ཞོགས་འབོད་ཀྱི་སྙན་ངག་བཏུས་རྩོམ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 8 ཚེས 26 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཞོགས་འབོད་ཀྱི་སྙན་ངག་བཏུས་རྩོམ།
ཞོགས་འབོད་ཀྱི་སྙན་ངག་བཏུས་རྩོམ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/11/24ལྟ་ཀློག (1189)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཞོགས་འབོད། ཁྲི་འདུ།
ཆར་བ།

རླུང་ཆ་ཕྲ་མོ་ཞིག་གིས། །
འཇག་མར་འགྲམ་ལྕག་གཞུས་སོང་། །
འཇམ་ཆར་ཟིམ་ཟིམ་བབས་པས། །
ང་དང་ལྕང་ལོ་བརྟས་སོང་། །

ཟླ་དང་ཟླ་ཡི་གསེང་ནས། །
མིག་གིས་ཁྱེད་ལ་ཅེར་མྱོང་། །
བསིལ་རླུང་ཤུར་ཤུར་ལྡང་ཚེ། །
དྲན་པའི་ན་ཟུག་བདོ་སོང་། །

ཁྱེད་ལ་འཁྲེང་བའི་ཚོར་བ། །
སུན་སྣང་ཀློང་ནས་མ་རྒུད། །
དེ་རིང་རྫ་ཆུའི་གུད་ནས། །
ཁྱེད་ལ་རླུང་འཕྲིན་བསྐུར་ཡོད། །

ཆར་རྡུལ་དྲོད་ཐིགས་མོད་པོས། །
བདེ་བའི་སྣང་བ་ཕུལ་བྱུང་། །
གཞོན་པའི་ཚོར་བ་རྣོན་པོས། །
སེམས་ལ་ཚོན་གྱིས་བྲིས་སོ། །

ཆར་བ་རླུང་གིས་བསྙིལ་བྱུང་། །
སེམས་ལ་དགའ་འཛུམ་སླེབས་པས། །
མ་མོས་འཕེལ་བྱེད་ཅིག་གིས། །
ཕུལ་བའི་ཡིག་འབྲུ་རིང་མོ། །

ཞེས་བྱང་སྡེ་ཉི་མ་རྫ་ཆུ་ཁ་ནས་བྲིས་སོ། །

རྨི་ལམ་འཁྲུག་པ།


རྨི་ལམ་འདབ་བརྒྱར་འཁྲུག་པའི་མཚན་གཞུང་དེར། །
མེ་ཏོག་སྐྱ་ཡ་ཞིག་གིས་མགྲོན་དུ་བསུས། །
འབྲུ་ཡི་བསྙལ་བའི་ལྷ་མིན་ཉིང་ཁུ་དེས། །
རྨི་ལམ་མཐུག་པོར་འཁྲུག་པའི་རྒྱུ་ཞིག་བཏབ། །

སྒྱུ་མའི་རོལ་དབྱངས་ཤིག་ལ་དུང་སེམས་ཆགས། །
སེམས་ལ་མཛེས་པའི་སྨུག་སྤྲིན་སྒོ་རུ་སླེབས། །
ནམ་མཁའི་རྣ་བའི་འཛུམ་ཆུང་ཕྱི་རུ་མངོན། །
མི་རྟག་མུན་པས་སེམས་ཀྱི་རྒྱབ་ལྗོངས་བྱས། །

ཡ་གིའི་ས་འཛིན་དཀར་པོར་བརྗིད་ཉམས་དོད། །
ཕ་གའི་གསེར་གྱི་རྒྱ་ཕིབས་འོད་མདངས་འཕྲོ། །
འཇིག་རྟེན་ལང་ཚོ་ངོམ་པའི་དུས་སྐབས་དེར། །
ང་ཡང་ན་གཞོན་གསར་བ་ཡིན་སྣང་སྐྱེས། །

