2018ལོའི་ཨ་མདོ་རྔ་བའི་གནའ་རྫས་འགྲེམས་སྟོན་ཆེན་མོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 10 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »2018ལོའི་ཨ་མདོ་རྔ་བའི་གནའ་རྫས་འགྲེམས་སྟོན་ཆེན་མོ།
2018ལོའི་ཨ་མདོ་རྔ་བའི་གནའ་རྫས་འགྲེམས་སྟོན་ཆེན་མོ།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/1/23ལྟ་ཀློག (2293)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

2018ལོའི་ཨ་མདོ་རྔ་བའི་གནའ་རྫས་འགྲེམས་སྟོན་ཆེན་མོ།

          རྒྱུས་ལོན་བྱུང་བ་ལྟར་ན་ད་ལོ་སྟེ་སྤྱི་ལོ༢༠༡༨ལོའི་ཟླ་༡བོའི་ཚེས་༧ཉིན་མདོ་སྨད་རྔ་ཡུལ་གཡང་ལྡན་ཕྱུག་མོ་ནས་སྐབས་དང་བོའི་གནའ་རྫས་འགྲེམས་སྟོན་ཆེན་མོ་ཞིག་གི་མཛད་སྒོ་བསྡུས།

    གནའ་རྫས་འགྲེམས་ཚོགས་ཀྱི་མཛད་སྒོ་འདི་ནི་རྔ་བ་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ན་གཞོན་ལྷག་བསམ་ཅན་ཚོང་བ་ཚེ་རིང་ལགས་ཀྱིས་གཙོ་བསྒྲུབས་བྱས་པའི་བཀའ་དྲིན་འོག རྔ་བ་ན་ཚོང་བ་མང་ཞེས་པའི་དོན་དངོས་ཀྱི་ཚོང་ཚོགས་ཤིག་ཀྱང་ཡིན་པས་མཛད་སྒོའི་སྟེང་དུ་རང་ཞིང་སི་ཁྲོན་དང་། མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། བོད་ལྗོངས་ལྷ་ས་སོགས་བོད་མདོ་དབུས་ཁམས་གསུམ་གྱི་ཚོང་རམས་པ་ཉིས་བརྒྱ་ལྷག་ཞུགས་པར་མ་ཟད།   རྒྱ་དང་ཁ་ཆེ་སོགས་མི་རིགས་གང་མང་ཞིག་ཀྱང་ཕན་ཚུན་ལ་མཐུན་སྒྲིལ་ངང་གནའ་རྫས་ཉོ་ཚོང་གི་མཛད་སྒོ་འདིར་ཞུགས་ཏེ།  མི་རིགས་རང་རང་གི་གནའ་བོའི་ཁྱད་ཆོས་འབུར་ཐོན་གྱི་ཐོན་རྫས་རྙིང་བ་རྣམས་བཤམས་སྟོན་དང་འགྲེལ་བཤད་བྱས་ལ།  དཔལ་འབྱོར་མཉམ་སྤེལ་དང་གནའ་རྫས་ཉོ་བསྡུའི་རིན་ཐང་ལྟ་བ་སོགས་གོམ་གང་མདུན་སྤོས་ཀྱིས་རྔ་བའི་ལུང་བར་སྔར་མ་བྱུང་བའི་གནའ་རྫས་འགྲེམས་ཚོང་གི་འདུ་འཛོམས་ཆེ་ཤོས་ཤིག་ཏུ་ཆགས་ཡོད།

      གནའ་རྫས་ཉོ་ཚོང་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་ཚ་རླབས་མཆེད་པའི་དེང་རབས་སྤྱི་ཚོགས་འདིའི་ལས་ཀ་གཙོ་བོ་ཞིག་ཡིན།དཔལ་འབྱོར་འཛུགས་སྐྲུན་གྱི་ཆུ་ཚད་ཀྱིས་ས་གནས་དེའི་སློབ་གསོ་དང་རིག་གནས།ཚན་རྩལ་སོགས་ཀྱི་ཆུ་ཚད་ཀྱང་ངང་གིས་ཤེས་ཐུབ་ཟེར་བ་བཞིན།ཐེངས་འདིའི་གནའ་རྫས་འགྲེམས་ཚོགས་ཀྱིས་རྔ་བའི་ལུང་བར་མཐོང་ཆེན་བྱེད་ཚད་ཀྱང་གཞན་ལས་ཆེ་བ་ཞིག་བྱུང་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད་འདུག

       ཐེངས་འདིའི་མདོ་སྨད་རྔ་ཡུལ་གཡང་ལྡན་ཕྱུག་མོ་ནས་སྤེལ་བའི་སྐབས་དང་བོའི་གནའ་རྫས་འགྲེམས་སྟོན་ཆེན་མོ་ཉིན་གསུམ་རིང་རྔ་བའི་གནའ་རྫས་མགྲོན་ཁང་ཆེན་མོར་སྤེལ།

 

ཐེངས་འདིའི་གནའ་རྫས་ཚོང་ཚོགས་ཀྱི་གཙོ་སྒྲུབ་མི་སྣ་རྔ་བའི་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

