སྟོང་སྐོར་དགོན་པའི་ཁྲི་ཟུར་ཞིག་གི་མཛད་རྗེས་སྐོར་ལ་བཅར་འདྲི།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »སྟོང་སྐོར་དགོན་པའི་ཁྲི་ཟུར་ཞིག་གི་མཛད་རྗེས་སྐོར་ལ་བཅར་འདྲི།
སྟོང་སྐོར་དགོན་པའི་ཁྲི་ཟུར་ཞིག་གི་མཛད་རྗེས་སྐོར་ལ་བཅར་འདྲི།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/4/13ལྟ་ཀློག (2308)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སྟོང་སྐོར་དགོན་པའི་ཁྲི་ཟུར་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་ཐར་སྐོར་དགེ་བཤེས་ཉི་མ་མཆོག་ལ་བཅར་འདྲི་བྱས་པ།


གསར་འགོད་པ་སྟོང་སྐོར་བློ་བཟང་སྦྱིན་པ།

དགེ་བཤེས་མཆོག་ལ་རྗེ་དཀོན་མཆོག་ལྷུན་གྲུབ་མཆོག་གི་སྐུ་ཚེའི་མཛད་འཕྲིན་སྐོར་གསུང་རོགས་ཞུ་ཞེས་རེ་བ་ཞུས་པ་ལ། དགེ་བཤེས་མཆོག་གིས། ངས་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་མཛད་པ་འཕྲིན་ལས་མང་པོ་ཤེས་མེད་ཀྱང་གང་ཤེས་པ་འགའ་ཞིག་མདོར་བསྡུས་ཤིག་བཤད་རྒྱུ་ཡིན་ཞེས་གསུངས།

དྲི་བ།    ཁྱེད་ཕྱི་རྒྱལ་དུ་མ་ཕེབས་གོང་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་མདུན་ནས་དངོས་སུ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་རྣམས་གསུང་ཆོས་ཞུ་མྱོང་བ་དེའི་སྐོར་དང་།   དམིགས་བསལ་གྱི་བསླབ་བྱ་ག་རེ་ག་རེ་གནང་མྱོང་དེའི་སྐོར་གསུང་རོགས་ཞུ་ཞེས་པ་ལ། 

ལན།    དཔལ་རྡོ་རྗེ་འཇིགས་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་བྲག་ཐོག་ནས་ཆུ་འཕྱོ་བ་ལྟར་གསུང་གིན་འདུག   དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་།  རྗེ་དཀོན་མཆོག་ལྷུན་གྲུབ་མ་གཏོགས་སྔགས་བླ་མེད་ཀྱི་སྐོར་དེ་འདྲ་ལེགས་པར་གསུང་མཁན་སྟོང་སྐོར་དགོན་དུ་ཡོད་ས་མ་རེད་བསམ། དམིགས་བསལ་གྱི་བསླབ་བྱ་ནི། ཁྱེད་ཅག་གྲོང་ཆོག་ལ་འགོ་མ་འཁོར་མཚན་ཉིད་ལ་བལྟ་དགོས་ཞེས་ཡང་ཡང་གསུངས་མྱོང་།

དྲི་བ།   བསྐྱེད་རྫོགས་འཆད་ཁྲིད་ཞུ་བའི་སྐབས་སུ་གསུངས་པ་རྣམས་དེང་སང་མ་བརྗེད་པར་ཅི་འདྲ་ཞིག་དྲན་ཡོད།

