རང་གི་ཕྲུ་གུ་ལ་སློབ་གསོ་གཏོང་རྒྱུ་ནི་ཁྱེད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »རང་གི་ཕྲུ་གུ་ལ་སློབ་གསོ་གཏོང་རྒྱུ་ནི་ཁྱེད་ཀྱི་བྱ་བ་གལ་ཆེན་ཞི
རང་གི་ཕྲུ་གུ་ལ་སློབ་གསོ་གཏོང་རྒྱུ་ནི་ཁྱེད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/11/30ལྟ་ཀློག (2590)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རང་གི་ཕྲུ་གུ་ལ་སློབ་གསོ་གཏོང་རྒྱུ་ནི་ཁྱེད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན།


སྒྱུར་མཁན། གདོང་རིགས།


     ད་སྐབས།  ཁྱིམ་ཚང་ཕལ་ཆེ་བ་ནི་ལས་ཀ་ལ་བྲེལ་འཚུབ་ཆེ་སྟབས་རང་གི་ཕྲུ་གུ་ཡང་སློབ་གྲྭ་དང་དགེ་རྒན་གམ་དུ་བསྐྱལ་རྗེས།  ཁ་ཡ་བྱེད་ཀྱིན་མེད། མ་ཟད་ཕྲུ་གུ་བཟང་ངན་ཡང་དགེ་རྒན་ལ་ཐུག་ཡོད་ཅེས་ཟེར་མོད།  དེ་འདྲའི་ལྟ་བར་ནོར་འཁྲུལ་ལྡན་པ་ནི་གསལ་ཐག་ཆོད་པ་ཞིག་རེད།  སློབ་གྲྭ་དང་དགེ་རྒན་ཇི་ལྟར་བཟང་ཡང་། ཕྲུ་གུའི་སེམས་ནང་གི་ཕ་མའི་གོ་གནས་ཀྱི་ཚབ་ནམ་ཡང་བྱེད་ཐུབ་ཀྱི་མེད། རང་གི་ཕྲུ་གུ་ལ་སློབ་གསོ་གཏོང་རྒྱུ་ནི་དགེ་རྒན་ཁོ་ན་མ་ཡིན་པར་ཕ་མ་གཉིས་ལ་དེ་བས་ཀྱང་མི་ཚེ་གང་བོར་འགན་འཁྲི་ལྕི་མོ་ཡོད་པ་རེད།

     དགེ་རྒན་གྱིས་ཁྱེད་ཀྱི་ཕྲུ་གུའི་སྤྱོད་བཟང་ལ་ཁག་ཐེག་བྱེད་མི་ཐུབ།
མི་སྒེར་བའི་ངོས་ནས་རྒྱུགས་འབྲས་བཟང་ངན་མི་དགར་བར་གཙོ་བོ་ཀུན་སྤྱོད་གཙིགས་སུ་བཟུང་བ་རེད། མཛེས་སྡུག་གི་ཀུན་སྤྱོད་ཀྱིས་ནུས་ཤུགས་ཁ་བསབ་བྱ་ཐུབ། འོན་ཀྱང་། ཕྲུ་གུའི་ཀུན་སྤྱོད་ཚད་རིམ་མཐོ་མིན། ཁྱེད་ཀྱི་སློབ་གསོ་ལ་རག་ལས། དགེ་རྒན་ནི་དོགས་སེལ་བྱེད་མཁན་ཞིག་ཡིན། ཁྱིམ་བདག་ནི་ཕྲུ་གུའི་མི་ཚེ་ལ་ཤུགས་རྐྱེན་འཇོག་མཁན་དེ་ཡིན།