ལྷིང་འཇགས་སྲིད་པ་ཆུང་བའི་བར་ཁམས་ན། །
ཚངས་སྲས་ལྷ་མོས་དྲ་མའི་ཕྱི་ལོགས་ནས། །
གྲེ་འགྱུར་ངག་གི་དབྱངས་རྟ་སྦོམ་དྲག་པས། །
ང་ཡི་རྨི་ལམ་ཡོད་ཚད་དཀྲོགས་ནས་སོང་། །

རྨི་ལམ་འཁྲུག་པའི་མཚན་མོ་དེ་ག་ནས། །
ང་ཡི་རྨི་ལམ་ཕྱེད་ཀ་སེམས་ན་ལུས། །
སེམས་པའི་ཉིན་སྲིབ་ག་ལེར་བལྟས་ཙ་ན། །
ཡོལ་བ་རབ་རིབ་སྔོན་པོས་བསྒྲིབས་པ་འདྲ། །

ཚོར་བའི་ཁུགས་སོར་ཆགས་པའི་རི་མོ་ཞིག །
སྙུག་ཁ་བཏོད་ནས་ལྡེབས་རིས་ངོ་ལ་བཏབ། །
ཚོར་བའི་མཛེས་ཆ་ངོམ་པའི་སྟེགས་བུ་ཞིག །

འདི་ནི་འཁོར་བའི་རི་གྲོང་གཅིག་པུ་ཡིན། །

2016/3/25  ཉིན་སེར་ཤུལ་ནས།

བར་དོ་གློ་བུར་བ།

ཚོར་བའི་ཁ་དོག་ཁྲག་གིས་བརླན་པའི། །
སྤུན་ཟླ་གཤེགས་པའི་དུས་ཚིགས་དམར་པོ། །
བེམ་རོ་ཁེངས་པའི་དུར་ས་ཐེད་པོ། །
གསལ་ལེར་ཡིད་ལ་སྦྲུམ་པའི་སྐྱེ་དགུ། །

འོད་མདངས་འཚེར་བའི་སྐྱེ་རྒུ་གྲོང་ཁྱེར། །
ས་ཆེན་གོ་ལའི་དངངས་འདར་ཞིག་གིས། །
རྣམ་ཤེས་ཚོགས་དྲུག་སྲིད་ལས་བརྒལ་བའི། །
སོང་ཤུལ་མེད་པའི་དུར་ས་སྐྱ་བོ། །

བཞི་གཅིག་བཞི་ཡི་ཉིན་མོ་དེ་ལ། །
དངན་པ་བཞིབས་སོང་ངུ་ངག་འཐེན་སོང་། །
ཐལ་རྡུལ་དག་ལས་རྣམ་ཤེས་དབེན་སོང་། །
རྡུལ་གྱིས་འཁྲུགས་པའི་སྐྱེ་རྒུ་རལ་པོ། །

མཐོ་བ་གནམ་སའི་ཧྲག་བར་དེ་རུ། །
ན་ཟུག་གདུང་འབོད་ཤེད་ཀྱིས་འཐེན་པའི། །
ཤུལ་དུ་ལུས་པའི་མི་ཚོགས་འུ་ཅག །
མཉམ་དུ་འཚོལ་ནས་མཉམ་དུ་འཆི་དགོས། །

ལས་དབང་སྐྱ་བོ་བཙན་ཤེད་ཆེ་སོང་། །
ཕུ་ནུའི་རྡོག་སྒྲ་ཡུན་གྱིས་ལྷུང་སོང་། །
ང་ཡིས་བཏེགས་པའི་སྣང་གསལ་མར་མེ། །
ཁྱེད་ཚོའི་གམ་ལ་དྲོད་ཁོལ་དེ་ཡིན། །

