དཀའ་སྡུག་གང་དགོས་འཁུར་ཐུབ་པའི་ཆོད་སེམས་བརྟན་པོ་ཞིག་ཡོད་རྒྱུ།  ཆོས་ལུགས་དང་གྲུབ་མཐའི་ཞེན་ཁོག་ལས་བརྒལ་བའི་གཞན་ལ་ཕན་འདོགས་ཀྱི་བསམ་པ་འདི་བཞི་ནི་མེད་ཐབས་མེད་པས་འདི་བཞི་ལས་གང་ཡང་རུང་བ་ཞིག་མ་ཚང་ཚེ་མི་ཚད་ལྡན་ཞིག་བྱ་འདོད་ནི་རྨང་མེད་པར་ཐོག་བརྩིག་འདོད་ལས་མ་འདས་སོ།།
        དེར་བརྟེན་བསླབ་བྱ་ནོར་གླིང་དུ་བགྲོད་པའི་ལམ་ཡིག་ལས།  མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས།། ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ།།འདོད་ཆུང་ཆོག་ཤེས་སྔོན་བྱོན་དམ་པ་རྣམས།།དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས།།འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང་།།ཞེས་གསུངས་པ་ལྟར། ང་ཚོ་སྟེ་གྲྭ་བཙུན་གྱི་རིགས་རྣམས་ཁྱིམ་པ་མི་ནག་པ་དག་དང་མི་འདྲ་བར་དེང་གི་འཕྲུལ་ཆས་ཀྱི་རིགས་ལ་བེད་སྤྱོད་ཚེ་འཕྲལ་ཕུགས་ཁེ་ཉེན་གང་ཆེའི་ཕྱོགས་ལ་བརྟགས་དཔྱད་ཅི་མང་མཛད་རྒྱུ་ལས་གང་འཇོན་འཇོན་གྱིས་སྤྱོད་ན་རང་གི་གཏན་གྱི་འདུན་མ་མི་བརླག་པའི་ངེས་པ་མེད་ཕྱིར་གནད་འདི་ལ་སློབ་གྲོགས་ཡོངས་ཀྱིས་གཟབ་ཐུབ་ན་ལེགས་ཞེས་ཨ་མདོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་གྲྭ་རིགས་དགེ་མིང་བ་ཐེ་བོ་དཀོན་སེང་དུ་འབོད་པས་ཁམས་མི་ཉག་མགར་ཐར་བྱམས་པ་གླིང་ནས་༢༠༡༧/༦/༢༦/ཕུལ་བ་དགེའོ།།   །། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཨ་སྨྱུག་གྲོལ་ནས། སྤེལ་དུས:2018/2/3
ཁ་པར་ནི་དངོས་ནས་རང་ཉིད་བསླུ་བའི་གཤེད་མ་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41359344
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1