རྨི་ལམ་ཚིག་རོ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »རྨི་ལམ་ཚིག་རོ།
རྨི་ལམ་ཚིག་རོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/10/18ལྟ་ཀློག (1943)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྨི་ལམ་ཚིག་རོ།

ཀླུ་ཆབ་སྔོན་མོ།

བྱེ་མའི་རྡུལ་གྱིས་མ་གོས་མཆོད་པའི་ལྷ།།

གཡའ་དག་མེ་ལོང་ངོས་སུ་བཞུཊ་པ་ན།།
ལུས་ཀྱི་ལྷུ་ཚིཊ་འཐོར་བའི་སིལ་སྒྲ་ཡིས།།
སྲོད་ཀྱི་མེ་ཏོག་དྲན་འཆར་ངོས་སུ་བཀོད།།

སྒེའུ་ཡོལ་རླུང་གིས་ཟོས་པའི་མཚན་མོ་དེ།།
མཐོང་བའི་ལག་ཡིག་བོར་བའི་རྨི་ལམ་ཞིག།
ཐང་ཤིང་སྐྱ་བོའི་རྩེ་ནས་རྨིས་པ་ན།།
སྐར་བའི་བྲོ་རའི་དཀྱིལ་དུ་ཟླ་བ་ལྷུང་།།

མེ་ཏོག་བསླས་མ་གྱོན་པའི་ཕྱེ་མ་ལེབ།།
ལམ་འགྲམ་གློག་འོད་ངོས་སུ་འཚུབ་པ་ན།།
བད་དཀར་སྣེ་ནས་ལྷུང་བའི་ཆུ་ཐིགས་ཀྱིས།།
སེམས་ཀྱི་ཚོར་འདུ་བརླན་པ་ཐེངས་གཅིག་མིན།།

མེ་ཏོག་སད་པས་གཙཊ་པའི་ན་ཟུག་གིས།།
ཀོ་གྲུ་རློན་པའི་ནང་དུ་སྙན་ངག་བྲིས།།
གཙང་བོ་ཡར་ལ་བཞུད་པའི་ཤག་སྒྲ་ཡིས།།
བྲིས་པ་སྙན་ངག་གྱེར་དུས་སྐྱོ་བ་སངས།།

སྤྲིན་པ་རླུང་གིས་གསེད་དེ་ཕྱོཊ་ཀུན་འཐོར།།
ང་ཡི་འཁྲིས་སུ་ལྷུང་པའི་སྤྲིན་པ་གན།།
ཟླ་བ་ལྷ་མོའི་བཞིན་རས་ཡིན་གྱུར་ན།།
སྐར་མ་སྨིན་བདུན་འདི་འང་ཁྱོད་པ་སྤྲད།།

རྡོ་བ་འཁྱག་པའི་ཐོག་ཏུ་སྐོས་པའི་གཟུཊ།།
ལས་དང་སྨོན་ལམ་ཞིག་གིས་འཕྲད་པ་སྟེ།།
སེམས་ཀྱི་མུ་ཏིག་དཀར་པོ་མ་ཡིན་ནམ།།
ཡང་ན་ལུས་ཀྱི་དོ་ཤལ་མིན་ན་ཅི།།

སྡུག་པའི་མེ་ཏོག

__སྡུག་པའི་མེ་ཏོག་སྙིང་གི་བྱམས་པ།

སྒེའུ་ཁུང་སྨག་གིས་ཟིན་དུས་རྨི་ལམ་དྲན།།
རྨི་ལམ་དྲན་དོན་ཁྱོད་ཀྱིས་ཨེ་ཚོར་གི།
རྨི་ལམ་ནང་ནས་ཁྱོད་ཀྱི་ཞལ་རས་མཐོང་།།
དེ་བས་རྨི་ལམ་བདག་ལ་ཧ་ཅང་དྲན།།

དགོང་ཁའི་ས་སྲོད་གྱོན་ནས་རྨི་ལམ་ཉུལ།།
མཚན་མོའི་སྐར་འོད་ངོས་ནས་རྨི་ལམ་བཙལ།།
གཙང་བོ་ཡར་ལ་བཞུར་བའི་ཁུག་མགོ་ནས།།
དྲན་པའི་རྨི་ལམ་རྙེད་ན་ཨེ་མ་ཧོ།།

མཚམས་སྤྲིན་དམར་པོའི་པང་མིག་ཟུང་དེ།།
རྒྱང་རིང་གངས་ཀྱི་རི་བོའི་རྩེ་མོར་འཐེན།།
ཉིན་ཞག་དུ་མར་བཙལ་བའི་རྨི་ལམ་དེ།།
གངས་ཀྱི་མདངས་ནས་རྙེད་ན་དགའ་བ་ལ།།

སྡུག་པའི་མེ་ཏོག་རྨི་ལམ་ནང་དུ་ཡོད།།
རྨི་ལམ་སྡུག་པའི་མེ་ཏོག་འཁྲུངས་ས་ཡིན།།
རྨི་ལམ་མེད་པའི་མཚན་མོ་རེ་རེ་ལ།།
སྡུག་པའི་མེ་ཏོག་དྲན་པའི་མིག་ཆུ་ཤོར།།

རྨི་ལམ་ཉིན་དང་མཚན་ལ་ཡོད་གྱུར་ན།།
མིག་གི་མཐའ་ནས་མེ་ཏོག་བོར་བ་མེད།།
དེ་བས་རྨི་ལམ་སེམས་ཀྱི་གུར་ཁང་དེ།།
སྡུག་པའི་མེ་ཏོག་ནག་པོའི་གཞིས་ཁྱིམ་ཡིན།།

ལེན་རེར་སྡུག་པའི་མེ་ཏོག་རྡོ་ཐོག་བཞད།།
མཚམས་རེར་སྡུག་པའི་མེ་ཏོག་ཆུ་ནང་སྐྱེས།།
འོན་ཀྱང་ཕལ་ཆེར་སྡུག་པའི་མེ་ཏོག་ནག་པོ།།
རྨི་ལམ་དྲོད་མོའི་ནང་ནས་ཡལ་བ་མེད།།

ཆུ་དང་ཆར་པས་སྡུག་པའི་མེ་ཏོག་བརླན།།
སྨུག་དང་སྤྲིན་པས་སྡུག་པའི་མེ་ཏོག་གཡོགས།།
འོན་ཀྱང་སྡུག་པའི་མེ་ཏོག་དམར་པོ་དེ།།
སེམས་ཀྱི་རྨི་ལམ་ནང་དུ་ལྷང་ངེར་ཡོད།།

སྡུག་པའི་མེ་ཏོག་ཟིལ་བ་ཆགས་ས་སྟེ།།
ཟིལ་བ་སྡུག་པའི་མེ་ཏོག་འཐུ་མཁན་ནོ།།
གཉིད་དང་རྨི་ལམ་བར་ནས་མེ་ཏོག་ཁྱོད།།
ག་ལེར་སེམས་ཀྱི་གསེང་ན་ལྷུང་དུ་མཛེས།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74wa བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41330042
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1