མཛེས་ཆ་མ་དོད་སྙན་པ་མེད་པའི། །
དུས་དྲན་འདི་ནི་སེམས་ཀྱིས་བཏེགས་ཡོད། །

ཚོར་བའི་གསེང་ན་བརྩེ་བས་བརྒྱུས་པའི།།

འདས་པོ་ཡོད་ཚད་སྨོན་པས་སྐྱོར་ཡོད། །

༤.༡༤ཉིན་ལ་རང་ཤག་དཔེ་མང་བརྩེགས་པའི་དགའ་ཚལ་ནས

རི་སུལ་གྱི་གདུང་དབྱངས།

ཙོང་ཁའི་ཡུལ་གྱི་འོད་ཀྱི་མི་ཕོ་ཆེ།།
ནང་བའི་རིག་གཞུང་མཐའ་དག་ཆེད་མཁས་པ།།
རི་བོ་དགེ་ལུགས་པ་ཡི་སྲོལ་གཏོད་མཁན།།
སྐྱེས་ཆེན་བློ་བཟང་གྲགས་པར་གུས་ཕྱག་འཚལ།།

རྨད་བྱུང་མཁས་པའི་གསུང་གི་བདུད་རྩི་སྟེ།།
གཞུང་ཆེན་རོ་བརྒྱའི་གདངས་ངག་ཟབ་མོ་རྣམས།།
གཙུག་ཏུ་བཀུར་ཞིང་བསྟེན་པའི་དུས་རྙེད་པ།།
ཨེ་མ་སྔོན་བསགས་འབྲས་བུ་ཅི་ལ་མིན།།

རབ་མཛེས་མཚན་དཔེའི་སྟོང་གིས་བསྐྲུན་པའི་སྐུ།།
མ་ལུས་རྒྱལ་བ་ཀུན་འདུས་ངོ་བོ་ཉིད།།
སྣང་སྟོང་ཟུང་འཇུག་སྒྱུ་མའི་གར་སྟབས་པ།།
སྐྱེས་ཆེན་བློ་བཟང་གྲགས་པ་དྲན་པས་གདུང་།།

འཇམ་དཔལ་དབྱངས་ཀྱི་ཐུགས་ཀྱི་སྤྲུལ་བ་ཆེ།།
ཁམས་གསུམ་ཟིལ་གནོན་ཤེས་རབ་རྗེ་བོ་སྟེ།།
མུན་པའི་ས་ཆེན་གཡོ་བའི་མཐུ་རྩལ་ཅན།།
ནམ་ཀུན་དད་པའི་ཀློང་གི་ཙོང་ཁ་པ།།

ཉི་འོད་དབེན་པའི་ནང་གི་ཉི་ཐིག་ཅིག།
མུན་པའི་གྲིབ་ཆེན་ངོས་ཀྱི་ཟླ་བ་ཞིག།
དུས་མཚམས་ཤིག་གི་རྣལ་འབྱོར་ཁེར་འདུག་པ།།
ཨ་མདོ་རྒྱལ་སྲས་ཆེན་མོ་ཕྱག་གི་གནས།།

རྗེས་སུ་དྲན་པ་དམ་པའི་གསང་རྣམ་ནི།།
མིག་ཆུའི་མཚོ་མོ་ཞིག་དང་ན་བུན་ཞིག།
ལེགས་བཤད་གསེར་གྱི་ཐུར་མ་རབ་བྱེད་རེ།།
མཇལ་ཚེ་ཁྱེད་ནི་ཁ་བའི་ལོ་རྒྱུས་ཤིག།

ཁྱད་འཕགས་གསུང་གི་ང་རོའི་ནང་བཅུད་ལ།།
ཆགས་སྡང་རྨོངས་པའི་མུན་པ་རབ་སྤངས་ཤིང་།།
བདེན་པའི་མིག་དང་གཟུར་བུར་བློ་ཡིས་དཔྱོད།།

མ་བརྟག་མ་དཔྱད་ཡིད་ཆེས་ཅི་ལ་བྱེད།།

     བོད་རབ་བྱུང་བཅུ་བདུན་པའི་བསྐལ་བ་མེ་སྤྲེལ་ལོའི་བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་རྗེས་སུ་དྲན་པས་མཆོད་ཡོན་གྱི་མེ་ཏོག་འགའི་དོད་དུ་ཞོགས་འབོད་དམ་པདྨ་འོད་ཟེར་གྱིས་བྲིས་སོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
14902706
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号