སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་ཀུན་ཕན་ཞིང་ལས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་ངོ་སྤྲོད་མདོར་བསྡུས།
རྔ་བ་རྫོང་ཀུན་ཕན་ཞིང་ལས་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་ནི་སྤྱི་ལོ༢༠༡༦ལོའི་ཟླ༧པར་ཚུགས་ཤིང་། ཀུང་སི་འཛུགས་པར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་བཏང་ཡོད། འདི་ནི་བོད་ཁུལ་གྱི་སློབ་ཆེན་སློབ་མ་བཞི་ཡིས་མཉམ་དུ་ཁེ་ལས་གསར་འཛུགས་བྱས་པ་ཞིག་རེད། ཀུང་སིའི་གནས་ཡུལ་ནི་རྔ་བ་རྫོང་གི་ལྷོ་ཁུལ་གྲོང་གསར་དུ་ཡོད་ཅིང་། རི་མཐོ་ས་གཙང་གི་མདོ་དབུས་མཐོ་སྒང་གི་ཐུན་མིན་གྱི་སྐྱེ་ཁམས་དང་། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་ཕུན་སུམ་ཚོགས་པའི་རྔ་བའི་ས་བབ་ཀྱི་དམིགས་བསལ་ཁྱད་ཆོས་ཀྱིས་ཡུལ་འདིའི་ཞིང་ལས་གཙོར་བྱས་པའི་འདེབས་འཛུགས་ལས་རིགས་ལ་ས་ཁུལ་གཞན་དང་མ་འདྲ་བའི་དགེ་མཚན་ལྡན་པ་རེད།
དེ་ལྟའི་སྣོད་བཅུད་ཀྱི་ལེགས་ཚོགས་རང་དབང་གིས་འདུ་བའི་གནས་མཆོག་འདི་རུ། ཀུང་སིའི་ད་ལྟའི་ཁེ་ལས་གཉེར་བྱ་གཙོ་བོ་ནི་མཐོ་སྒང་གི་ལྗང་མདོག་ཟས་རིགས་ཀྱི་ཚད་གཞིའི་སྟེང་ནས“མེས་སྲོལ་བོད་སྣུམ”སྟེ། པད་ཁ་འདེབས་འཛུགས་དང་བཙོ་སྦྱངས། ཐོན་སྐྱེད། ཕྱིར་འཚོང་བཅས་བྱེད་བཞིན་ཡོད།
འདི་ལྟར་ན་གཞོན་སློབ་ཆེན་སློབ་མ་བཞི་ཡིས་ཁེ་ལས་གསར་འཛུགས་ཀྱི་སྙིང་སྟོབས་ཆེར་བསྐྱེད་དེ་ཕྱིར་ཕ་ཡུལ་དུ་ལོག་ནས་གཞི་རྒྱ་ཆེ་བའི་ས་ཞིང་དང་བཟོ་གྲྭ། སྒྲིག་ཆས། རྒྱལ་ཁབ་ཀྱི་ཚད་ལྡན་ཐོབ་ཡིག་བཅས་བླངས་ནས་མ་འོངས་ཁེ་ལས་ཀྱི་མདུན་ལམ་སྔར་ལས་ཕུན་སུམ་ཚོགས་པར་འབད་འབུངས་བྱེད་བཞིན་པའི་སྒང་རེད་འདུག
རེ་བ་དང་རྒྱལ་ཁའི་ཁྲོད་ཀྱི་ན་གཞོན་ཁེ་ལས་པ་བཞི།
དུས་རབས་དང་བསྟུན་པའི་ལས་སྒོ་གསར་སྤེལ་གྱི་གནས་མལ།
ཉི་འོད་འཁྱིལ་ཞིང་རེ་བས་བརྟས་པའི་ལས་ཤག་ཅིག
མཐུན་སྒྲིལ་དམ་ཞིང་ལས་ལ་བརྩོན་པའི་ན་གཞོན་གྱི་དཔུང་རྡང་།
|