ཡིད་ལ་བརྣགས་ཟིན་པ་མོ་མ་རེད་ཁྱེད་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» རང་མོས། »ཡིད་ལ་བརྣགས་ཟིན་པ་མོ་མ་རེད་ཁྱེད་རེད།
ཡིད་ལ་བརྣགས་ཟིན་པ་མོ་མ་རེད་ཁྱེད་རེད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/3/28ལྟ་ཀློག (2335)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཡིད་ལ་བརྣགས་ཟིན་པ་མོ་མ་རེད་ཁྱེད་རེད།

གཤོག་འོད།

ས་རུབས་རྗེས   ས་གཞི་མུན་པས་ཁེབས་སོང

ང་ལྷིང་འཇགས་ངང་ཁེར་དགོད་བྱས་པ་ཡིན

ཁྱོད་བགད་མྱོང་བ་དྲན་ནས་བགད་པ་ཡིན

གལ་ཏེ   གཞན་གྱིས་ལྐོག་ཉན་བྱས་ཚེ

ང་ནི་སྨྱོས་ཡོད་པར་ཡང་རློམ་སྲིད

མིན་ན་ཡོང་ནས་གསལ་བོ་ཞིག་འདྲི་སྲིད

ཡིན་ནའང་ཁྱོད་དྲན་ན་བདེ་སྐྱིད་ཅིག་ཡོད་པ་ང་ཁོ་ནའི་མྱོང་བྱ་ཡིན


མཚན་མོ་སླེབས་བྱུང       ཟླ་འོད་མི་འདུག

ཁྱི་སྐད་དང་ཆུ་སྒྲ་ཡོད     སྤྱང་ཀི་ངུ་བཞིན་འདུག

ཁྱི་ཡི་ལོར་སྒོ་ཁྱིས་རང་གི་ལས་འགན་ཕྲག་ཏུ་ཁུར་པ་རེད་བསམ

འོན་ཀྱང་ཆུ་བོའི་ང་རྒྱལ་གྱིས་ངའི་ལྷིང་འཇགས་དཀྲོགས་སོང

ངའི་སེམས་སུ་སྤྱང་ཀི་ནི་སྟོབས་ལྡན་གྱི་ཤ་ཟན་ཞིག་ཡིན་འདོད་མོད

དགའ་སྡུག་གི་ངོ་བོ་ཅི་ཡིན་མ་ཤེས་པའི་སྤྱང་ཀི་ལའང་ཁོ་ཆད


ཡང་བསྐྱར་འཁོར་ནས་ཁྱེད་ཀྱི་སར་ཐོན     ངའི་སེམས་སུ

ཁྱེད་ནི་ནང་སེམས་ཀྱི་གནས་ཡུལ་མཐར་ཐུག་དེ་ཡིན་པར་འདོད

དེ་ནས་བཟུང་ངས་མཚན་མོ་རེ་རེར་ཁྱེད་ཁོ་ནའི་གྲིབ་གཟུགས་བསྒོམས་པ་ཡིན


སྒོ་ཁྱིའི་ཟུག་སྐད་ཀྱི་ཆ་ཤས་རེ་རེ་ང་ཡིན

མུན་པའི་ནང་བཞུར་བའི་ཆུ་བོའི་ཤག་སྒྲ་ང་ཡིན

སྤྱང་ཀིས་ངུ་ཟུག་ཀྱང་ཐེ་ཚོམ་མེད་པར་ང་བྱས་ཆོག

དེ་དག་ཁྱེད་ཀྱི་གོ་ཐུབ་པའི་རྐྱེན་གྱིས

ངའི་སྐད་ཆ་དེ་དག་ཁྱི་སྐད་ཆུ་སྒྲ་ལས་ཐོས་ཐུབ


མུན་པའི་ནང་རླུང་བུ་ལྡང་བྱུང

སྡོང་ལོ་དག་སྔ་མོ་ནས་ལྷུང་ཟིན་ནའང

རླུང་བུས་ད་དུང་སྡོང་བོར་ཐུབ་ཚོད་གཏོང་བཞིན་པ་འདྲ

དེ་ལྟར    དྲན་གདུང་འདིས་ང་བཙོན་གྲོལ་ཐོབ་ཏུ་མི་འཇུག

                                      2018ལོར།


གལ་ཏེ།


ཁྱོད་ཀྱིས་ང་ལ་སྙིང་སྡུག་ཅིག་གི་ཐོབ་སྟེར་ན

ངས་ཁྱོད་ཚེ་གང་གི་འདུག་རོགས་ལ་གདམས


ཁྱོད་ཀྱིས་ང་རྩེད་ཆས་བྱེད་ན

ངས་ཁྱོད་ལ་དགའ་དུང་གི་ཚིག་གི་ཟུར་ཙམ་མི་འཆད

དེ་ནས་བཟུང་འུ་གཉིས་ཀྱི་ངོ་ཤེས་པའི་ལས་དབང

ཚར་ཟིན་པས    ཁྱོད་ཀྱིས་ང་ཨ་ལན་མ་བྱིན་ན་ཆོག


འཚོ་བ་ནི་མུ་འབྲེལ་ལེའུ་ཅན་གྱི་གློག་བརྙན་ཞིག་དང་མཚུངས

འུ་གཉིས་མུ་འབྲེལ་གློག་བརྙན་གྱི་མི་སྣ་བྱེད་མིན་ཁྱོད་ལ་ཐུག

སྐྱེ་བ་འདིར་ང་ཁྱོད་ལ་དགའ་མྱོང་བས

འུ་གཉིས་ཀྱི་ལས་དབང་གི་ཐག་སྣེ       ཁྱོད་ཀྱིས་བཟུང་ཡོད


ཁྱོད་ཀྱིས་འུ་གཉིས་ལ་ཡོད་མྱོང་བའི་དབྱར་གཞུང་ལྟ་བུའི་ཉི་མ་དག་དྲན་ནམ


བརྩེ་དུང་ནི་བྱིས་པ་ཞིག་དང་འདྲ

བྱིས་པ་དེར་ཕ་མ་གཉིས་ཀྱིས་བརྩེ་བ་ཐོབ་ན

དེའི་མ་འོངས་པའི་མཛེས་སྡུག་གི་མདུན་ལམ་ཅི་ཙམ་ཞིག་ཡག་ཨང

གལ་ཏེ      བྱིས་པ་དེར་ཨ་ཕ་མེད་ཚེ་མགོན་མེད་ནུས་ཆུང་ཞིག་ཡིན

ཡང་ན     སྙིང་སྡུག་ལགས    ཁྱོད་ཀྱིས་བསམ་མྱོང་ངམ

བྱིས་པ་དེ་ཨ་མ་མེད་ཚེ་ཉེས་པ་མེད་པར་དྭ་ཕྲུག་གི་སྐྱེ་བ་ལེན་དུ་འཇུག་དགོས

དེ་ལས་ཐོག་མ་ནས་བྱིས་པ་དེ་མ་སྐྱེས་ན་འགྲིག

                                     2018མཚན་མོར།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41692843
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1