མང་རའི་དགེ་འདུན་གྱི་དྲ་རྩོམ་ཐོར་བུ་འགའ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »མང་རའི་དགེ་འདུན་གྱི་དྲ་རྩོམ་ཐོར་བུ་འགའ།
མང་རའི་དགེ་འདུན་གྱི་དྲ་རྩོམ་ཐོར་བུ་འགའ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/10/17ལྟ་ཀློག (2332)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དྲ་རྩོམ་ཐོར་བུ་འགའ་རུག་རུག་བྱས་པ།

མང་རའི་དགེ་འདུན།

དཔེ་ཀློག་སྐབས་ཀྱི་སེམས་ཚོར།

      ངས་དཔེ་དེབ་སྣ་ཚོགས་ལ་ལྟ་ཀློག་བྱེད་ཀྱིན་པའི་སྐབས་སུ། ཡིད་ལ་དབང་མེད་དུ་ཤར་ཡོང་བའི་ལེགས་བཤད་ཅིག་ནི། དབྱིན་ཇིའི་སྙན་ངག་མཁན་ཞོ་ལེ་ཡིས། “དཔེ་དེབ་ཅི་ཙམ་ལྟ་ཀློག་བྱས་པ་དེ་ཙམ་གྱིས། ཁོག་པ་སྟོང་བ་ཡིན་པའི་ཚོར་སྣང་ཡོང”ཞེས་པ་དེའོ། །

ལས་དབང་དང་ལེ་ལོ་ཅན།

      ཕྱོགས་གཞན་ཞིག་ནས་བལྟས་ན། ལས་དབང་ནི་རང་མགོ་རང་གིས་གཡོག་པར་སྤྲོ་བའི་ལེ་ལོ་ཅན་དག་གི་ཁ་གཡར་ས་གཙོ་བོ་ཞིག་གོ །

མི་འགལ་བ་གཉིས།

    དོན་དམ་གྱི་རང་དབང་དང་དོན་མཐུན་གྱི་སྒྲིག་ཁྲིམས་གཉིས་མི་འགལ་ཏེ། དོན་དམ་གྱི་རང་དབང་ཡོད་པའི་ལུང་བ་རུ། དོན་མཐུན་གྱི་སྒྲིམས་བདོག་ལ། དོན་མཐུན་གྱི་སྒྲིག་ཁྲིམས་མེད་པའི་ཁོར་ཡུག་ཏུ། དོན་དམ་གྱི་རང་དབང་གིས་ཀྱང་སྟོང་ངོ་། །


ཤེས་དགོས་པ་གཉིས།

      རང་དབང་ཟེར་བ་ནི་གང་འདོད་བྱས་ཆོག་པའི་དོན་མིན་ལ། འདྲ་མཉམ་ཟེར་བའང་གུས་མེད་བྱས་ཆོག་པའི་དོན་མ་ཡིན་པའི་གནད་འདི་ཤེས་དགོས་པར་སྙམ།

ཤོར་སླ་བ་དང་ཐོབ་དཀའ་བ།

     ཆེས་ཤོར་སླ་བ་དེ་ནི། ཆེས་ཐོབ་དཀའ་བ་དེ་རེད།

ཆེས་ཆེ་བའི་སྐྱོན་ཆ།

      འོ་ཅག་གི་ཆེས་ཆེ་བའི་སྐྱོན་ཆ་ནི། ནོར་འཁྲུལ་ནོར་འཁྲུལ་དུ་ཁས་མི་ལེན་པའི་བྱ་སྤྱོད་དེ་རེད།

མི་དང་དུད་འགྲོ་གཉིས་ཀྱི་ཧེ་བག

      ང་ཚོར་བསམ་གཞིག་གི་ནུས་པ་དང་སྨྲ་བརྗོད་ཀྱི་ནུས་པ་ཡོད་པས། ད་གཟོད་དུད་འགྲོ་ལས་ལོགས་སུ་གྱེས་ཏེ་མཐོ་རིམ་སྲོག་ཆགས་ཀྱི་གྲལ་དུ་ཚུད་པ་རེད། དེའི་ཕྱིར་ན། མི་དང་དུད་འགྲོ་གཉིས་ཀྱི་ཧེ་བག་ཀྱང་། བསམ་གཞིག་གི་ནུས་པ་དང་སྨྲ་བརྗོད་ཀྱི་ནུས་པ་ཡོད་མེད་ཀྱི་སྟེང་ནས་འབྱེད་དགོས་པས་ན། རང་གིས་སྐད་ཆ་མི་བཤད་ཅིང་གཞན་ལའང་བཤད་དུ་མི་འཇུག་མཁན་དང་། རང་གིས་བསམ་གཞིག་མི་གཏོང་ཞིང་གཞན་ལའང་གཏོང་བའི་གོ་སྐབས་མི་སྟེར་མཁན་ནི་རང་གཞན་གཉིས་དུད་འགྲོ་རུ་གཏོང་བར་མོས་པའི་མི་ཞིག་ཡིན་པ་གོར་མ་ཆག་གོ །

