མི་གཤིས། རྩོམ་ཡག་ཤོས་ཤིག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »མི་གཤིས། རྩོམ་ཡག་ཤོས་ཤིག
མི་གཤིས། རྩོམ་ཡག་ཤོས་ཤིག
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/11/30ལྟ་ཀློག (7818)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


མི་གཤིས།

གངས་བུ་དཔལ་འབར།

    མི་ཚེ་ཁེར་རྐྱང་ལ་སྡོད་པ་ནི་ང་ལ་མཚོན་ན་བདེ་སྐྱིད་ལྡན་པ་ཞིག་ཡིན་ཡང་ཁྱོད་ལ་མཚོན་ན་ཅི་འདྲའི་སྡུག་བསྔལ་ཞིག་རེད་ཨང་།
དེ་ལས་ཀྱང་གྲུབ་འབྲས་མེད་པའི་མི་ཚེ་ནི་ཧ་ཅང་སྐྱོ་བོ་ཞིག་རེད།  མི་རེ་རེ་ལ་ཁེར་རྐྱང་དུ་སྡོད་པའི་དུས་ཚོད་མང་ལ་དེ་ལས་ཀྱང་སྐྱོ་གདུང་གི་དུས་ཚོད་མང་པོ་ཡོད་པ་རེད།  དེ་དུས་མཐའ་གཅིག་ཏུ་ཕ་མས་རོགས་སྐྱོར་བྱེད་མི་ནུས་ལ་གྲོགས་པོས་ཚེ་གང་བོར་འགྲམ་ནས་བསྐོར་མི་སྲིད།   སྐབས་དེ་དུས་ཁྱོད་ལ་ལམ་སྟོན་གྱི་སྒྲོན་མེ་ནི་མི་གཞིའི་བསམ་བློ་ལས་འཁྲུངས་པའི་ཤེས་ཡོན་གྱི་མྱུ་གུ་དེ་རེད།

     གལ་སྲིད་ཁོར་ཡུག་གིས་ཁྱོད་ལ་བསྐྲུན་པ་ནི་གད་སྙིགས་ཀྱི་རྫིང་བུ་ཞིག་ཡིན་ཡང་ཁྱོད་རང་རྫིང་བུ་དེ་ལས་བརྒལ་ཏེ་འཛམ་གླིང་གི་ཡང་རྩེ་རུ་བསྙེག་འདོད་ན། རང་གིས་རང་གི་བསམ་བློའི་དཔལ་ཡོན་ལ་འཕེལ་རྒྱས་གཏོང་དགོས།  དེ་མིན་ན།  ཁྱོད་ཀྱི་མདུན་ལམ་ལ་ཁག་ཐེག་དང་ཁས་ལེན་སུས་ཀྱང་བྱེད་མི་སྲིད།  འཕེལ་རྒྱས་མེད་ན་སྤྱི་ཚོགས་ཀྱི་ཆེས་རྙིང་རུལ་དུ་གྱུར་བའི་འདམ་རྫབ་ལས་བརྒལ་མི་སྲིད།

     གལ་ཏེ་དངོས་པོའི་དཔལ་ཡོན་དང་བསམ་བློའི་དཔལ་ཡོན། ཤེས་ཡོན་འཇོན་ཐང་གི་དཔལ་ཡོན་གང་ཡོད་ཀྱང་མི་གཞིའི་དཔལ་ཡོན་ཡོད་པའི་ངེས་པ་མེད།  མི་ཞིག་ཡིན་བྱིན་མ་ལས་སྐྱེས་པའི་རྗེས་ནས་ཁྱོད་ལ་ཡན་ལག་མེད་ན་ཡང་ཆོག  རྒྱུ་ནོར་མེད་ན་ཡང་ཆོག   ཤེས་ཡོན་མེད་ན་ཡང་ཆོག   བསམ་བློ་མེད་ན་ཡང་ཆོག  འཇོན་ཐང་མེད་ན་ཡང་ཆོག   འོན་ཀྱང་ཆེས་མེད་དུ་མི་རུང་བ་ནི་སེམས་པ་བཟང་པོ་ལས་འཁྲུངས་པའི་དྲང་བདེན་སྨྲ་བའི་མི་གཤིས་ཡག་པོ་དེ་རེད།   ཡིན་ཡང་ཡིན་དེ་མི་ལ་མཁོ་བ་ནི་མི་གཤིས་རེད་ས་ལ་མཁོ་བ་ནི་རྩི་ཤིང་རེད་ཟེར་བ་མིན་ནམ།

