ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱོགས་ཡོངས་ལ་ཁྱབ་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 5 ཚེས 27 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱོགས་ཡོངས་ལ་ཁྱབ་པ།
ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱོགས་ཡོངས་ལ་ཁྱབ་པ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/9/19ལྟ་ཀློག (1564)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཕྱོགས་ཡོངས་ལ་ཁྱབ་པ།

 ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་བཞི་པ་མིག་སྔར་མཇུག་སྒྲིལ་ཉེར་ཡོད་པ་དང་། ཉེས་ཆད་བཏང་བའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ལས་བརྒལ་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་རྒྱལ་ཡོངས་ལ་ཁྱབ་པ་དང་བསྟུན། ས་གནས་མང་པོས་ལྟ་སྐུལ་ཞིབ་བཤེར་གྱི་བཅོས་སྒྲིག་དེ་གོ་སྐབས་སུ་བརྩིས་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་ནུས་ཡུན་རིང་ཐོན་པའི་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།

 ལོ་གཅིག་གོང་གི་ནན་ཁྲང་རུའུ་ཙེ་ཐིང་སྤྱི་གླིང་དེ་གཤོང་ས་ཡིན་ལ་ཆུ་ལམ་དོག་པོ་ཡོད་པས། ཁོར་ཡུག་མཛེས་པོ་མེད་པའི་ཁར། ཆུའི་སྦག་གཙོག་ཚབས་ཆེ་བས་མཐའ་འཁོར་གྱི་ཡུལ་མིར་འགོག་རྐྱེན་མི་ཉུང་བ་བཟོས་ཡོད། ན་ནིང་ལོ་མཇུག་ཏུ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་ཁག་གཉིས་པས་ཅང་ཤིའི་ལ་ལྟ་ཞིབ་བསམ་འཆར་བཏོན་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་དག་དེ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་བཅོས་སྒྲིག་ལས་དོན་ནང་བཅུག་པ་རེད། ནན་ཁྲང་ཤིའི་ཧུའུ་ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ལས་དོན་པ་གྲེན་ཏུང་གིས། ལོ་མཇུག་ཏུ་དེ་གའི་རྣམ་པ་ཡོངས་སུ་བསྒྱུར་ཐུབ་རྒྱུ་རེད། མིག་སྔར་རུའུ་ཙེ་ཐིང་སྤྱི་གླིང་གི་གཙང་སེལ་ལས་དོན་མཇུག་སྒྲིལ་ཟིན་པ་དང་། ལམ་འོག་གི་ཆུ་འགྲོ་འདིང་བཞིན་ཡོད། གོམ་སྟབས་རྗེས་མར་རྒྱུག་ཆུ་རུའུ་ཙེ་ཐིང་སྤྱི་གླིང་ནང་དུ་འཁྲིད་ནས། ལོ་མཇུག་གོང་ལས་དོན་ཚང་མ་ལེགས་གྲུབ་ཐུབ་པ་བྱས་ཐོག་ཆུ་དང་ལམ་གཙང་མ་ཆགས་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

 མིག་སྔར་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་31ལ་ཁྱབ་པ་དང་། སྤྱི་ཟླ་9ཚེས་4ཉིན་བར་སླེབས་དུས། བདའ་འདེད་བཏང་བའི་མི་གྲངས་15519ཟིན་པ་དང་། ད་ལྟ་བྱེད་བཞིན་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་བཞི་པའི་ནང་ཉེས་ཆད་བཏང་བའི་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་ལས་བརྒལ་ཡོད། ཕྱོགས་གཅིག་ནས་ལྟ་སྐུལ་དང་ཕྱོགས་གཅིག་ནས་བཅོས་སྒྲིག་བྱེད་པ་དང་། དུས་བཀག་བཟོས་ནས་ཐག་གཅོད་བྱེད་པའི་བླང་བྱ་དེས། དུས་ཡུན་རིང་པོའི་ནང་ཁོར་ཡུག་སྦག་གཙོག་བཟོ་བའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

 ཧྲན་ཏུང་ཙེ་པོའོ་རུ། ཧྭ་ཕོང་ཤོག་བུ་བཟོ་ལས་ཀྱི་རླངས་དང་ཆུའི་སྦག་གཙོག་གནད་དོན་མངོན་གསལ་དོད་པོ་ཡོད་པས། ཐོན་སྐྱེད་མཚམས་འཇོག་དང་གནས་སྤོ་བྱེད་དགོས་པའི་བཀའ་བཏང་ཟིན་ཡོད། ཙེ་པོའོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲོའུ་ལན་ཧྭ་ཡིས་ལས་ཡུལ་དངོས་སུ་ཁེ་ལས་ཀྱི་འགན་འཁུར་བར་གོ་བསྐོན་བསླབ་བྱ་བྱེད་པའི་སེམས་ནང་གི་བཀའ་མོལ་དེས། ས་གནས་ཀྱིས་རིན་དོད་འཇལ་རྒྱུའི་ཆོད་སེམས་མངོན་པར་བྱས་ཡོད་པ་རེད།