ལན།    དེའི་སྐབས་སུ་ང་ཆུང་ཆུང་ཡིན་པས་ཡག་པོ་ཤེས་ཀྱིན་མི་འདུག ཡིན་ནའང་དེང་སང་མ་བརྗེད་པར་ཡིད་ལ་བཟུང་ཡོད་པ་གཅིག་བཤད་ན། རང་ཉིད་ལྷར་སྒོམ་པའི་ཚེ་ཐ་མལ་པའི་སྣང་ཞེན་བཟློག་དགོས་ཀྱང་། རང་ཉིད་སོ་སྐྱེས་ཡིན་པར་སྣང་བ་དེ་བློ་དོན་མཐུན་ཡིན་པས་བཟློག་རྒྱུ་ཡོད་པ་མ་རེད། དེས་ན་བཟློག་དགོས་རྒྱུ་དངོས་ནི་རང་མཚན་གྱིས་གྲུབ་པའི་ཐ་མལ་པའི་སྣང་ཞེན་དེ་ཡིན་ཞེས་སོགས་གསུངས་པ་ལྟ་བུའི་འགའ་རེ་ད་ལྟར་དྲན་ཡང་དེ་རིང་དེའི་སྐོར་བཤད་རྒྱུ་དགོས་པ་ཆུང་དོགས་ནས་མི་བཤད།

དྲི་བ།   སྟོང་སྐོར་དགོན་པའི་གྲྭ་པ་རྒན་པ་ཚོས་དམ་པ་ཁོང་ནི་མདོ་སྔགས་གཉིས་ཀ་ལ་མཁས་ཙམ་མ་ཡིན་པར་ཉམས་ལེན་པ་ཞིག་ཡིན་པ་གསུངས་འདུག་དེའི་སྐོར་གསུང་རོགས་ཞུ། 

ལན།    བདེན་པ་རེད། དམ་པ་ཁོང་ནི་ངེས་པ་དོན་གྱི་མཁས་པ་ཞིག་རེད་འདུག  ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་བསམ་གཞིག་བྱེད་པ་ཡིན་ན།  རང་དབང་མེད་པར་ཡིད་སེམས་འཕྲོག་པ་ཞིག་རེད།   ང་རང་སྔོན་ནས་ད་ལྟའི་བར་དུ་དམ་པ་ཁོང་ལ་དད་པ་ཡོད་པ་ནི་འགྱུར་བ་གཏན་ནས་མི་འདུག མ་ཟད། དམ་པ་ཁོང་དང་ཇ་མཉམ་དུ་ཐེངས་གཅིག་འཐུང་ནའང་ཉིན་འགའ་རེར་སེམས་རྒྱུད་ཞི་ཞིང་དུལ་བ་འདྲ་ཞིག་རེད་རྒྱུ་ཡོད་པ་རེད།