      དགེ་རྒན་གྱིས་ཁྱེད་ཀྱི་ཕྲུ་གུ་ལ་དཔེ་ཀློག་གི་སྤྲོ་བ་སྟེར་མི་ཐུབ།
ཁྱིམ་ཚང་ཕལ་ཆེ་བས་རང་གི་ཕྲུ་གུ་སློབ་སྦྱོང་དང་དཔེ་ཀློག་ལ་སྤྲོ་སྣང་མི་འདུག་ཅེས་འཁང་ར་ཡང་ཡང་བྱེད།
འོན་ཏེ། ཁྱོད་ཀྱིས་ཕྱིར་རང་ལ་དྲི་བ་འདི་བཏོན་མྱོང་ངམ། རང་ཉིད་དཔེ་ཀློག་ལ་སྤྲོ་བ་ཡོད་དམ། ཕྲུ་གུའི་དཔེ་ཀློག་གི་སྤྲོ་བ་ནི་ཆུང་དུས་ནས་གསོ་སྐྱོང་བྱ་དགོས། ལོ་གཉིས་གསུམ་ནས་མགོ་བཟུང་སྟེ་དཔེ་ཀློག་བྱེད་དུ་བཅུགས་དགོས་པ་ལས་སློབ་གྲྭར་སོང་རྗེས་དགེ་རྒན་གྱིས་ཕྲུ་གུའི་དཔེ་ཀློག་ལ་གསོ་སྐྱོང་བྱའོ་སྙམ་པའི་འདུ་ཤེས་འཆང་མི་ཉན།
ཁྱེད་ཀྱི་ཁྱིམ་ན་དཔེ་དེབ་མང་པོ་གསོག་ཉར་བྱས་ཡོད་ན་ཕྲུ་གུས་ཀྱང་མང་ཙམ་བཀླག་ངེས། ཕ་མ་གཉིས་ནི་མིག་དཔེ་བཟང་ཤོས་ཤིག་ཏུ་གྱུར་ན། ཕྲུ་གུས་ཀྱང་མིག་དཔེ་བཟང་ཤོས་ལ་ལད་བཟློས་བྱེད་ངེས། དེ་ལྟར་མིན་ཚེ་ཕྲུ་གུས་ཁྱོད་ཀྱི་བྱ་བ་གཞན་དག་ལ་ལད་ཟློས་བྱེད་ངེས།
ཆུང་དུས་ཀྱི་དཔེ་ཀློག་གི་ཧེ་བག་གིས་བྱིས་པའི་རྗེས་ཕྱོགས་ཀྱི་ཤེས་བྱའི་མཐོ་དམན། ཤེས་རྟོགས་ཀྱི་ནུས་པའམ་རྩོམ་འབྲིའི་ཡོན་ཚད་སོགས་ཐག་གཅོད་བཞིན་ཡོད།

      དགེ་རྒན་གྱིས་ཁྱེད་ཀྱི་ཕྲུ་གུའི་སྙིང་རུས་གསོ་སྐྱོང་བྱེད་མི་ཐུབ།
དགེ་རྒན་མང་ཆེ་བས་ཕྲུ་གུ་ལ་ཁྲིད་གཞིའི་ཤེས་བྱ་མཁོ་སྤྲོད་བྱ་བ་མ་གཏོགས་འཚོ་བའི་གོམས་གཤིས་བཟང་བོ་དང་མི་གཞིའི་གནས་ལུགས། རྒྱུན་སྐྱོང་སྙིང་རུས་བཅས་ནི་ཕ་མས་གསོ་སྐྱོང་བྱ་དགོས་པ་ཞིག་རེད། དེ་ནི་དགེ་རྒན་ལ་འོས་འགན་མེད་པ་ཞིག་རེད།
དེ་དག་ནི་ཆུང་དུས་སུ་རྒྱུན་ལྡན་འཚོ་བའི་ཁྲོད་ནས་གསོ་སྐྱོང་དང་སྦྱོང་བརྡར་བྱ་དགོས་པ་ཞིག་རེད།

    དགེ་རྒན་གྱིས་ཁྱེད་ཀྱི་བྱིས་པར་བདེ་སྐྱིད་ཀྱི་ཚོར་བ་སྦྱིན་མི་ཐུབ།

མི་ཞིག་གཞི་བཅས་པའི་ཁྱིམ་ཚང་གིས་ཁོའི་མི་ཚེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་དེ། དཔེར་ན། བཟའ་ཟླའི་བརྩེ་བ་དང་ཁྱིམ་ཚང་གི་འཆམ་མཐུན་ལྟ་བུས་ཀྱང་མཚོན་པས། བརྩེ་བ་དང་སྤྲོ་བས་ཁེངས་པའི་བྱིས་པ་ཞིག་ལ་མཚོན་ན། ཉིན་རྒྱུན་བཟའ་འཁོན་ཁོ་ནས་འཚོ་བ་སྐྱེལ་བཞིན་ཡོད་ཚེ། བྱིས་པའི་བདེ་ཐང་འཚར་ལོངས་ལ་གནོད་ཚབས་ཤིན་ཏུ་ཆེ་བས། བྱིས་པ་དེའི་སེམས་སུ་ཉི་འོད་འཕྲོས་པ་ལྟ་བུའི་དྲོད་ཁོལ་ཇི་ལྟར་མཁོ་ནའང་སྔར་ལས་ཀྱང་ཉུང་ངོ་།།

     དེའི་རྐྱེན་གྱིས་བདེ་སྐྱིད་ཀྱི་རྨང་འདི་ལྟ་བུ་དགེ་རྒན་གྱིས་བཏིང་ཐབས་མེད་དོན་ཡང་བྱིས་པའི་མི་ཚེ་སྔ་མོ་ནས་ད་ེལྟར་ཐག་བཅད་ཟིན་པས་སོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c92f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41138891
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1