     མི་སོ་སོའི་ཁེ་དབང་ནི་གནད་འགག་ལ་ཐུག་དུས་རང་འགུལ་དུ་འདོར་ཐུབ་པ་ཞིག་ག་ལ་ཡིན།   དེ་ལས་ཀྱང་སྤྱི་ཡི་ལྷག་བསམ་ཁ་རུ་བཟུང་ནས་རང་གི་ཁེ་དབང་ཁོག་ཏུ་འཛིན་པ་ནི།   མི་གཤིས་བསམ་བློའི་རིན་ཐང་གིས་བཤད་ན་ཅི་འདྲའི་སྐྱི་གཡའ་བ་ཞིག་དང་གདུག་རྩུབ་ཆེ་བ་ཞིག་རེད།    དེ་དུས་རང་གི་ཁེ་དབང་གི་ཆེད་དུ་ཚོགས་པ་དེ་དང་ལུང་པ་དེ་དང་མི་རིགས་དེ་དང་རྒྱལ་ཁབ་དེ་ཡི་ཁེ་དབང་ལ་བརྩི་མཐོང་བྱེད་ཤེས་པ་ནི་མི་གཤིས་བསམ་བློའི་རིན་ཐང་གིས་བཤད་ན་ཧ་ཅང་གནད་འགག་ཆེ་བ་ཞིག་རེད།

དེ་ནི་ཁྱོད་ཀྱི་མི་ཚེའི་ཁྲོད་དུ་འདོར་མི་རུང་པའི་འཚོ་བའི་གོམས་གཤིས་ཞིག་ཏུ་ཆགས་དགོས།   དེ་ནི་ཁྱོད་ཀྱི་འཁོར་ཡུག་ཁྲོད་ཞི་བདེ་དང་ལྷིང་འཇགས་ཤིག་ཡིན་པར་མ་ཟད་གོ་མཚོན་མེད་པའི་དམག་འཁྲུག་གི་རྒྱལ་ཁ་ཆེན་པོ་ཞིག་རེད།

     དུས་ཀྱི་སྒྲོན་མེ་ལྟ་བུའི་བཀའ་དྲིན་ཅན་དག་གིས་ང་ཚོ་ལ་ལམ་སྟོན་བྱས་པ་ནི་འདི་འདྲའི་ཐབས་ལམ་བཟང་བོ་ཞིག་དང་འོད་སྟོང་ལྡན་པ་ཞིག་རེད།  ང་ཚོས་སེམས་ལ་འཛིན་དགོས་པ་ནི།  འདི་འདྲའི་མི་གཤིས་ནི་ཆུང་བ་བྱིས་པའི་རྩེད་རྡོ་རྩེ་བ་ནས་བར་དུ་ཆོས་ལུགས་པའི་རྙོག་འཛིང་ཆེན་པོ་རྒྱལ་ཁབ་ཀྱི་སྲིད་དོན་རྩོད་པ་ལ་ཡང་ཧ་ཅང་མཁོ་བ་ཞིག་མ་རེད་དམ།  

རང་རང་སོ་སོའི་ཉིན་རེ་རེའི་འཚོ་པའི་ཁྲོད་དུ་སྤྱི་ཡི་ལྷག་བསམ་ཁ་རུ་བཟུང་ནས་རང་གི་ཁེ་དབང་ཁོག་ཏུ་འཛིན་པ་ནི་ཧ་ཅང་མང་པོ་ཡོད།

     ཡང་གཅིག་བཤད་ན་མི་སོ་སོས་སྲིད་འབྱོར་རིག་གསུམ་གྱི་རྩོད་པ་གང་བྱས་ཀྱང་ཁེ་ཕན་ཡོད་པ་རེད།   འོན་ཀྱང་།   གཞན་གྱི་ཁེ་དབང་རྡོག་བརྫིས་བྱེད་པ་ནི་ཤེས་ཡོན་གྱི་རྩོད་གླེང་དང་མི་གཤིས་ལྟ་གྲུབ་ཀྱི་རིན་ཐང་མ་ཤེས་པ་རེད་ལགས།  དངུལ་ལ་བརྟེན་ནས་མི་གཤིས་བཟོ་བ་ནི་བཅོས་མ་ཞིག་ཡིན་པ་རེད།

      དེར་མ་ཟད་གཞན་གྱི་དཔལ་ཡོན་ལ་ཧམ་སེམས་སྐྱེས་པ་ལ་བརྟེན་ནས་ཕྲག་དོག་དང་ཐོབ་ཐང་ལ་བརྩི་བཀུར་མི་ཤེས་པ་ནི།  མི་གཤིས་ཡག་པོ་མེད་པའི་འབྲས་རྟགས་རེད།   སྤྱི་ཡི་ལྷག་བསམ་ཁ་རུ་བཟུང་ནས་རང་གི་ཁེ་དབང་ཁོག་ཏུ་འཛིན་པ།   ཀུན་སྤྱོད་བོར་བའི་ཤེས་ཡོན། འབད་པ་མ་བྱས་བར་ཐོབ་པའི་འབྱོར་ཕྱུག་སོགས་ནི་མི་ཚེ་གཅིག་གི་ནག་ཉེས་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b81e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41326749
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1