དྲི་བ།    དཔེ་ཆ་བལྟ་དགོས་པའི་སྐོར་ལ་ཅི་འདྲ་གསུངས་མྱོང་ཡོད།  

ལན། དམ་པ་ཁོང་ནི་མདོ་སྔགས་གཉིས་ཀ་ལ་ངེས་པ་དོན་གྱི་མཁས་པ་ཡིན་ཡང་ད་དུང་ཐུགས་མ་ཚིམ་པར་སྐྱེ་བ་རྗེས་མར་མཁས་གྲུབ་རྗེ་ལྟ་བུའི་མཁས་པ་ཆེན་པོ་ཞིག་ཏུ་འགྱུར་འདོད་ན་མ་གཏོགས་སྐྱེ་བ་འདིར་སློབ་སྦྱོང་ལེགས་པོར་བྱེད་ཐུབ་མ་སོང་། ཞེས་དམ་པ་ཁོང་གིས་ཞལ་ནས་གསུངས་མྱོང་། དམ་པ་ཁོང་ནི་ངའི་རབ་བྱུང་དང་བསྙེན་རྫོགས་གཉིས་ཀའི་མཁན་པོར་གྱུར་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ངེད་ཀྱི་ངོས་ནས་ཀྱང་དམ་པ་ཁོང་ལ་དད་ལོག་གཅིག་ཀྱང་སྐྱེས་མྱོང་མེད། ད་དུང་བསམ་གཞིག་ཞིབ་ཏུ་བྱས་ན་ཡིད་ཆེས་ཇེ་ཆེ་རེད། ངའི་མི་ཚེའི་ནང་དུ་ཡི་རང་སྐྱེ་ས་ཞིག་དང་སྤྲོ་སྣང་འཕེལ་ས་ཡིན། ང་རང་རྒྱ་གར་དུ་ཡོད་པའི་ཚེ་འགའ་ཞིག་གིས་སྔར་དགེ་ཚུལ་དང་དགེ་སློང་བསྒྲུབས་ནས་ཡོད་པ་དེ་འགྲིག་མ་སོང་། ད་ལྟར་ཀུན་འདུས་རིན་པོ་ཆེའི་མདུན་ནས་བསྒྲུབ་འདོད་སྐྱེས་སོང་ཟེར་མཁན་ཡོད་ཀྱང་། ངའི་རྨི་ལམ་ནང་དུའང་དེ་འདྲའི་བློ་དྲན་མ་མྱོང་། དེ་མ་ཟད། ཉིན་ཞིག་ལ་བྱི་རུ་མདའ་མཚོ་བྱིན་ཚང་གི་མགོ་བྲག་སྐྱེས་ཟེར་བའི་རྒད་མོ་གཅིག་ཚེ་ལས་འདས་སྐབས་དམ་པ་ཁོང་དང་ངེད་ཅག་གྲྭ་པ་བཞི་ཡོད། སྐབས་དེར་སྤྲུལ་སྐུའི་མིང་ཡོད་མཁན་ཞིག་གིས་མེ་ཐུར་རྐང་གཅིག་གིས་དཀར་ཡོལ་ནས་འབྲུ་མ་གཅིག་ལ་བུ་ག་ཕིགས་ཡོད་པ་རེད་ཟེར་ནས་རྒད་པོ་ཞིག་གིས་སྐད་ཆ་བཤད་པ་མ་ཟད། དེ་འདྲའི་དཀར་ཡོལ་དང་ཕིགས་བྱེད་མེ་ཐུར་གཉིས་ཀ་མཉམ་དུ་དར་ཁ་གཅིག་གི་ཐོག་ཏུ་བཞག་ཡོད་པ་ངེད་ཅག་གིས་མཐོང་སོང་། དམ་པ་ཁོང་ལ་དེ་འདྲའི་རྒད་པོས་བྱ་བ་འདི་བྱེད་པ་པོ་སྤྲུལ་སྐུ་དེ་ཡག་པོ་རེད་དམ་ཞེས་དྲིས། དམ་པ་ཁོང་གིས་སྤྲུལ་སྐུ་དེ་ཡག་པོ་རེད་དྲན་ནས་ཧང་སང་གི་མི་འདུག   དེ་ལས་བསླབ་པ་སློབ་གཉེར་ཚུལ་བཞིན་དུ་བྱེད་མཁན་གྲྭ་པ་ཚོས་གྲྭ་པ་གཅིག་ཡོད་ན་དེའི་དགའ་རྒྱུ་རེད། དེ་ལ་ཧང་སང་གིན་ཡོད་པ་ཡིན་ཞེས་གསུངས་མྱོང་ཡོད་པ་རེད།

དྲི་བ།    དུས་དེར་དགེ་ཁྱོད་ལ་དགོངས་ཚོར་ཅི་འདྲ་ཞིག་སྐྱེས་སོང་། 

ལན།    ང་རང་ཆུང་ཆུང་ཡིན་པས་གནད་དོན་ཡག་པོ་ཤེས་རྒྱུ་མ་རེད། འོན་ཀྱང་། དམ་པ་ཁོང་གི་གསུང་དེ་ནི་བདེན་པ་རེད་བསམ།

དྲི་བ།    དམ་པ་ཁོང་སྤྲུལ་སྐུའི་སྐོར་ལ་དགོངས་ཚུལ་ཅི་འདྲ་ཡོད་མཁན་ཞིག་ཡིན་པ་རེད་ལགས། 

