སྙན་ངག་ཚན་པ་གསུམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »སྙན་ངག་ཚན་པ་གསུམ།
སྙན་ངག་ཚན་པ་གསུམ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/1/11ལྟ་ཀློག (2333)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སྙན་ངག་ཚན་པ་གསུམ།
ཁ་བ།

|དབྱངས་སོ་མ། {མགོ་ལོག}

ཁ་བ།
ང་ལ་ཡང་ཞུ་རྒྱུ་ཡོད།
ང་ལ་ཡང་ཁྱོད་རང་ནང་བཞིན་ཞུ་རྒྱུ་ཡོད།
ང་ཡི་རྣམ་ཤེས་དང་སྟོང་བསམ་ཡོད་ཚད།
ཁྱོད་དང་འདྲ་བར་ཞུ་བཞིན་ཡོད།
ཡིན་ན་ཡང་ཁྱོད་ང་དང་མི་འདྲ་སྟེ།
ཁྱོད་ཞུ་ཚར་རྗེས་སླར་ཡང་གསོན་མི་སྲིད།
དེ་བས་དཀར་གཙང་གི་ཁྱོད་ཞུ་ཐེངས་རེར།
ངས་ཕངས་སེམས་ཆེན་པོས་སྙན་ངག་བྲིས་པ་ཡིན།

ཡང་མཚམས་རེར།
ངས་རང་ཉིད་ཀྱང་ཁྱོད་དང་འདྲ་བར།
རྩ་བ་ནས་ཞུ་སོང་ན་བསམ།
སྐྱེ་བ་གྲངས་མེད་ཀྱི་སྡིག་སྒྲིབ་དང་ལྷན་དུ།
བསྐལ་བ་རྫོགས་མེད་ཀྱི་ཞེན་ཆགས་དང་ལྷན་དུ།
འབྱུང་བཞིའི་བར་གསེང་དུ་མེད་པར་འཐིམ་སོང་ན་བསམ།

10/7 ཉིན།


ཁེར་རྐྱང་།

  ངས་ལམ་མདོ་དང་ཁང་སྟོང་དག་ནས།
  གླུ་སྐད་བན་བུན་ཞིག་གི་དབྱངས་རྟ་ལ་ཁེན་གྱིན།
  རང་ཉིད་ཀྱི་སྣང་བའི་ངོས་སུ།
  གློག་སྒྲོན་མེད་པའི་མཚན་མོ་གྲངས་མེད་བཤམས།

  མཚན་མོ་རེ་རེའི་པང་ཁུག་ཏུ།
  ངའི་ཁེར་རྐྱང་གི་གཏམ་རྒྱུད་ཡོད་ཚད།
  མིག་ཆུ་བཞིན་འཐོར་སོང་།
  ངའི་ན་ཟུག་གི་སྙན་ངག་ཡོད་ཚད།
  རྡོ་བ་ལྟར་འཁྱགས་སོང་།
༩/༢༩ ནུབ་མོར།

  འབྲོག་མོ།


རྩྭ་ཐང་གི་སྟེབ་ཁུག་ནས།
མེ་ཏོག་གི་པང་གཞུང་ནས།
ངས་སུ་ཞིག་ལ་རྫོགས་མི་ཚར་བའི་སྙིང་གཏམ་ཤོར། སྐྱེ་གཟུགས་མཛེས་མོ་དེ།
སྐད་ངག་སྙན་མོ་དེ།
མེ་ཏོག་ལྟ་བུའི་ཁྱོད།   ངའི་མིག་ཁ་ནས་འཚང་དེ་སེམས་ཁོང་དུ་སླེབས།


དུས་ཚིགས་རེ་རེ་དང་འགྱུར་ལྡོག་རེ་རེ།
ངའི་སེམས་བྱུང་དང་སྡེབས་ནས་རྦད་ཀྱིས་ཐོན་དུས།
ཁྱོད་ནི།  ངའི་སྨོན་འདུན་དང་བརྩེ་འདང་གི་སྒྲོམ་ཆུང་དེར་གཏན་དུ་སྦས་ཡོད།


འཇམ་ལྷོད་ལྷོད་ཀྱིས་རྒྱུ་བའི་སྤྱན་ཟུང་དེ།
ངའི་ཡིད་ལ་དྲན་ཐེངས་རེར།
ཚོད་ཚོད་ལ།  གསང་ཁུག་ཏུ་བཅུག་པའི་སྙིང་གཏམ་དང་།   སྙན་ངག་དེ་ཚོའང་ཙག་ཤེད་ཀྱིས་ལྡང་།   
         
ང་འཇིག་རྟེན་འདིར་ཡོད་པས།
འཇིག་རྟེན་ལ་དུང་བ་ཟབ་མོ་ཞིག་ཀྱང་ཆགས་ཡོད།            

2017/7/23 ཉིན།


 ངོ་སྤྲོད
དངོས་མིང་། སྐལ་ལྡན།
མིང་གཞན། དབྱངས་སོ་མ།
ཐོབ་ཐང་།  སློབ་མ།
སྐྱེས་ལོ།   ༡༩༩༨
མི་རབས་བདུན་པའི་ཚོགས་མི་དང་༼དབྱངས་གསལ་གྱི་འོད་སྣང་༽ཞེས་པའི་ཚགས་དེབ་རྩོམ་སྒྲིག་པ།
ཁོས་བཤད་རྒྱུར།

མྱ་ངན་དང་མནར་གཅོད་ཡོད་ཚད་བཟོད་པར་བྱས་པའི་ནམ་མཁའམ། ཡང་ན་རྐང་འོག་གི་ས་ཆེན་ལགས།  པི་ཝང་དཀར་བོ་ཁུར་བའི་སྙན་ངག་པས་ཁྱེད་ཀྱི་སྙན་དུ་གླུ་དབྱངས་ཡང་ཡང་ལེན་པ་ནི་སེམས་ཀྱི་ལོག་མལ་འཚོལ་བའི་ཆེད་དུ་ཡིན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da2g བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41171779
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1