 ཁོང་གིས། ཁྱེད་ཚོས་རིན་དོད་འདི་འདྲ་འཇལ་དོན་ནི་ལོ་ཤས་གོང་ཁྱེད་ཚོས་ཁོར་ཡུག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་བཟོས་ཡོད་པས། ངེས་པར་དུ་བསམ་བློའི་གྲ་སྒྲིག་གང་ལེགས་བྱེད་དགོས་པ་དང་དཀའ་སྡུག་ཆེན་པོ་མྱོང་དགོས། འོན་ཀྱང་ང་ཚོས་མ་བཟོས་ན། དཀའ་གནད་དེ་ལས་སྒྲོལ་མི་ཐུབ་པས། ནར་འགྱངས་བཏང་ནས་སེམས་ཐག་གཅོད་རྒྱུར་རེ་བ་བྱེད་མི་ཉན་ཞེས་གསུངས་པ་རེད།

 ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་མི་སྣ་ལིའི་ཀྲེ་ཙེང་གིས་སྔ་ཕྱིར་ཧེ་ལུང་ཅང་དང་། ལེའོ་ཉིང་། ཅི་ལིན་བཅས་ཞིང་ལྗོངས་གསུམ་ལ་ཐེངས་གསུམ་བསྐྱོད་པ་དང་། ཁོང་གི་ངོས་ནས་བརྗོད་ན། ཁེ་ལས་ལ་ལྟ་ཞིབ་བྱེད་པ་ནས་སྲིད་གཞུང་ལ་ལྟ་ཞིབ་བྱེད་པར་བསྒྱུར་དགོས་པ་དང་། གཙོ་བོའི་དམིགས་ས་ནི་ཁོར་ཡུག་སྲུང་སྐྱོབ་གནད་དོན་ཁོ་ན་ཙམ་མ་ཡིན་པར། ས་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅོས་སྒྲིག་ལྟ་བ་ལེགས་འགྱུར་བྱེད་དགོས་པ་དེ་ཡིན་པ་རེད།

 ཁོང་གིས། ང་ཚོའི་དེ་སྔོན་གྱི་ཞིབ་བཤེར་ནི་ས་ཚིགས་ནས་ས་ཚིགས་བར་གྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་པ་ཙམ་ཡིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བརྒྱུད་གཞི་ནས་ས་གནས་ཀྱིས་ཐོན་ལས་འགའ་ཤས་གནས་མི་རུང་བའི་ངོས་འཛིན་ཐུབ་པ་བྱེད་དགོས། ཞིང་ཆེན་དང་གྲོང་ཁྱེར་ནས་ངོས་འཛིན་ཐུབ་ཚེ། ཁོང་ཚོས་ངེས་པར་དུ་རང་རྟོགས་དང་རང་མོས་ངང་རྗེས་ལུས་དང་སྦག་གཙོག་གི་རྣམ་གྲངས་མེད་པ་བཟོ་ངེས་རེད་ཅེས་གསུངས་འདུག

 ས་གནས་ལ་སྤྲད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་དེ། ཡུད་ཙམ་གྱི་རླུང་འཚུབ་ལྟ་བུ་མི་ཡོང་བ་བཀག་འགོག་བྱེད་དགོས་པ་དང་དེ་བས་འགག་རྩར་གྱུར་པ་ཞིག་ནི། ངེས་པར་དུ་གོམ་གང་མདུན་སྤོས་ངང་ས་གནས་ཀྱིས་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་དང་། སྦག་གཙོག་མེད་པའི་གོང་འཕེལ་འདུ་ཤེས་དོན་འཁྱོལ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་ཏང་སྲིད་ནས་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་བླང་བྱ་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་དེ་ཡིན། མིག་སྔར། པེ་ཅིན་དང་ཀོང་ཏུང་། ཧྲན་ཤིའི་སོགས་ས་གནས་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གཞིར་བཟུང་། སྔ་རྗེས་སུ་ཞིང་ཆེན་རིམ་པའི་ལྟ་ཞིབ་བྱེད་འགོ་ཚུགས་པ་དང་། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱས་འབྲས་དེ་འགོ་ཁྲིད་ལས་བྱེད་པར་དཔྱད་དཔོགས་དང་། གོ་གནས་བསྐོ་འཐེན་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་རེད། ཀྲེ་ཅང་ཞིང་ཆེན་གྱིས་སྤྱི་ལོ་2020ལོར་སླེབས་དུས། ཞིང་ཆེན་དང་གྲོངཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྙན་ཞུའི་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐིག་ལེན་འཆར་འགོད་ལས་དོན་སྤེལ་འགོ་ཚུགས་ཡོད། རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལེའུ་གྲང་ཀེན་གྱིས། ཁོང་ཚོས་ཀྱང་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བཅའ་སྡོད་བྱེད་འཇུག་སྒྲིལ་རྗེས། ས་གནས་འགའ་རེའི་གནད་དོན་བསྐྱར་ལོག་བྱེད་སྲིད་པ་དང་། ས་གནས་འགའ་རེའི་བཅོས་སྒྲིག་བྱེད་ཤུགས་མི་འདང་བ། ས་གནས་འགའ་རེའི་སྤྱི་ཚོགས་ཀྱི་ལན་ཆ་བྱེད་ཤུགས་ཆེ་བ་བཅས་ཡོང་སྲིད་པས། ང་ཚོས་དུས་ཚོད་ངེས་མེད་ནང་ཆེད་དོན་ལྟ་ཞིབ་ཀྱིས་གནད་དོན་ཐག་གཅོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

 ལྷག་པས་བསྒྱུར།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
11471705
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号