གྲོགས་པོའི་ཤུགས་རྐྱེན།

      ཁྱོད་རང་དཔེ་ཆ་ཀློག་རྒྱུར་སྤྲོ་བའི་མི་ཞིག་ཡིན་ན། ཁྱོད་ཀྱིས་རང་གི་གྲོགས་པོ་ལ་དཔེ་ཆ་ཀློགས་ཤིག་ཅེས་མ་བསྐུལ་ཀྱང་། ཁོ་ཡང་རིམ་གྱིས་དཔེ་ཆ་ཀློག་རྒྱུར་དགའ་བའི་མི་ཞིག་ཏུ་འགྱུར་ངེས་ལ། ཁྱོད་རང་དཔེ་ཆ་ཀློག་རྒྱུར་མི་སྤྲོ་བའི་མི་ཞིག་ཡིན་ན། ཁྱོད་ཀྱིས་རང་གི་གྲོགས་པོ་ལ་དཔེ་ཆ་ཀློགས་ཤིག་ཅེས་ཁ་ན་བའི་བར་དུ་བསྐུལ་ཀྱང་ཕན་པ་མེད་དོ། །

མི་རིགས་ཀྱི་སྤྱི་དོན།

      མི་རིགས་ཀྱི་སྤྱི་དོན་ཟེར་བའང་མཐར་དེད་ན། མི་རེ་རེས་རང་རང་ས་ནས་འགན་འཁྲི་རེ་དང་དུ་བླངས་ཏེ། མི་རང་ཉིད་རིག་གནས་གང་ལ་མོས་ན། དེ་ལ་ཧུར་ཐག་གིས་སྦྱངས་ནས་རང་དོན་གྲུབ་སོང་ན། མི་རིགས་ཀྱི་སྤྱི་དོན་ཟེར་བའང་བསྒྲུབས་སོང་བ་རེད་མོད། འོན་ཀྱང་ལ་ཤས་ཀྱིས། སྐྱེས་བུ་སྒེར་རེ་རེས་རང་ཉིད་ཀྱི་དགའ་ཕྱོགས་དང་། མོས་ཡུལ་རྩ་བར་བྱས་ཏེ་སྒྲུབ་བཞིན་པའི་བྱེ་བྲག་གི་ལས་ཀ་དེ་ནི། མི་རིགས་ཀྱི་སྤྱི་དོན་དང་འབྲེལ་བ་མི་འདུག་སྙམ་པ་ནི་ནོར་བ་མིན་ནམ་སྙམ།

ཅི་ཞིག་ལ་སྨྲ་བརྗོད་རང་དབང་ཟེར།

  ལར་སྨྲ་བརྗོད་རང་དབང་ཞེས་པ་ནི་སྨྲ་རིགས་པ་ཐམས་ཅད་སྨྲས་ཆོག་པའི་དོན་ཡིན་གྱི། སྨྲ་འདོད་པ་ཐམས་ཅད་སྨྲས་ཆོག་པའི་དོན་ནི་ལར་ནས་མ་ཡིན་མོད། འོན་ཏང་ང་རང་ཚོའི་ཁོར་ཡུག་གི་སྨྲ་བརྗོད་རང་དབང་གི་གོ་དོན་ལ་རྨོངས་པའི་རྐང་གཉིས་པ་དག་གིས། དུས་དང་རྣམ་པ་ཀུན་ཏུ་སྨྲ་བརྗོད་རང་དབང་ཁ་ལ་ཐོགས་ཏེ། རང་དང་འབྲེལ་བ་ཡོད་མེད་ཀྱི་མི་མང་བོ་ཞིག་ལ་བྱུང་རྒྱལ་དུ་འཚང་འབྲུ་བྱེད་ཀྱིན། “སྨྲ་བརྗོད་རང་དབང་ཡིན་ནོ”ཞེས་སྒྲོག་པར་བྱེད་མོད། དོན་དངོས་ཐོག་མི་འདི་ཚོས་ནི་སྨྲ་བརྗོད་རང་དབང་གི་མཛེས་པ་ལ་རྡོག་བརྫིས་བྱེད་ཀྱི་ཡོད་པ་རེད།

དུས་ཚོད་དང་ཚེ་སྲོག

      དུས་ཚོད་ནི་ཚེ་སྲོག་གི་རྟེན་གཞི་ཡིན་པས། དུས་ཚོད་ལ་གཅེས་སྤྲས་མི་བྱེད་པ་ནི། དོན་ལ་ཚེ་སྲོག་ལ་གཅེས་སྤྲས་མ་བྱས་པ་ཡིན་ནོ། །

འཆི་བ་ནི་ཅི་ཞིག་རེད་དམ།

      འཆི་བ་ནི། དང་ཐོག་དྲི་བ་ཞིག བར་དུ་སྐུལ་ལྕག་ཅིག ཐ་མར་འཛུལ་སྒོ་ཞིག་གོ ། 

ཕྱི་ལོ2017.09.05ཉིན་ཕྱོགས་བསྡུས་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41322235
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1