ཟླ་དགུ་བའི་ནང་གི་བརྩེ་གཞས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཟླ་དགུ་བའི་ནང་གི་བརྩེ་གཞས།
ཟླ་དགུ་བའི་ནང་གི་བརྩེ་གཞས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/11/7ལྟ་ཀློག (2618)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ ཟླ་དགུ་བའི་ནང་གི་བརྩེ་གཞས།


མིག་གསར་བ། (བླ་རུང་།)


ས་མ་རུབ་གོང་ན་བརྩེ་གཞས་ཤིག།
ཁྱོད་ཟེར་བ་ཞིག་ལ་ལེན་འདང་ཡོད།།
གཞས་དང་པོ་གཙང་བོའི་འགྲམ་ན་ཡོད།།
ཆུ་གཙང་བོ་ཕྱི་ནང་ཀུན་གསལ་ཡིན།།
ཟླ་འདི་ཡི་དགའ་རོགས་སྐྱོ་རོགས་ཏེ།།
ཁྱོད་ཟེར་བ་ཞིག་དང་ས་སྲོད་རྫོགས།།



སེམས་ཟེར་བ་ཤིང་ཏོག་དམར་པོ་ཞིག།
ཁྱོད་ཟེར་བ་ཞིག་ལ་འབུལ་འདང་ཡོད།།
དབྱར་ཟེར་བ་སྐྱིད་ཀྱི་ར་བ་ཞིག།
སེམས་བརྩེ་གཞས་འཐེན་ཞོར་མཉམ་དུ་འགྲོ།།
ལས་ཟེར་བ་མྱི་རྒན་བསམ་ནག་ཅིག།
འཐབ་དགོས་ཀྱང་ང་ཡང་བྱིས་པ་ཡིན།།



ཁྱོད་དྲན་ནས་ས་སྲོད་མང་པོ་བརྒལ།།
ཟླ་དགུ་བའི་ནང་གི་ལྭ་རིང་མ།།
དགུན་མགོ་མའི་ཁ་བ་དཀར་པོ་ལ།།
ངས་བསྒུག་ཡོད་ཅེས་ནས་བཤད་རོགས་ཞུ།།
ཁྱོད་དྲན་རབས་བཤད་ན་རྫོགས་འདང་མེད།།
དགུན་མགོ་མ་བསླེབ་དུས་བརྩེ་གཞས་ཉོན།།
2017-9-8མཚན་མོར་བྲིས།
སེམས་ཀྱི་ལོ་ཟླ།


སེམས་ཀྱི་ངལ་དུབ་ལོ་ཟླའི་གསེང་ན་ལྷག།
དབུགས་རིང་འཕེན་རྗེས་ད་དུང་དབུགས་རིང་ཡིན།།
འཇིག་རྟེན་ཁྱད་མཚར་སྣ་ཚོགས་ཡོད་ཡོད་དེ།།
སེམས་ཀྱི་ལོ་ཟླའི་ནང་དུ་ལུང་བསྟན་ནོ།།


ཆར་བ་ཆིལ་ཆིལ་བབས་པའི་ལམ་ཁ་དང་།།
ལམ་གྱི་སྲང་མདོ་དེ་དག་ངུ་བཞིན་འདུག།
དཔྱིད་ཀ་ཡག་པོ་ཚེས་སའི་རི་གྲོང་དང་།།
མཛེས་པ་ཤིན་ཏུ་ཆེ་བའི་ཉི་འོད་སྨྲེང་།།


ངག་ནས་ལན་བརྒྱར་འབོད་སའི་བུ་མོ་ལགས།།
ད་ཆའི་སེམས་པ་ཤིན་ཏུ་སྨྲེང་སོང་ངོ་།།
ཞོགས་པ་དེ་དག་རི་གྲོང་དག་ལས་བརྒལ།།
མཚན་མོ་དག་ཀྱང་ཤིན་ཏུ་སྨྲེང་ནས་བུད།།


ད་ཆ་མཐོང་བ་མང་བའི་ཨ་ཅག་ལགས།།
མིག་གིས་ལན་བརྒྱར་མཐོང་ཡང་དེ་ཙམ་མོ།།
རྒྱང་ཐག་རིང་བའི་མི་དེ་མཐོང་ཙ་ན།།
སེམས་པ་དཔྱིད་ཀ་ཚེས་སྣང་རབ་ཏུ་ཆེ།།

༢༠༡༧.༡༠.༢༣ཞོགས་པར་བྲིས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41363105
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1