ཞྭ་ནག་པའི་བརྩམས་ཆོས་བདམས་བཀོད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »ཞྭ་ནག་པའི་བརྩམས་ཆོས་བདམས་བཀོད།
ཞྭ་ནག་པའི་བརྩམས་ཆོས་བདམས་བཀོད།
རྩོམ་སྒྲིག་པ།  དོ་དམ་པ། སྤེལ་དུས། 2018/4/16ལྟ་ཀློག (2418)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞྭ་ནག་པའི་བརྩམས་ཆོ་བདམས་བཀོད།

རྙི་ལས་ཤོར་བའི་གཞས།
(ཞར་བཀོད་གཅིག)
འདས་པའི་སྐར་འོད་འཚེར་བའི་ཡུལ་ལྗོངས་ཀྱི་ངོས་སུ།།
སེམས་ཀྱི་རྙི་ལས་ཤོར་བའི་རྟ་ཕོ་ཞིག་འདྲོགས་ནས།།
སྣང་བའི་རི་ལ་བྲིས་པའི་མེ་ཏོག་གི་ཚོམ་བུ།།
དྲན་པའི་ཆུ་བོའི་ནང་དུ་མདའ་མོ་བཞིན་འཕང་སོང་།།


ཚོར་བའི་རྨ་བྱ་འཕུར་བའི་བར་སྣང་གི་ཀློང་དུ།།
ལུས་ཀྱི་ཤ་ལས་ཆད་པའི་སྒྲོ་སྤུ་དག་འཐོར་ནས།།
སྟོན་པའི་སྐྱོ་གླུ་ལེན་སའི་གར་སྟེགས་ཀྱི་དཀྱིལ་དུ།།
བདག་དང་བདག་གིས་བྲིས་པའི་གཞས་ཚིག་དག་གྲུབ་སོང་།།


བྱིས་བློ་མེ་ཏོག་འདྲ་བའི་སྐྱེད་ཚལ་དེ་མེད་ཀྱང་།།
གཞོན་ལུས་མདའ་སྨྱུག་འདྲ་བའི་སྒེག་ཉམས་འདི་ཡོད་ན།།
མི་སེམས་རླུང་བུ་འདྲ་བོ་ངེས་མེད་དུ་གཡུག་པས།།
བདག་གི་གཞོགས་སུ་བཀུག་རྒྱུ་དེ་འདྲ་ཞིག་མི་དཀའ།།
                           
2018/4/7

ལས་མ་ལེགས་པའི་ཚིགས་བཅད།

ལོ་མ་དག་ཀྱང་རླུང་གི་ཁུར་རྗེས་བདག་ནི་དེ་གའི་གཞོགས་སུ་རྒྱུག།
རྨི་ལམ་ངོས་སུ་མེ་ཏོག་བཞད་དུས་ནམ་མཁར་འཕུར་བའི་བྱ་ཚོགས་ལ།།
སེམས་སུ་འཆར་བའི་ཨ་མའི་ཞལ་རས་དྲན་གྱིན་དྲན་གྱིན་མིག་ཆུ་སྤྲིངས།།
སྐྱོ་བ་ཁུར་བའི་ཁོ་བོའི་ལུས་ངག་རླུང་གིས་ཁྱེར་དང་ཙག་གིས་བསྡམས།།
 

ཕྱེ་མ་ལེབ་ཅིག་འཕུར་ཙམ་འཕུར་ཙམ་ཡིད་ཀྱིས་ཁ་དོག་རྐུ་བར་བྱས།།
ཆུང་དུས་བསྒྲིགས་པའི་རྩེ་རྡོ་དག་ཀྱང་ཆགས་དང་སྡང་དང་བཙན་གྱིས་མནར།།
ཟམ་ཁར་དཔྱངས་བའི་རུས་རྐང་ཞིག་ལ་འོད་དགུ་འབར་བའི་དངོས་གྲུབ་བསྩལ།།
དེ་དག་ཐམས་ཅད་རྟོག་ངོར་བྲིས་ལ་ཡིད་ངོར་ཕབ་པའི་རྨི༌ལམ་མོ།།
 

གློག་སྒྲོན་དག་གིས་མྱི་སྐད་བཤད་ཅིང་དེ་གའི་འོག་གི་དཔེ་དེབ་ལ།།
ཁོ་བོ་ཆགས་པས་སྙན་ངག་ཡིན་ཞེས་ཐ་སྙད་མང་ཞིག་བསྒྲིགས་བཞག་པས།།
རྡུལ་གྱིས་བསྐྲུན་པའི་དབྱངས་ཡིག་དེ་དག་གཙང་བོའི་ཁ་རུ་འཐོར་བ་ན།།
མེ་ལོང་ནང་གི་རྐུན་མ་ཞིག་ལ་ཤིན་ཏུ་སྐྱོ་བའི་མདང་ནུབ་ཡོད།།

     སྤྱི་ལོ༢༠༡༧/༡༢/༡༤ཉིན་ན་གཞོན་སྙན་ངག་པའི་ཚོམས།”དབྱངས་གསར་བའི་སྡེ”ཚང་གི་སྐབས་དང་པོའི་ནང་ཁུལ་འགྲན་བསྡུར་ཁྲོད་བོད་ཀྱི་དགེ་རྒན་ཆེན་པོའམ་སློབ་གསོ་བ་ཚ་ནག་ཀུན་བཟང་ལགས་ཀྱིས་དཔྱད་འདེམས་བྱས་པ་ལས་གྲྭ་གཞོན་སྙན་ངག་པ་ཞྭ་ནག་པ་ལགས་ཀྱིས་བརྩམས་ཆོས་”ལས་མ་ལེགས་པའི་ཚིགས་བཅད།“ཅེས་པ་ཨང་དང་པོ་རུ་བདམས་བཀོད་བྱས་པ་ལགས།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xum1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41129505
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1