དགེ་བཤེས་ཉི་མའི་དེབ་གསར་འགྲེམ་བརྡ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» དེབ་གསར་འོས་སྦྱོར། »དགེ་བཤེས་ཉི་མའི་དེབ་གསར་འགྲེམ་བརྡ།
དགེ་བཤེས་ཉི་མའི་དེབ་གསར་འགྲེམ་བརྡ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2017/12/19ལྟ་ཀློག (6804)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་བཤེས་ཉི་མའི་དེབ་གསར་འགྲེམ་བརྡ།



ཇི་སྐད་དུ་ཡང་།
མཛད་པ་ཀུན་ལས་གསུང་གི་ནི།།
མཛད་པ་མཆོག་ཡིན་ཞེས་གསུངས་པ་ལྟར།
 བར་ཁམས་སྟོང་སྐོར་དགོན་གསང་ཆེན་མི་འགྱུར་རྡོ་རྗེ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་སེར་སྨད་དགེ་བཤེས་ཉི་མ་མཆོག་གིས་དགོན་འདི་གར་གཞུང་ཆེན་མོའི་དཔེ་ཁྲིད་ཀྱི་ཕྱག་ལས་གནང་བའི་ཞོར་དུ་༧འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོས་མཛད་པའི་༼ཀུན་གཞི་རྒྱ་ཆེར་འགྲེལ་༽འདི་ཉིད་ཚིག་དོན་ཧ་ཅང་བརླིང་བ་སྤྱི་དང་།
ལྷག་པར་དུ་གཞུང་འདིར་ཐེག་བསྡུས་དང་། བཤད་སྦྱར་སོགས་ཀྱི་ལུང་འདྲེན་ཡང་ཕོན་ཆེ་ཞིང་། དེང་དུས་ཀྱི་སློབ་གཉེར་བ་ཕལ་མོ་ཆེས་གཡས་འཇོག་རྐྱང་པར་བཞག་པ་དང་།  མ་ཟད་ད་སྔ་སུས་ཀྱང་འདི་ལ་འགྲེལ་པ་བརྩམས་པ་མི་སྣང་བ་སོགས་ལ་བརྟེན་ནས།   གཞུང་འདི་ཉིད་རྩ་བའི་ཚངས་ཐིག་ཏུ་བཟུང་ཞིང་། མཆན་དང་དོགས་དཔྱོད་ཀྱིས་ཟུར་བརྒྱན་ཏེ་༼ཀུན་གཞི་རྒྱ་ཆེར་འགྲེལ་གྱི་མཆན་འགྲེལ་འཇམ་མགོན་བླ་མའི་ཐུགས་བཅུད་༽ཅེས་པ་སྔ་ལོ་ནས་ལྗགས་བརྩམས་མཛད་ཟིན་པ་འདི་ལ་ད་ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཚད་ལྡན་དཔེ་རྟགས་ཀྱང་ཐོབ་ཡོད་པས་མི་འགྱང་བར་བཀྲམ་འཆར་ཡོད་པ་ལགས་ན།  གཟིགས་རྒྱ་ཆེ་བའི་སློབ་གཉེར་བ་རྣམ་པས་དཔེ་ཆ་འདི་བླུ་སྙིང་འདོད་ཚེ་ངེད་སྟོང་སྐོར་དགོན་སློབ་གཉེར་ཁང་ལ་འབྲེལ་རོགས།

