དགོས་མེད་རྙོག་འཛིང་སློང་བ་ལས་རང་སྐྱོང་གི་འདུ་ཤེས་འཁྲུངས་ན་ལེགས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »དགོས་མེད་རྙོག་འཛིང་སློང་བ་ལས་རང་སྐྱོང་གི་འདུ་ཤེས་འཁྲུངས་ན་ལེ
དགོས་མེད་རྙོག་འཛིང་སློང་བ་ལས་རང་སྐྱོང་གི་འདུ་ཤེས་འཁྲུངས་ན་ལེགས།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/2/3ལྟ་ཀློག (2763)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དགོས་མེད་རྙོག་འཛིང་སློང་བ་ལས་རང་སྐྱོང་གི་འདུ་ཤེས་འཁྲུངས་ན་ལེགས།

 མཁར་སྤྲུལ་བཀྲ་ཤིས་དོན་གོ།

      སྤྱིར་ང་ཚོའི་མི་རིགས་གྲང་ཉུང་ཞིང་ཉམ་ཆུང་བའི་གནས་བབས་འོག་འཚོ་ཡོད་སྟབས། ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་ལ་འབད་བརྩོན་བགྱི་དགོས་པ་ལས། དོན་མེད་ཆགས་ཞེན་གྱི་ནང་རྩོད་ནང་འཁྲུག་དང་། ཁེ་དང་སྙན་གྲགས་རྐྱང་ལ་རེ་ནས་རང་ཉིད་བོར་བ་ནི། དོན་དུ་འུ་ཅག་ཕ་མེས་ཚོའི་བརླ་བཙོང་དུ་འགྱུར་བ་ང་ཚོས་མཁྱེན་དགོས། དེང་གི་དུས་འདིར་ང་ཚོ་ཕྱོགས་ཁག་བྱས་ནས་གྱེས་མི་ཉན་པ་མ་ཟད།  ནང་ཕན་ཚུན་ཁ་རྩོད་ཙམ་ཡང་མི་འབྱུང་ཐབས་ལ་ངེས་པར་བརྩོན་རན་རེད། སྒོས་སུ་ཆོས་ལུགས་གྲུབ་མཐའི་དབར་ལ་འགལ་རྩོད་དང་། སྟོད་སྨད་བར་གསུམ་ཕྱེ་ནས་རྙོག་དྲ་བཟོ་བ། བླ་སྤྲུལ་དགེ་བཤེས་བར་གྱི་རྩོད་རྙོག རོང་འབྲོག་བར་གྱི་

ལྟ་ཚུལ། སློབ་གྲྭ་ཁག་དང་གཞི་རིམ་སྤྱི་ཚོགས་བར་གྱི་ཚིག་རྩོད་སོགས། མདོར་ན་ཕན་སེམས་དང་བརྩེ་སེམས་དོར་བས། གུས་བཀུར་དང་བརྩི་མཐོང་མེད་པར། མཐོང་ཆུང་དང་དམའ་འབེབ་ཀྱི་སྐད་ཆའི་རིགས་ང་ཚོ་ནང་ཕན་ཚུན་བར་ལ་མི་བཀོལ་རོགས་ཞུ།      

      དགག་སྒྲུབ་ཀྱི་ལྟ་བ་ང་ཚོར་དགོས་ངེས་ཡིན། འོན་ཀྱང་།  གཅིག་གིས་གཅིག་ལ་དོགས་པ་སེལ་ཐབས་དང་སྒྲོ་འདོགས་གཅོད་ཐབས་ལ་འབད་རྒྱུ་ལས། ཚིག་རྩོད་ཙམ་དང་ཡང་ན་ཁ་དགེ་ཙམ་ལ་དམིགས་གནས་གཞན་རྒྱུད་དཀྲུགས་པ་ནི། 

ཆོས་གཞུང་ལྟར་ན་དགེ་ལས་སུ་འགྱུར་དཀའ་ལ། འཇིག་རྟེན་གྱི་ལུགས་ལྟར་ནའང་། མི་ལེགས་པོ་ཞིག་ཏུ་བརྩི་དཀའ། དེའི་ཕྱིར་ན། གུས་ཞབས་དང་བཅས་དོགས་སེལ་བྱེད་པ་དང་།      ནོར་འཁྲུལ་ཡོ་བསྲིང་བྱེད་ཐབས་ལ་བརྩོན་རྒྱུ་ཧ་ཅང་གལ་ཆེ།

༣ 

      ད་ལྟའི་དུས་འདིར་རང་དང་ཁ་ཐག་ཉེ་བའི་རང་གི་རྒྱལ་ཁབ་དང་མི་རིགས་མང་པོའི་གྲས་ནས།  ང་ཚོ་བོད་མི་རིགས་ཞེས་པ་འདི། ཅི་འདྲའི་མཐུན་སྒྲིལ་ཡོད་མཁན་ཞིག་དང་། ཕ་མེས་ཚོས་ཤུལ་བཞག་གནང་བའི་རིག་གཞུང་ཁག་དང་། གཞན་ཡུལ་སྲོལ་གོམས་གཤིས་མཐའ་དག་སྲུང་སྐྱོབ་རྒྱུད་འཛིན་གནང་མཁན་ཞིག་ཡིན་པ་མ་ཟད། དེང་གི་ཤེས་བྱ་མཐའ་དག་ལས་སྙིགས་དོར་བཅུད་ལེན་ཤེས་མཁན་གྱི་དཔའ་མཛངས་རྟུལ་ཕོད་ཅན་ཞིག་ཡིན་པ་ར་འཕྲོད་ཐབས་ལ་ཅི་ནས་ཀྱང་བརྩོན་པ་བླ་ལྷག་ཏུ་གལ་ཆེ། ལྷག་དོན་ང་ཚོ་ཆོས་ལུགས་ཀྱི་དངོས་ནས་ལབ་ན་འཚེ་མེད་ཀྱི་ལྟ་བའི་རྗེས་སུ་ཞུགས་པའི་བླ་མ་གཅིག་གི་སློབ་མ་རྐྱང་རྐྱང་ཡིན་ལ།  འཇིག་རྟེན་གྱི་ལུགས་ནས་བརྗོད་ནའང་།   ང་ཚོ་ཕ་མ་གཅིག་ལས་མཆེད་པའི་མིང་སྲིང་ལྟ་བུ་ཞིག་ཏུ་ངོས་འཛིན་བྱ་ངེས།  དེ་ལྟར་ན།  ད་ནི་ང་ཚོས་རང་སྐྱོང་གི་འདུ་ཤེས་རྒྱུད་ལ་སྐྱེས་སུ་བཅུག་ནས།   ཁ་ཡོད་ལག་ཡོད་ཀྱིས་རང་རིགས་ལ་ཕན་པའི་ལས་ཀ་གཉེར་རྒྱུ་དང་། ཕན་ཚུན་འབྲེལ་བ་དམ་ཟབ་བྱེད་རྒྱུ། དགོས་སུ་བཤད་པ་ཉུང་ལ་ལག་ལེན་མང་བའི་དུས་ཚོད་བཟང་བོ་ཞིག་འཐོབ་པར་རང་གཞན་ཚང་མ་ཤིན་ཏུ་རབ་ཏུ་བརྩོན་པར་རེ་བ་ཉག་གཅིག་གོ །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30s7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: འཇུ་བསོད། སྤེལ་དུས:2018/2/5
ཧ་ཅང་ཡག་པོ་གསུང་འདུག ཐུགས་རྗེ་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41145591
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1