ལན།    ཚང་མ་ལ་དད་པ་དང་དག་སྣང་ཡོད་མཁན་ཞིག་ཡིན་མིན་ངས་མི་ཤེས་ཀྱང་། སྟོང་སྐོར་དགོན་པ་ལ་མཚོན་ན། སྤྲུལ་སྐུ་མང་པོ་ཕེབས་མྱོང་བར་དེའི་ནང་ནས་དམ་པ་ཚུལ་ཁྲིམས་རྒྱ་མཚོ་དམིགས་ཀྱིས་དགར་ནས་རྣམ་ཐར་དང་། དག་སྣང་སྐོར་མང་པོ་གསུངས་མྱོང་བར་ངེད་ཀྱིས་དྲན་འདུག

དྲི་བ།     སྐུ་ཞབས་ཚུལ་ཁྲིམས་རྒྱ་མཚོ་ཞེས་པ་དེ་སྐུ་ཕྲེང་གང་ཞིག་རེད།

ལན།    དེང་སང་ཞལ་བཞུགས་པའི་སྤྲུལ་སྐུ་འདི་བཅུ་གཅིག་པ་རེད། འདིའི་སྔོན་དུ་སྐུ་ཞབས་བྱམས་པ་རྒྱ་མཚོ་རེད། དེའི་སྔོན་དུ་ཚུལ་ཁྲིམས་རྒྱ་མཚོ་ཡིན་པས་སྐུ་ཕྲེང་དགུ་པ་རེད། དེ་དང་དགེ་བློ་བརྟན་གཉིས་ཀྱི་མཛད་སྤྱོད་ཀྱི་ཡོན་ཏན་རྣམས་དམ་པ་ཁོང་གིས་རྒྱུན་དུ་གསུང་གིན་ཡོད་པ་རེད། དེ་ནས། རྒྱ་གར་ལ་ངས་སློབ་གཉེར་བྱེད་པའི་ཚེ་ཉིན་ཞིག་ལ་རྗེ་དཀོན་མཆོག་ལྷུན་གྲུབ་སྐུའི་དགོངས་པ་རྫོགས་སོང་ཟེར་བའི་སྐད་ཆ་ས་གོ་མ་ཐག་ཏུ་ངས་སེར་སྨད་འདུས་ཁང་ནང་སྟོན་པའི་སྐུ་ཆེན་པོ་ཞིག་ཡོད་པ་དེའི་མདུན་དུ་མཆོད་མེ་གཅིག་ཕུལ་བ་ཡིན། དེ་ཡང་དམ་པ་ཁོང་གི་ཐུགས་ངོ་ལ་དེ་འདྲ་དགོས་རྒྱུ་མ་རེད་དེ། ཡིན་ནའང་རང་ཉིད་ལ་བསོད་ནམས་འཕེལ་བའི་ཆེད་དུ་ཡིན། ཡང་ངས་དྲན་རྒྱུ་གཅིག་ལ་དམ་པ་ཁོང་སྟོང་སྐོར་དགོན་པའི་མཁན་པོར་འཁོར་བའི་ཚེ་ཁོང་གིས། དགོན་པའི་ཚོགས་ལངས་བསྒྱུར་བཅོས་དགོས་ཞེས་མང་པོ་གསུང་བཞིན་ལག་བསྟར་ཀྱང་བྱས་ཡོད། དམ་པ་ཁོང་ནི་སྐུ་ན་ཆུང་དུས་སུ་གྲྭ་བ་གྲྭ་རྐྱང་ཡིན་པས་ཁོང་ལ་འཚོ་བའི་དཀའ་ངལ་མང་པོ་འཕྲད་མྱོང་ཡོད་པ་རེད། དེའི་རྐྱེན་གྱིས་དགོན་པའི་ཚོགས་ལངས་ལ་འབྱོར་བ་མང་པོ་གྲ་སྒྲིག་བྱ་མི་དགོས་ཞེས་དམ་པ་ཁོང་གིས་གསུངས་ཏེ་ཐབས་ཤེས་མང་པོ་གནང་ཡོད་ཀྱང་། ཆ་ཚང་འགྲུབ་ཐུབ་ཡོད་མ་རེད། སྤྱིར་བཏང་ངེད་ཅག་གྲྭ་པ་ཡིན་པའི་ཆ་ནས་འབྱོར་བའི་སྐོར་ལ་འགྲན་སྡུར་བྱེད་པ་ཡིན་ན། རྩ་བ་ཉིད་ནས་མི་འགྲིག་པ་ཐུགས་ལ་དགོངས་ནས་ཚོགས་ལངས་བསྒྱུར་བཅོས་དགོས་ཞེས་གསུངས་པ་རེད། 