ཞལ་པར།


18383619175

15281557136

18783634551


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 11 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjcp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཐུབ་དཔལ། སྤེལ་དུས:2018/3/6
རྡོ་རྗེ་གཟེགས་མ་ཁྱོད་ཉོན་ཅིག །ཁྱོད་ཀྱིས་"ཀུན་གཞི་རྩ་བའི་འགྲེལ་པ་རེད། ཀུན་གཞི་རྒྱ་ཆེར་འགྲེལ་གྱི་འགྲེལ་པ་མ་རེད།" ཅེས་ཤེས་ཁུལ་གྱིས་བྱིས་ལབ་བརྒྱབ་འདུག་མོད། ལན་སྔ་མས་འཐུས་པར་བྱས་ཏེ་ལན་འདེབས་རན་པ་ལ་བརྩིས་ཡོད།
 སྤེལ་མཁན: ཐུབ་དཔལ། སྤེལ་དུས:2018/3/6
རྡོ་རྗེ་གཟེགས་མ་དང་། ཤེས་རབ། སྨད་པ་སྐལ་བཟང་བཅས་ཀུ་ཅོ་འདོན་པ་དག་པ་དག་གིས་ཐོག་མར་བློ་བཟང་ཆོས་དར་གྱིས་མཛད་པའི་འགྲེལ་པ་རང་ལ་བལྟས་པའི་རྗེས་ལ་ལན་ཐོབས་ཤིག །འགྲེལ་པ་དེ་མཐོང་ཐོས་མེད་པ་ལ་ཁ་ངན་ཚིག་ངན་སྨྲ་བ་ནི་ཡ་རབས་ཀྱི་ལུགས་མ་ཡིན་པ་ཤེས་པར་གྱིས། "སྔར་སུས་ཀྱང་བཀྲལ་མ་ཐུབ་པ་འགྲེལ་མཁན་"གྱི་དགེ་བཤེས་ཉི་མ་ཟེར་བ་སུ་ཡིན་ཀྱང་མི་ཤེས་པས་ཕྲག་དོག་ཅིའི་ཕྱིར་ཟ།
 སྤེལ་མཁན: ཐུབ་དཔལ། སྤེལ་དུས:2018/3/6
རྡོ་རྗེ་གཟེགས་མ་དང་། ཤེས་རབ། སྨད་པ་སྐལ་བཟང་བཅས་ཀུ་ཅོ་འདོན་པ་དག་པ་དག་གིས་ཐོག་མར་བློ་བཟང་ཆོས་དར་གྱིས་མཛད་པའི་འགྲེལ་པ་རང་ལ་བལྟས་པའི་རྗེས་ལ་ལན་ཐོབས་ཤིག །འགྲེལ་པ་དེ་མཐོང་ཐོས་མེད་པ་ལ་ཁ་ངན་ཚིག་ངན་སྨྲ་བ་ནི་ཡ་རབས་ཀྱི་ལུགས་མ་ཡིན་པ་ཤེས་པར་གྱིས། "སྔར་སུས་ཀྱང་བཀྲལ་མ་ཐུབ་པ་འགྲེལ་མཁན་"གྱི་དགེ་བཤེས་ཉི་མ་ཟེར་བ་སུ་ཡིན་ཀྱང་མི་ཤེས་པས་ཕྲག་དོག་ཅིའི་ཕྱིར་ཟ།
 སྤེལ་མཁན: ཤེས་རབ། སྤེལ་དུས:2017/12/2
ཐུབ་དཔལ་ལགས། ཀུན་གཞི་རྩ་བའི་འགྲེལ་བ་ཡིན་ན། ཀུན་གཞི་རྒྱ་ཆེར་འགྲེལ་གྱི་འགྲེལ་བ་ཡིན་དགོས་པར་ཐལ་ལོ།། མཛད་པ་པོས། ཕྱུགས་ཀྱི་ཁ་སོ་བརྟག་ལ་མཁས་ན་ཡང་། ། མཁས་པའི་གྲལ་དུ་ནམ་ཡང་ཚུད་མི་འགྱུར། ། དོན་དངོས་མཁས་པའི་གདན་སར་འགྲིམ་འདོད་ན། ། རྒྱ་ཆེར་འགྲེལ་གྱི་མཆན་འགྲེལ་འདི་བླང་རིག །
 སྤེལ་མཁན: ལི་འགྱུར་མེད། སྤེལ་དུས:2017/12/2
སེར་སྨད་དགེ་བཤེས་མཆོག་ལ་ཐུགས་རྗེ་ཆེ་ཞུ།
 སྤེལ་མཁན: སྨད་པ་སྐལ་བཟང་། སྤེལ་དུས:2017/12/1
རྩ་བའི་འགྲེལ་བ་དང་།ཀུན་གཞི་རྒྱ་ཆེར་འགྲེལ་གྱི་འགྲེལ་བ་སོགས་མ་ནོར། ཐུབ་དཔལ།ཕྲག་དོག་གི་སྐད་ཆ་རེད།
 སྤེལ་མཁན: རྡོ་རྗེ་གཟེགས་མ། སྤེལ་དུས:2017/12/1
ཀྱེ་ཐུབ་དཔལ། ཁྱོད་ལ་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཡིད་དང་ཀུན་གཞིའི་དཀའ་གནས་རྣམ་པར་བཤད་པ་མཁས་པའི་འཇུག་ངོགས་དང་། སྐུ་འབུམ་ཡང་ཀྱཱ་ལྷ་རམས་པ་བློ་བཟང་ཆོས་དར་གྱིས་མཛད་པའི་འགྲེལ་པ་འདི་གཉིས་(ཀུན་གཞི་རྒྱ་ཆེར་འགྲེལ་)གྱི་འགྲེལ་པ་ཡིན་པར་དགེ་རྒན་སུས་བཤད་པ་རེད། ཤོད། ཀུན་གཞི་རྩ་བའི་འགྲེལ་པ་ཡིན་ན། ཀུན་གཞི་རྒྱ་ཆེར་འགྲེལ་གྱི་འགྲེལ་པ་ཡིན་དགོས་སམ། མཁས་པ་དཔྱད་ནས་འཇུག །བླུན་པོ་མ་དཔྱད་འཇུག །ཅེས་པའི་ཁ་དཔེ་འདི་ཁྱོད་ལ་ཤིན་ཏུ་མཛེས།
 སྤེལ་མཁན: ཤེས་རབ། སྤེལ་དུས:2017/12/1
དགེན་རིན་པོ་ཆེ་ལ་བཀའ་དྲིན་ཆེན་ཞུ།
 སྤེལ་མཁན: 所珠 སྤེལ་དུས:2017/12/1
谢谢
 སྤེལ་མཁན: རྡོ་རྗེ་གཟེགས་མ། སྤེལ་དུས:2017/12/1
དེ་རྣམས་ཀུན་གཞི་རྩ་བའི་འགྲེལ་པ་རེད། ཀུན་གཞི་རྒྱ་ཆེར་འགྲེལ་གྱི་འགྲེལ་པ་མ་རེད། ཁྱོད་ལ་ཕྲག་དོག་གི་རྒུན་ཆང་སུ་ཞིག་བླུད་པ་རེད།
  པར་ངོས 1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41133237
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1