ཁ་ལོ་པའི་བོད་སྐད་རྒྱུགས་ལེན་མ་ལག་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཁ་ལོ་པའི་བོད་སྐད་རྒྱུགས་ལེན་མ་ལག་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ།
ཁ་ལོ་པའི་བོད་སྐད་རྒྱུགས་ལེན་མ་ལག་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ།
རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས། སྤེལ་དུས། 2017/10/17ལྟ་ཀློག (6596)རྩོམ་ཁུངས: ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲྭ།པར་འདེབ།

ཁ་ལོ་པའི་བོད་སྐད་རྒྱུགས་ལེན་མ་ལག་ལ་མང་ཚོགས་ཀྱིས་དགའ་བསུ་ཐོབ།

      བོད་ཁུལ་དང་འབྲོག་ཁུལ་མང་ཚོགས་ཀྱིས་ཁ་ལོ་པའི་དཔང་ཡིག་གི་རྒྱུགས་ལེན་སྐབས་སྐད་རིགས་ཀྱི་དབང་གིས་གོ་བརྡ་མི་འཕྲོད་པའི་དཀའ་ཁག་ལ་དམིགས་ནས། ད་ལོ་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱིས་ཏང་ཨུའི་ཤུགས་ཆེན་པོས་རྒྱབ་སྐྱོར་འོག མཚོ་ནུབ་ཁུལ་འགྲིམ་འགྲུལ་རུ་ཁག་གི་རླངས་འཁོར་དོ་དམ་སུའོ་རུ་ཆེད་དུ་བོད་སྐད་ཀྱི་རྒྱུགས་ལེན་མ་ལག་བཙུགས་པ་དང་། མ་ལག་དེ་བཙུགས་རྗེས་བོད་ཁུལ་དང་འབྲོག་ཁུལ་མང་ཚོགས་ལ་སྟབས་བདེ་ཆེན་པོ་བཟོས་པར་མ་ཟད། དེ་ཡང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་འགུལ་གྱི་གྲས་སུ་སྤྱད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

      རླངས་འཁོར་དོ་དམ་སུའོ་ཡི་མི་དམངས་ཉེན་རྟོག་པས་སློབ་མར་ཁ་ལོ་པའི་དཔང་ཡིག་སྟེར་ཞོར། ཁོ་ཚོར་ངེས་པར་འགྲིམ་འགྲུལ་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་དང་བདེ་འཇགས་སྒོས་རླངས་འཁོར་བསྐོར་དགོས་པར་མ་ཟད། མཚོ་ནུབ་ཀྱི་བོད་སྐད་རྒྱུགས་ལེན་མ་ལག་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། བོད་རིགས་འབྲོག་པ་མང་བོར་སྔར་ལས་བོད་སྐད་རྒྱུགས་ལེན་མ་ལག་གི་སྟབས་བདེ་དང་དངོས་ཕན་ལོངས་སྤྱོད་དུ་འཇུག་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ་ད་རུང་ནུས་ཤུགས་ཡོད་རྒུ་བཏོན་ནས་རྒྱུགས་ལེན་པར་ཞབས་ཞུ་བྱེད་རྒྱུ་དང་། ནང་སྒོས་སུ་རྫོང་སོ་སོ་ནས་མཚོ་ནུབ་ཁུལ་རླངས་འཁོར་དོ་དམ་སུའོ་རུ་རྒྱུགས་ལེན་དུ་ཡོང་བའི་རྒྱུགས་ལེན་པ་དག་ལ་ལས་ཡུན་ཁ་སྣོན་སྒོས་ཞབས་ཞུ་བྱེད་རྒྱུའི་ཁས་བླངས།

      མིག་སྔའི་བར། མཚོ་ནུབ་ཁུལ་རླངས་འཁོར་དོ་དམ་སུའོ་རུ་བོད་སྐད་ཀྱིས་རྒྱུགས་བླངས་པའི་སློབ་མ100ལ་སླེབས་པ་དང་། མ་ལག་དེ་བཀོལ་བ་ནི་སྤྱི་བདེ་རླངས་འཁོར་ཁ་ལོ་པའི་དོ་དམ་བྱ་བ་བཅོས་བསྒྱུར་བྱེད་པའི་ཁྲོད་ཀྱི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཁ་ལོ་པའི་དཔང་ཡིག་ལེན་པའི་རྒྱུགས་ལ་ཞུགས་སྐབས་གཞུང་ལུགས་ཀྱི་རྒྱུགས་ལ་ཞུགས་པར་སྟབས་བདེ་བཟོས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། དེས་མི་རིགས་ས་ཁུལ་གྱི་རླངས་འཁོར་ཁ་ལོ་པའི་དོ་དམ་བྱ་བར་སྐུལ་འདེད་དང་། འབྲོག་པ་མང་ཚོགས་ཀྱི་རླངས་འཁོར་སྐོར་རྩལ་གསོ་སྦྱོང་ཇེ་དྲག་ཏུ་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་པས། མངའ་ཁོངས་ནང་ཁུལ་གྱི་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41130983
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1