དྲི་བ།     དེང་སང་དམ་པ་ཁོང་གི་ཐུགས་འདོད་ལྟར་ཚོགས་ལངས་བསྒྱུར་བཅོས་བྱས་ཡོད་དམ།

ལན།     ཡོད་པ་མ་རེད། དམ་པ་ཁོང་ཞལ་བཞུགས་སྐབས་འབྱོར་བའི་སྐོར་གྲ་སྒྲིག་ཆུང་དུ་བཏང་སྟེ་དཔེ་ཆ་ལ་སློབ་གཉེར་བྱེད་པ་ཧ་ཅང་གི་རྒྱ་ཆེ་རུ་གཏོང་བའི་ལུགས་སྲོལ་བྱས་ཡོད་ཀྱང་། ཉྭ་ཁྲིའི་མཁན་ཟུར་རྡོ་རྗེ་ཆོས་དབྱངས་དང་མཁན་ཟུར་བསོད་ནམས་མཐར་ཕྱིན་གཉིས་ཀྱི་རྗེས་སུ་བསྐོས་པའི་གྲྭ་ཚང་དགེ་བསྐོས་རྣམས་ཀྱིས་དམ་པ་ཁོང་གི་ཐུགས་དགོངས་ལྟར་ལག་བསྟར་བྱས་ཡོད་པ་མ་རེད།

དྲི་བ།     དེང་སང་དགོན་པའི་ཚོགས་ལངས་ནི་དམ་པ་ཁོང་གི་ཐུགས་དགོངས་ལྟར་གནས་ཡོད་དམ་ཟེར་བ་ལ།

ལན།      གནས་ཡོད་པ་མ་རེད། དེང་སང་དགོན་པའི་ཚོགས་ལངས་ལ་འབྱོར་བ་རྒྱ་ཆེན་པོ་དགོས་པ་མ་ཟད། རོགས་རམ་བྱེད་མཁན་མི་མང་པོ་མེད་ན་ངོ་ཚ་ཉོ་དགོས་པའི་ལུགས་སྲོལ་གནས་ཡོད་པ་རེད། ད་རུང་དགོན་པའི་ཚོགས་ལངས་པ་ཡིན་ཕྱིན་ཆད་དམིགས་བསལ་གྱི་དཔེ་ཆ་བལྟ་དགོས་པའི་ལུགས་སྲོལ་བཟང་པོ་གནས་ཡོད་མ་རེད། དེ་ཡང་གྲྭ་དམངས་རྣམས་སྔོན་མའི་ལུགས་སྲོལ་ལ་དགའ་ཞེན་ཆེ་དྲགས་པའི་རྐྱེན་གྱིས་ཡིན་ས་རེད་བསམ་བཞིན་ཡོད། མཇུག་མཐར་བཀྲ་ཤིས་བདེ་ལེགས་ཞུ།། །།

བོད་རྒྱལ་ལོ་༢༡༣༩ ཕྱི་ལོ་༢༠༡༢ བོད་ཟླ་བཅུ་པའི་ཚེས་བཅུ་ཉིན་ལབ་དགོན་དུ་གསར་འགོད་པ་བློ་བཟང་སྦྱིན་པས་བཅར་འདྲི་བྱས་པ་ཡིན། འདིས་ཀྱང་བསྟན་འགྲོ་ལ་ཕན་ཐོགས་པར་གྱུར་ཅིག དགེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དྷཱི་ཡིག སྤེལ་དུས:2019/6/20
རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41341143
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1