      བོད་མདོ་དབུས་ཁམས་གསུམ་ནས་རྙིང་ཚོང་དང་གནའ་རྫས་རིགས་དངོས་ལ་ཁེ་ལས་གཉེར་བའི་བོད་ཀྱི་ཚོང་ལས་པ་རྣམ་པ་སྐུ་ཁམས་བཟང་། ངས་ཐོག་མར་ཕྱོགས་སོ་སོ་ནས་ཚོང་འཚོགས་འདིར་མཉམ་ཞུགས་གནང་བའི་ཁེ་ལས་པ་རྣམ་པར། ངེད་རྔ་བའི་ཚོང་ལས་པ་ཡོངས་ཀྱི་ཚབ་བྱས་ནས་བཀྲ་ཤིས་བདེ་ལེགས་ཀྱིས་འཚམས་འདྲི་ཞུས་པ་ཡིན།

    གཞན་ད་ཐེངས་མདོ་སྨད་རྔ་བ་ནས་འདི་ལྟ་བུའི་ཚོང་ལས་པ་མང་པོ་ཕྱོགས་གཅིག་ཏུ་ཚོང་འདུས་ཤིག་སྐོང་འཚོགས་བྱེད་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད།

    སྤྱིར་དེ་རིང་ཁ་རྩང་རྒྱལ་ནང་དང་ཕྱི་རྒྱལ་ཁག་ཏུའང་འདི་ལྟ་བུའི་རྙིང་ཚོང་སྟེ་རིན་པོ་ཆེའི་སྐོར་ལ་ཁེ་ལས་གནང་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།  ང་ཚོས་ཀྱང་དེར་དམིགས་ཏེ་བོད་ཀྱི་རྙིང་ཚོང་ཁེ་ལས་པ་མང་པོ་ཕྱོགས་བསྡུས་ཀྱིས་བསམ་བློ་བརྗེ་རེས་དང་། ཚོང་རྫས་རིགས་དངོས་དཔྱད་བསྡུར་གྱིས་ཚོང་ལས་དཔལ་འབྱོར་གྱི་ཕྱོགས་ལ་ཕན་ཚུན་ཁ་བརྡ་བྱེད་པའི་གོ་སྐབས་བསྐྲུན་ཐུབ་པ་བྱུང་བ་ཡང་རིན་ཐང་གསེར་ལས་དཀོན་པ་ཞིག་ཏུ་མཐོང་ཡོད།

    དེ་མིན་ཚོང་འདུས་འདི་ད་ཐེངས་གཅིག་པུ་མ་ཡིན་པར་རྗེས་སུ་ཡང་ནས་ཡང་དུ་འཚོགས་ཐུབ་རྒྱུ་གལ་ཆེན་པོ་རེད་འདུག མ་ཟད་ཚོང་འདུས་ཀྱི་ངོ་བོ་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ་རྒྱལ་ཁབ་ཕན་ཚུན་དང་། འཛམ་གླིང་རང་བཞིན་ཅན་དུ་བསྒྱུར་ནས་བོད་ཀྱི་རྙིང་ཚོང་དང་གནའ་ཅའི་རིགས་དངོས་འཛམ་གླིང་གི་ཕྱོགས་སོ་སོར་ཁེ་གཉེར་ཐུབ་པ་ཞིག་བྱུང་ན་དེ་ནི་ང་ཚོའི་དམིགས་ཡུལ་དང་རེ་བ་ཉག་གཅིག་ཡིན་ཞེས་གཏམ་བཤད་ཡག་པོ་གནང་བར་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།

ཚོང་བ་རྣམས་ཀྱིས་རང་རང་གི་མགྲོན་ཁང་ནང་ནས་གཡུ་བྱུར་སོགས་འགྲེམས་ཚོང་བྱེད་བཞིན་པ།


དཀར་མཛེས་ནས་ཡོང་བའི་ཚོང་བ་སངས་གོས་རང་གི་མགྲོན་ཁང་ནང་ནས་གནའ་རྫས་འགྲེམས་ཚོང་བྱེད་བཞིན་པ།

ཚོང་བ་རྣམས་ཀྱིས་རང་རང་གི་མགྲོན་ཁང་ནང་ནས་རང་གི་གནའ་རྫས་སོགས་འགྲེམས་ཚོང་བྱེད་བཞིན་པ།

     དེང་རབས་དཔལ་འབྱོར་ནི་རིག་གནས་དང་ཚན་རྩལ་། དངུལ་ཟོག་བཅས་ཀྱིས་གྲུབ་པའི་སྤྱི་ཚོགས་དེའི་ཐོན་སྐྱེད་ནུས་ཤུགས་ཀྱི་མཚོན་རྟགས་ཡིན་པས།དཔལ་འབྱོར་འགྲན་པ་ནི་སློབ་གསོ་དང་རིག་གནས། ཚན་རྩལ་གྱི་ཆུ་ཚད་འགྲན་པའང་ཡིན།

རྔ་བའི་ཚོང་བ་ཚེ་རིང་།

གནའ་རྫས་ཉོ་ཚོང་གླིང་གིས་བྱས་རྗེས་ཅན་དང་ལྷག་བསམ་ཅན་ལ་དྲན་རྟེན་ཕུལ་བ།

གནའ་རྫས་ཉོ་ཚོང་གླིང་གི་འདུ་འཛོམས་འདིའི་གནད་ཡོད་མི་སྣ་སྐོར་ཞིག

གནའ་རྫས་ཉོ་ཚོང་གླིང་གིས་རྔ་བ་ཚེ་རིང་ལགས་ལ་གཟེངས་བསྟོད་དང་བཀའ་དྲིན་མཚོན་པའི་དྲན་རྟེན་ཕུལ་བ།

གསར་འགོད་པ། སྐུད་པ།


དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
fc4i བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
12424652
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号